Property:DescriptionTib
From Bodhicitta
This is a property of type Text.
B
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་བཅུ་ལས་ཚིགས་བཅད་དག་འདེམས་སྒྲུག་གྱིས། གཞུང་དོན་ཡོངས་རྫོགས་ཉམས་ལེན་གྱིས་རྒྱུད་ཐོག་ལ་སྦྱར་ཚུལ་སྟོན་པའི་གནད་ཀྱི་མན་ངག་བཅུ་གཉིས་དང་། དེ་དག་ལས་འཕྲོས་པ་སོ་དྲུག་བཤད་པ་ཞིག་ཡིན། +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྨོན་ལམ་ཞེས་པ་འདི་ནི་དོན་དུ་སློབ་དཔོན་ཆེན་པོ་ཞི་བའི་ལྷའི་སྤྱོད་འཇུག་གི་ལེའུ་བཅུ་པ་ཡིན། དེ་ཉིད་འཆར་ཅན་སྨོན་ལམ་གྱི་ཚུལ་དུ་འདོན་སྲོལ་ཡོད་པས་འདིར་ཟུར་དུ་ཕྱུང་སྟེ་འགྲེམ་སྤེལ་བྱས་པའོ།། +
<<བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པའི་དོན་བསྡུས་པ་>>འདི་སློབ་དཔོན་རཱ་ཧུ་ལ་བྷ་དྲ་ཞེས་པས་མཛད་ཅེས་གསལ་ཡང་ཁོང་སུ་ཡིན་ཏིག་ཏིག་བཤད་དཀའ། རཱ་ཧུ་ལ་བྷ་དྲ་དབུ་མའི་སྲོལ་བྱེད་འཕགས་པ་ཀླུ་སྒྲུབ་ཀྱི་བླ་མ་ཡིན་པ་དང་། ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པ་དང་། སློབ་དཔོན་འཕགས་པ་ལྷའི་བརྒྱུད་འཛིན་ཡིན་པ་སོགས་བཤད་སྲོལ་སྣ་ཚོགས་ཡོད་ལ། བྲམ་ཟེ་ཆེན་པོ་ས་ར་ཧའི་མཚན་ལ་ཡང་རཱ་ཧུ་ལ་བྷ་དྲ་ཞེས་འབོད་སྲོལ་ཡོད་པས་སུ་ཡིན་ངེས་དཀའ་ན་ཡང་། <<བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་>>བསྟན་འགྱུར་དུ་དབུ་མའི་སྡེ་ཚན་དུ་བཞག་ཡོད་པས། དེའི་རྒྱུ་མཚན་གྱིས་རཱ་ཧུ་ལ་བྷ་དྲ་ཀླུ་སྒྲུབ་དང་འཕགས་པ་ལྷ་དང་འབྲེལ་བ་ཞིག་ཡིན་སྲིད་བསམ་ཡང་། ཁུངས་ལྷག་པོ་མེད་པས་ཚིགས་ཐག་ཆོད་པོས་བརྗོད་དཀའ། གང་ལྟར་ཡང་རཱ་ཧུ་ལ་བྷ་དྲས་མཛད་པར་གྲགས་པའི་དོན་བསྡུས་འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉིན་རེ་བཞིན་ཉམས་སུ་ལེན་བྱའི་ཀུན་སློང་དང་ཀུན་སྤྱོད་རྣམས་གདམས་ཡོད། ཉམས་ལེན་དེ་ལྟའི་མིགས་ཡུལ་གཙོ་བོ་ནི་བདག་གཞན་གཉིས་ཀའི་ཀུན་སློང་དང་ཀུན་སྤྱོད་དག་པར་བྱ་བ་ཡིན་པར་གསལ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པ་ཞེས་མཚན་བྱང་དུ་གསལ་བ་ལྟར། མདོ་འདི་ཐེག་ཆེན་དུ་གཏོགས་པ་ཆེས་གསལ་ཞིང་། འདིར་བཤད་པའི་བྱང་ཆུབ་སེམས་དཔའི་ཉིན་རེའི་ཀུན་སྤྱོད་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་བཀའ་བསྟན་སྤྱི་ལས་ཅུང་དམིགས་བསལ་བ་ཡོད་པར་སྣང་ངོ་།། +
