Property:DescriptionTib

From Bodhicitta

This is a property of type Text.

Showing 20 pages using this property.
B
དུས་རབས་བཅུ་གཅིག་པར་བྱོན་པའི་རྒྱ་གར་གྱི་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པའི་<<བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ་>>འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་གི་དགོངས་པ་ཟབ་མོ་གསང་སྔགས་ཀྱི་ལུགས་སུ་བཀྲལ་བ་ཞིག་ཡིན། དེ་ཡང་འགྲེལ་པ་འདི་ཉིད་ཀྱི་དབུར། རྟོག་པ་ཐ་དག་ཀུན་ནས་སྤངས་པའི་སྟོན་པ་ཐུགས་རྗེ་ཅན་ལ་བཏུད་ནས། ང་རྒྱལ་དང་གྲགས་པའི་ཕྱིར་མིན་པར་དད་པས་བགྱིས་པ་ཡིན་ཅེས་གསུངས་པ་ནས་བཟུང་སྟེ་ལུས་ཡོངས་སུ་རྫོགས་པར་ཟབ་མོ་དབུ་མ་དང་གསང་སྔགས་ཀྱི་ཚུལ་གཉིས་ཟུང་འབྲེལ་གྱིས་བཤད་ཡོད། ལྷག་པར་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་འགྲེལ་པ་འདི་ཉིད་ཀྱི་གླེང་གཞིར། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེས་བསྔགས་པའི་སྒོ་ནས་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣལ་འབྱོར་ཕ་དང་མའི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཐབས་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པ་ལས། དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའི་མན་ངག་གི་ལུང་རྩ་བ་བསྟན་ཏོ། །ཞེས་གསུངས་པས། བསྟན་བཅོས་འདི་སྤྱིར་ཐེག་ཆེན་ཙམ་མིན་པར་ཟབ་མོ་གསང་སྔགས་ཉམས་སུ་ལེན་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱི་དོན་དུ་མཛད་པ་ཡིན་ཚུལ་གསལ་བཤད་མཛད་ཡོད།  +
བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་དང་། བྱང་སེམས་ལས་དང་པོ་པ་ལ་སྡོམ་པའི་ཚུལ་ཁྲིམས་གཙོ་བོ་ཡིན་པའི་ཕྱིར་ཡི་དམ་ལེན་པའི་ཆོ་ག། བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་པར་རྒྱལ་བས་མཛད་པའོ།།  +
བྱང་སྡོམ་ལེན་པའི་ཆོ་ག་མདོར་བསྡུས་འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་ཤིང་། འདི་ཡི་བོད་འགྱུར་ལས་རྒྱ་དཔེ་མེད། མཛད་པ་པོ་འཕགས་པ་ཀླུ་སྒྲུབ་ཡིན་པའི་དབང་དུ་བཏང་ན། འདི་ཕལ་ཆེར་བྱང་སྡོམ་འབོགས་ཆོག་གི་རིམ་པ་གསལ་བར་བཀོད་པའི་ཡིག་ཆ་སྔ་ཤོས་ཡིན་པར་མངོན།  +

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་རང་ཉིད་ཀྱིས་མཛད་པའི་བསྟན་བཅོས་<<བྱང་ཆུབ་ལམ་སྒྲོན་>>གྱི་དཀའ་བའི་གནས་གསལ་བར་མཛད་པའི་འགྲེལ་གཞུང་འདིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞི་སོ་སོའི་ཐར་པའི་སྡོམ་པ་གང་རུང་ཞིག་གི་རྟེན་ལ་ཕར་ཕྱིན་དྲུག་ཉམས་སུ་ལེན་དགོས་པ་དང་། སོ་ཐར་དང་ཕྱིན་དྲུག་གི་གཞི་བརྟན་པོར་བྱས་པའི་མཐར། འབྲས་བུ་གསང་སྔགས་ཀྱི་ལམ་ཉམས་སུ་ལེན་དགོས་པའི་ཚུལ་གསུངས་ཡོད།  +