མདོ་འདི་ཡི་མཚན་གཞན་ལ་<<འཕགས་པ་བདེན་པ་པོའི་ལེའུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་>>ཞེས་ཀྱང་བྱ་ཞིང་། ཐེག་པ་ཆེན་པོའི་མདོ་སྔ་མོ་ཚད་འབྲིང་པོ་ཞིག་ཡིན། འདི་ཡི་བརྗོད་བྱ་གཙོ་བོ་སྟོན་པའི་གསུང་ལས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཡིན་ཅིང་དེ་ཡང་རྒྱལ་སྲིད་སྐྱོང་ཐབས་སོགས་དང་སྦྲེལ་ནས་གསུངས་ཤིང་། དེ་ལྟ་བུའི་རྒྱལ་བའི་གསུང་རིན་པོ་ཆེ་དག་ནི་རང་ཅག་རྣམས་ཀྱི་བློ་མཛོད་དུ་གཟུད་པར་བྱ་བའི་ནོར་བུ་རིན་པོ་ཆེ་ཡིན། མདོ་འདི་ཡི་ཚིགས་གསལ་ཞིང་དོན་ཟབ་པ་དང་། དཔེ་གསལ་ཞིང་ཡིད་དུ་འོང་བ་སྣ་ཚོགས་བཀོད་པ་དེ་དག་གིས་ཆོས་དགེ་བ་བཅུ་ནས་རྒྱལ་བ་སྲས་དང་བཅས་པའི་དམིགས་མེད་སྙིང་རྗེ་བར་གྱི་ལམ་གྱི་རིམ་པ་དག་དང་། ཀུན་རྫོབ་རྒྱུ་འབྲས་ཀྱི་རྣམ་གཞག་དང་། དོན་དམ་བློ་དང་སྒྲ་ཡི་སྤྱོད་ཡུལ་ལས་འདས་པའི་གནས་ལུགས་རྣམས་གསལ་བར་བཤད་ཡོད། མདོར་ན་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་མངོན་དུ་བྱ་བའི་ཕྱིར་དུ་སྦྱིན་པ། ཚུལ་ཁྲིམས། བཟོད་པ་གསུམ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་གསོག་ཚུལ་དང་། བསམ་གཏན་དང་། ཤེས་རབ་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་གསོག་ཚུལ་གསལ་བར་བསྟན་ཡོད། +
བསྟན་བཅོས་འདི་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པར་གྲགས། བོད་ཀྱི་བསྟན་འགྱུར་དུ་ (པར་ཨང་ ༣༩༥༡) འདི་རང་རྐང་གི་བསྟན་བཅོས་ཤིག་ཡིན། ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་བལ་ཡུལ་ནས་བྷངྒ་ལའི་རྒྱལ་པོ་ནིརྱ་ཕ་ལ་ལ་བརྫངས་པའི་བསྟན་བཅོས་ <<དྲི་མ་མེད་པ་རིན་པོ་ཆེའི་སྤྲིང་ཡིག་>>(པར་ཨང་ ༤༡༨༨) ཏུ་བསྟན་བཅོས་འདི་ཡི་ཆ་ཤས་ཕལ་ཆེར་དྲངས། རྒྱུ་མཚན་དེས་འདི་འབྲོམ་སྟོན་པས་ཇོ་བོ་རྗེའི་གསུང་ལས་བཏུས་པ་ཞིག་ཡིན་ངེས་ཞེས་དཔའ་བོ་གཙུག་ལག་ཕྲེང་བས་<<ཆོས་འབྱུང་མཁས་པའི་དགའ་སྟོན་>>(ཤོག་གྲངས་ ༧༠༩) དུ་གསུངས། +
བསྟན་བཅོས་ཚིགས་སུ་བཅད་པ་མདོར་བསྡུས་པ་འདི་ནི། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་ཞུས་པའི་ངོར། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲས་མཛད་ཅིང་། ལོ་པཎ་དེ་གཉིས་ཀྱིས་རྒྱང་རོས་ལུའི་གཙུག་ལག་ཁང་དུ་བོད་སྐད་དུ་བསྒྱུར་བ་ཡིན། བསྟན་བཅོས་འདིར་དགེ་བའི་བཤེས་གཉེན་བསྟེན་ཚུལ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག། ལས་རྒྱུ་འབྲས། གང་ཟག་གི་བདག་མེད། ཆོས་ཀྱི་བདག་མེད། བྱང་ཕྱོགས་སོ་བདུན་དང་སྟོང་ཉིད་ཀྱི་ལྟ་བ་སོགས་བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་གཞག་དག་དག་བསྡུས་པར་བཤད་ཡོད། +