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་<<བྱང་ཆུབ་ལམ་གྱི་རིམ་པ་>>ཞེས་བྱ་བའི་བསྟན་བཅོས་འདིར་ནང་པ་སངས་རྒྱས་པའི་ལམ་གྱི་སྔོན་འགྲོ་དལ་འབྱོར་རྙེད་དཀའ་ནས་འབྲས་བུ་རྣམ་མཁྱེན་བར་གྱི་ཉམས་ལེན་གྱི་རྣམ་པ་ཐ་དག་བསྡུས་ཡོད། ཨ་ཏི་ཤའི་སློབ་མ་འབྲོམ་སྟོན་པས་ཞལ་གདམས་འདི་དག་གཞན་ལ་གསང་ནས་སྣོད་ལྡན་གྱི་སློབ་མ་རེ་ཟུང་ལ་ལྐོག་ཆོས་སུ་གནང་བ་ལས་ཚོགས་ཆོས་མ་མཛད་པས། བརྒྱ་ཕྲག་འགའ་ཞིག་སྔོན་ལ་དུས་ཀྱི་འཕོ་འགྱུར་གྱིས་འབྲོམ་སྟོན་པ་ལས་བརྒྱུད་པའི་བཀའ་གདམས་པའི་བསྟན་པ་ཉམས་པའི་ཞོར་ལ་ཞལ་གདམས་འདི་དག་གི་བརྒྱུད་པ་ཡང་ནུབ་པར་གསལ་སོ།།  +
སློབ་དཔོན་མར་མེ་མཛད་ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་ནི། གཞུང་ལས། ཆུང་ངུ་འབྲིང་དང་མཆོག་གྱུར་པས། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །ཞེས་གསུངས་པ་བཞིན་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་རིམ་པ་ལ་དམིགས་ཏེ་གསུངས། དེས་ན་གཞུང་འདི་ནི་སྐྱེས་བུ་རིམ་གྱིས་པའི་ལམ་གྱི་གཞུང་ལུགས་མ་གཞིར་གྱུར། སྐྱེས་བུ་གསུམ་གྱི་ལམ་རིམ་གསལ་བར་བསྟན་པ་ལས། དང་པོ་སྐྱེས་བུ་ཆུང་ངུ་ནི། ཕ་རོལ་གྱི་ཚེའི་བདེ་བ་དོན་དུ་གཉེར་བ། སྡིག་པ་སྤོང་ཞིང་དགེ་བ་སྒྲུབ་པ་སྟེ་གཞུང་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་སྐྱེས་བུ་འབྲིང་ནི། འཁོར་བའི་སྡུག་བསྔལ་ལས་ཐར་པ་དོན་དུ་གཉེར་བ་སྟེ། གཞུང་ལས། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་པ་ལྟར་དེ་ལྟ་བུ་ནི་ཉན་རང་གཉིས་ཀྱི་གི་ལམ་མོ། །གསུམ་པ་སྐྱེས་བུ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་དོན་དུ་གཉེར་བ་སྟེ། གཞུང་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པ་བཞིན་བྱང་ཆུབ་སེམས་དཔའི་ལམ་མོ། །ཡང་གཞུང་འདིར་བླ་མ་དང་སྐྱབས་འགྲོ་ལ་བརྟེན་པ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་སྦྱངས་པ། ཐབས་ཤེས་ཟུང་འབྲེལ། ཕ་ཕྱིན་དྲུག་གི་ལམ། སྒྱུ་མ་དང་ཏིང་ངེ་འཛིན་གྱི་དོན་རྣམས་གསལ། གཞུང་འདི་ནི་གསང་ལྔོངས་སུ་བཀའ་གདམས་པའི་ལུགས་སྲོལ་དང་། ལམ་རིམ་གྱི་རྒྱུད་པར་གྲགས་པའོ། །གཞུང་དེ་ལ་ཤོ་ལོ་ཀ་རེ་བརྒྱད་བཞུགས་པ་དང་། བརྩམས་དགོས་དོན་ཡང་གཞུང་ལས། སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཞེས་གསུངས་པ་བཞིན་ནོ། །འདི་ནི་རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པ། ཆོས་འདི་ནི་ཞང་ཞུང་གི་ཐོ་ལིང་གཙུག་ལག་ཁང་དུ་མཛད་པའོ། །ཞེས་སོ། །  +

འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་འགྲེལ་པ་ནི་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེའི་ངོ་བོ་ཇི་ལྟར་སྒོམ་པའི་ཐབས་ལམ་རྒྱས་པར་བཤད་པའི་གཞུང་ངོ་། །གཞུང་འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་དང་། རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོར་བྱུང་བའི་གཞུང་ཚིག དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་དྲངས་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བཞིན། སེམས་ཅན་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་བཟླ་བའི་ཕྱིར། དུས་འདི་ནས་བཟུང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་ལམ་སྤྱོད་པ་རྣམས་ཀྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྟོབས་ཀྱིས་སེམས་བསྐྱེད་པར་བྱ་ཚུལ་གྱི་རང་བཞིན་བཤད། རྩ་བའི་དོན་སྙིང་ནི། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཏེ། སྨོན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ཇི་ལྟར་སྐྱེད་ཚུལ་གསལ། དེས་མ་ཟད་གཞུང་འདིར་སྙིང་རྗེ་ཆེན་པོ་སྒོམ་ཚུལ་དང་སེམས་ཅན་ལ་མཉམ་པར་འདུ་ཤེས་ཀྱིས་ལྟ་བའི་ཐབས་རྣམས་གསལ་བར་བསྟན། བདག་གཞན་བརྗེ་བའི་ལམ་དང་གཞན་དོན་དུ་བདག་གིས་སྡུག་བསྔལ་ལེན་པའི་ཐབས་ལམ་ཡང་བཤད། ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྟོང་པ་ཉིད་རྟོགས་དགོས་པ་གལ་ཆེ་བས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པས་སྙིང་རྗེ་དང་ཐབས་ཀྱི་སྤྱོད་པ་ཟུང་དུ་འཇུག་པར་འགྱུར་ཚུལ་གྱི་རྣམ་གཞན་རྣམས་གསལ། མདོ་མཚན་ཉིད་ཐེག་པ་དང་། སྔགས་ཀྱི་ཐེག་པ་གཉིས་ཀྱི་ལམ་ཉམས་སུ་ལེན་པའི་སྐབས་སེམས་བསྐྱེད་གཉིས་ཇི་ལྟར་སྐྱེད་ཚུལ་གྱི་སྐོར་གསལ། དེ་སྐད་གསལ་བ་ལྟར་སོ་སོའི་རྒྱུད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སར་བགྲོད་པར་གྱུར་པའི་རྒྱུ་གཅིག་པུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པའི་ཕན་ཡོན་དང་དགོས་པ། བྱང་ཆུབ་ཀྱི་སེམས་ཀྱི་གཉུག་མའི་རང་མདངས་ནི། གཞུང་ལས། རང་དང་གཞན་དོན་བསྒྲུབ་དོན་དུ། །སྲིད་ན་ཐབས་གཞན་ཡོད་མ་ཡིན། །བྱང་ཆུབ་སེམས་ནི་མ་གཏོགས་པར། །སངས་རྒྱས་ཀྱིས་སྔར་ཐབས་མ་གཟིགས། །བྱང་ཆུབ་སེམས་བསྐྱེད་ཙམ་གྱིས་ནི། །བསོད་ནམས་ཕུང་པོ་གང་ཐོབ་པ། །གལ་ཏེ་གཟུགས་ཅན་ཡིན་ན་ནི། །ནམ་མཁའ་གང་བ་ལས་ནི་ལྷག །སྐྱེས་བུ་གང་ཞིག་སྐད་ཅིག་ཙམ། །བྱང་ཆུབ་སེམས་ནི་སྒོམ་བྱེད་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཉོན་མོངས་མེད་པའི་རིན་ཆེན་སེམས། །འདི་ནི་ནོར་མཆོག་གཅིག་པུ་སྟེ། །ཉོན་མོངས་བདུད་སོགས་ཆོམ་རྐུན་གྱིས། །གནོད་མིན་འཕྲོག་པར་བྱ་བ་མིན། །ཇི་ལྟར་འཁོར་བར་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་སྨོན་ལམ་ནི། །མི་གཡོ་དེ་ལྟར་བློ་ཉིད་ནི། །བྱང་ཆུབ་སེམས་གཞོལ་རྣམས་ཀྱིས་བྱ། །ངོ་མཚར་གྱིས་ཀྱང་ཁྱེད་ཅག་གིས། །ཇི་ལྟར་བཤད་པ་ལ་འབད་ཀྱི། །དེ་རྗེས་ཀུན་བཟང་སྤྱོད་པ་ནི། །རང་ཉིད་ཀྱིས་ནི་རྟོགས་པར་འགྱུར། །ཞེས་གསལ། མཐར་འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་རྒྱུ་ལ་སྐྱེད་པའི་སྨོན་ལམ་གྱིས་མཚམས་སྦྱར་ཏེ་གཞུང་འགྲེལ་རྫོགས་པར་གནང་། དེ་ལ་ཤོ་ལོ་ཀ་བརྒྱ་དང་བཅུ་གཉིས་བཞུགས། གཞུང་གི་མཛད་བྱང་དང་འགྱུར་བྱང་ནི། བྱང་ཆུབ་སེམས་ཀྱི་འགྲེལ་པ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་གུ་ཎ་ཨཱ་ཀ་ར་དང་། ལོ་ཙཱ་བ་རབ་ཞི་བཤེས་གཉེན་གཉེན་གྱིས་བསྒྱུར་ཅིང་ཞུས། །སླད་ཀྱི་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝ་རྨ་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་པའོ། །ཞེས་སོ། །  
བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་ (སྡེ་ ༤༠༤༤) འདི་ནི། སློབ་དཔོན་ཡོན་ཏན་འོད་ (ཨེ་ཤུའི་དུས་རབས་ ༥པ་) ཀྱིས་མཛད་པ་ཡིན། ཁོང་ནི་སློབ་དཔོན་དབྱིག་གཉེན་གྱི་དངོས་སློབ་བམ་སློབ་བརྒྱུད་ཀྱི་སློབ་མ་གང་རུང་ཞིག་ཡིན་པར་མངོན་ནོ།།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་བསྡུས་ཏེ་སྟོན་པའི་བསྟན་བཅོས་འདི་ནི་སློབ་དཔོན་མཁས་པ་ཆེན་པོ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་རང་དགས་མིན་པར་རྒྱལ་བའི་གསུང་དྲི་མ་མེད་པ་དང་བླ་མའི་གདམས་ངག་ལ་བརྟེན་ནས་མཛད་པ་ཡིན། འདིར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་ཚད་དང་། མཆོད་ཕྱག་སོགས་ཡན་ལག་བདུན་པ་ལ་བརྟེན་ནས་ཉི་ཟླ་ལྟ་བུའི་བྱང་ཆུབ་ཀྱི་སེམས་གཉིས་བླང་ཚུལ་དང་། དེ་ལྟར་བླངས་པ་ལས་འབྱུང་བའི་ཕན་ཡོན་དང་། བྱང་སེམས་རིན་པོ་ཆེ་མི་ཉམས་པར་བསྲུང་ཞིང་ཡང་དག་པར་སྤེལ་ཚུལ་སོགས་བྱང་སེམས་ཀྱི་སྤྱོད་པའི་སྙིང་པོ་རྣམས་བསྡུས་ཏེ་བསྟན་པའོ།།  +
གཞན་དོན་དུ་རྫོགས་བྱང་དོན་གཉེར་བ་རྣམས་ཀྱི་ཉམས་ལེན་ལ་ཉེ་བར་མཁོ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོར་བསྡུས་གདམས་ངག་ཏུ་བྱས་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤེས་མཛད་པ་འདིར་ཐོག་མར་སྐྱབས་སེམས་སྔོན་དུ་བཏང་ནས་དངོས་གཞིའི་སྐབས། གཞན་དག་འདུལ་བར་བྱེད་པ་ལ་ཐོག་མར་ཐབས་དང་ལྡན་པའི་སྤྱོད་ལ་བརྟེན་ནས་རང་གི་སེམས་ཉིད་གདུལ་དགོས་པར་གདམས་པ་དང་། འདབ་ཤོག་མ་ཚང་བའི་བྱ་མཁའ་ལ་འཕུར་མི་ནུས་པ་ལྟར། ལྟ་སྤྱོད་མ་ཚང་བའི་གང་ཟག་དག་གྲོལ་མི་ནུས་པས་དེ་གཉིས་ལ་འབད་རྩོལ་ཆེན་པོ་དགོས་པར་གདམས་པ་དང་། ལྟ་བ་གཙོ་བོར་སྦྱངས་ཏེ་ཚུལ་ཁྲིམས་གཙང་མའི་གོས་གྱོན་ནས་ཆོས་ཀྱི་རྗེས་སུ་བསྒྲུབ་པའི་ཕྱིར་རྒྱུན་དུ་སྦྱོར་དངོས་རྗེས་གསུམ་གྱི་ལམ་རྣམས་དྲན་པས་ཟིན་པར་བྱ་དགོས་པར་གདམས་པ་དང་། མཐོ་དམན་ཀུན་ལས་ཉེས་པ་དོར་ཞིང་ལེགས་པ་བླང་བ་དང་། གཞན་གྱི་སྡིག་རྐྱེན་མི་བྱ་ཞིང་དགེ་བའི་བར་ཆད་མི་བྱ་བ་དང་། མཐོ་བ་ལ་ཕྲག་དོག་དམན་པ་ལ་བརྙས་ཐབས་མཉམ་པ་ལ་འགྲན་སེམས་སོགས་མི་བྱ་བ་དང་། འཇིག་རྟེན་ཆོས་བརྒྱད་སྤངས་ཏེ་བདག་གཞན་མཉམ་པའི་བློ་སྦྱང་དགོས་པར་གདམས་པ་སོགས། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོར་བསྡུས་དཔེ་དང་བཅས་གདམས་ངག་དུ་མཛད་པའོ།།  +
༈ འཕགས་པ་འཇམ་དཔལ་གྱིས་བསྩལ་བའི་མན་ངག་ལ་བརྟེན་ནས། སློབ་དཔོན་བློ་གྲོས་མི་ཟད་པས་སྤྱོད་པ་ལ་འཇུག་པ་འཁོར་ལོ་ལྟ་བུའི་ལམ་བྱ་བར་གསུངས་པ་དེ་ཉིད་བསྟན་བཅོས་འདིར། ཇོ་བོ་དི་པཾ་ཀ་ར་ཤྲཱི་ཛྙཱ་ནས་ (༩༨༢–༡༠༥༤) བླ་མ་གསེར་གླིང་པའི་དགོངས་པ་ཇི་བཞིན་བཀྲལ་ཡོད། འཁོར་ལོ་ལྟ་བུའི་ལམ་དེ་ཡང་བསྡུ་ན་གཉིས་ཏེ། མ་རིག་པ་ནས་རྒ་ཤིའི་བར་གྱི་རྟེན་འབྲེལ་ལུགས་འབྱུང་འཁོར་བའི་འཁོར་ལོ་དང་། སྲིད་པ་ཇི་སྲིད་བར་འགྲོ་བ་ཀུན་ལ་ཕན་པ་མཛད་པའི་ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད་པ་མྱ་ངན་ལས་འདས་པའི་འཁོར་ལོའོ།། འཁོར་བའི་འཁོར་ལོ་ལས་མྱ་ངན་ལས་འདས་པར་བགྲོད་པའི་ཐབས་ནི། ཤིང་རྟའི་འཁོར་ལོའི་དཔེ་ཡིས་བཤད་དེ། དེ་ཡང་དཔེར་ན་འཁྲུལ་ཐག་སྲོག་ཤིང་ལ་བཏགས་ནས་འཐེན་པས་འཁོར་ལོ་འཁོར་ཞིང་ས་གཅོད་པར་བྱེད་པ་ལྟར། སྤྱོད་འཇུག་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་སྲོག་ཤིང་དང་འདྲ་བ་དེ། འཁྲུལ་ཐག་འཐེན་པོ་དང་འདྲ་བའི་རྐྱེན་དགེ་བའི་བཤེས་གཉེན་གྱིས་འཐེན་པ་ན། སྤྱོད་འཇུག་ལེའུ་བཅུའི་བསམ་པ་དང་ལྷག་པའི་བསམ་པ་ལ་སོགས་པ་དོན་བཅུ་གཅིག་དག། འཁོར་ལོའི་རྩིབས་ལྟར་འཁོར་བས། ཉོན་མོངས་པ་མ་ལུས་པར་གཏུབ་ཅིང། ལམ་གོང་ནས་གོང་དུ་ས་གཅོད་ཚུལ་དཔེ་དོན་སྦྱར་ནས་གསུངས་ཡོད།  +
སློབ་དཔོན་མཁས་པ་ཆེན་པོ་ཀྲྀཥྞ་པས་(༨༥༠-༩༥༠)སྤྱིར་བསྟན་བཅོས་རྩོམ་པ་པོ་ལ་སྡེབ་སྦྱོར་ལྷུར་ལེན་པ་གཙོ་བོར་བྱེད་པ་ཞིག་དང་། ཕན་འདོགས་ལྷུར་ལེན་པ་གཙོ་བོར་བྱེད་གཉིས་ཡོད་པ་ལས། སློབ་དཔོན་ཞི་བའི་ལྷ་འདི་ཉིད་ཕན་འདོགས་ལྷུར་ལེན་པ་གཙོ་བོར་བྱེད་པ་ཡིན་ཚུལ་དང་། འགྲེལ་བྱེད་གཞན་གྱིས་སྤྱོད་འཇུག་གཞུང་གི་རྟོགས་དཀའི་གནས་ལ་དགོངས་ཚུལ་མ་ལོན་པར་གཟིགས་ནས་དཀའ་གནས་དེ་དག་སློབ་དཔོན་གྱི་དགོངས་པ་ལྟར་གཏན་ལ་དབབ་པའི་གཞུང་འདི་ལྟར་མཛད་པའོ།།  +
དཔལ་བཱི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་མཁས་པ་ཆེན་པོ་དགེ་སློང་བཻ་རོ་ཙ་ན་རཀྵི་ཏས་མཛད་པའི་དཀའ་འགྲེལ་འདི་ནི། སྤྱོད་འཇུག་ལེའུ་བཅུའི་རྟོགས་དཀའི་གནས་རྣམས། འགྲེལ་བྱེད་གྲགས་ཅན་གཞན་དག་གཞིར་བཟུང་གིས། དཀའ་གནས་ཐ་དག་ཚིག་ཚོགས་ཉུང་ངུས་གསལ་བར་བཀྲལ་བ་ཞིག་ཡིན།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་བཅུ་ལས་ཚིགས་བཅད་དག་འདེམས་སྒྲུག་གྱིས། གཞུང་དོན་ཡོངས་རྫོགས་ཉམས་ལེན་གྱིས་རྒྱུད་ཐོག་ལ་སྦྱར་ཚུལ་སྟོན་པའི་གནད་ཀྱི་མན་ངག་བཅུ་གཉིས་བཤད་པ་ཞིག་ཡིན།  +
འགྲེལ་པ་འདིར། སྤྱོད་འཇུག་གི་རྩ་ཚིག་ཏུན་ཧོང་མ་གཞིར་བཟུང་ཐོག། ལེའུ་བརྒྱད་པ་ཤེས་རབ་དང་དགུ་པ་བསྔོ་བའི་ལེའུ་གཉིས་ཀྱི་དཀའ་བའི་གནས་རྣམས་མདོ་སྣ་ཚོགས་ནས་དྲངས་པའི་ལུང་དང་རིགས་པ་ལ་བརྟེན་ཏེ་གསལ་བར་བཀྲལ་ཡོད། འགྲེལ་པའི་མཚན་ལ་སྐབས་འགར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ (Bodhisattvacaryāvatāravivṛtti) ཞེས་ཀྱང་གསོལ་ཡོད། འགྲེལ་བྱེད་ཀྱི་མཚན་ནི་གཞུང་དུ་མི་གསལ་ལོ།།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལེགས་པར་སྦྱར་བ་འདིར་སློབ་དཔོན་པོན་དགེ་བའི་ལྷས། རང་དང་རང་འདྲའི་སྐྱེ་བོ་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཡན་ལག་རྣམས་ལ་འཇུག་བདེ་བའི་ཕྱིར། ལེའུ་བཅུ་པོའི་ཚིག་དོན་རྣམས་གསལ་བའི་ངག་གིས་ལེགས་པར་སྦྱར་ཡོད།  +
སྤྱོད་འཇུག་གི་རྣམ་བཤད་དཀའ་འགྲེལ་འདིར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་གི་དོན་རྣམས་བསླབ་པ་ཀུན་ལས་བཏུས་པ་ལ་བརྟེན་ནས་བཤད་ཅིང་། ལེའུ་དང་པོའི་འགོར། སློབ་དཔོན་འཕགས་པས་རྩ་བ་ཤེས་རབ་ཀྱི་ཐོག་མར། བསྟན་བཅོས་རྩོམ་པ་མཐར་ཕྱིན་པར་བྱ་བ་དང་། ཉན་པ་པོ་དང་འཆད་པ་པོ་རྣམས་ཀྱི་ཉན་པ་དང་བཤད་པ་མཐར་ཕྱིན་པར་བྱ་བ་དང་། བསྟན་བཅོས་ལ་འཇུག་པའི་ཡན་ལག་ཏུ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་སོགས་མཆོད་བརྗོད་ཚིགས་སུ་བཅད་པ་གསུངས་པའི་དོན་འགྲེལ་དང་། ལེའུ་གཉིས་པ་དང་གསུམ་པ་གཅིག་ཏུ་བྱས་པས་གཞུང་ཚད་ལེའུ་དགུར་བྱས་ཤིང་། བསྔོ་བའི་ལེའུ་གོ་བདེའི་དབང་དུ་མཛད་དེ་ མཚན་སྨྲོས་ཙམ་ལས་འགྲེལ་བཤད་མེད།  +