མདོ་འདིར་སྟོན་པ་བཅོམ་ལྡན་འདས་ཀྱིས་མི་དང་མི་མ་ཡིན་པའི་གདུལ་བྱ་དག་ལ་ཆོས་ཀྱི་གསུང་གླེང་མཛད་པ་དང་། འདས་པའི་སངས་རྒྱས་དུ་མའི་རྣམ་ཐར་བརྗོད་པའི་སྒོ་ནས། བྱང་སེམས་ཀྱིས་བསླབ་པར་བྱ་བའི་ལྟ་བ་དང་སྤྱོད་པ་རྒྱ་ཆེར་གསུངས་པ་དེ་དག་གིས་རང་ཅག་རྣམས་ལ་ངེས་འབྱུང་དང། ཚད་མེད་བཞི་དང་། བྱང་ཆུབ་ཀྱི་སེམས་དང་། ཕར་ཕྱིན་དྲུག་སོགས་པའི་བརྗོད་བྱ་རྣམས་རིམ་བཞིན་བཤད་ཡོད། མདོ་འདིར་བཞུགས་འདས་པའི་སངས་རྒྱས་དུ་མའི་རྣམ་ཐར་གྱི་ཁྲོད་དུ་སངས་རྒྱས་མར་མེ་མཛད་ཀྱིས་བྲམ་ཟེ་མེ་གྷ་མ་འོངས་པའི་སངས་རྒྱས་ཤཱཀ་ཐུབ་ཏུ་ལུང་བསྟན་པའི་ལོ་རྒྱུས་དེ་ཡང་ཚུད་ཡོད། +
ཐེག་པ་ཆེན་པོའི་མདོ་འདིར། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པའི་རྣམ་པའི་བྱ་བ་ནི་གང་། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བདེན་པར་སྨྲ་ཞིང་ཡང་དག་པར་སྨྲ་བས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་པ་ལགས་ཞེས་དྲིས་པས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱིར་བྱང་ཆུབ་སེམས་དཔའི་ཀུན་སློང་དང་ཀུན་སྤྱོད། ཐོས་པ་དང་བསམ་པ། འཆད་པ་དང་ཉན་པ་དང་། བྱེ་བྲག་ཏུ་སྦྱིན་པ་དང་བརྩོན་འགྲུས་དག་ལ་ཆོས་བཞི་དང་ལྡན་པའི་སྒོ་ནས་བསླབས་པས་ས་ལམ་གྱི་ཡོན་ཏན་རབ་ཏུ་རྫོགས་ཏེ་མྱུང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཚུལ་བཀའ་བསྩལ་ཡོད། +
བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བཏུས་པའི་བྱང་སྡོམ་གཟུང་ཆོག་བསྡུས་པ་འདི་ནི། སྤྱི་ལོའི་དུས་རབས་ ༡༡-༡༢ པར་བྱོན་པའི་རྒྱ་གར་གྱི་མཁས་པ་ཆེན་པོ་ཨ་བྷྱཱ་ཀ་ར་གུཔྟས་མཛད་ཅིང་། ཁོང་ནི་ནང་པའི་གསང་སྔགས་ཀྱི་གཞུང་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པར་མངོན། +
བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བཏུས་པའི་བྱང་སྡོམ་གཟུང་ཆོག་བསྡུས་པ་འདི་ནི། སྤྱི་ལོའི་དུས་རབས་ ༡༡-༡༢ པར་བྱོན་པའི་རྒྱ་གར་གྱི་མཁས་པ་ཆེན་པོ་ཨ་བྷྱཱ་ཀ་ར་གུཔྟས་མཛད་ཅིང་། ཁོང་ནི་ནང་པའི་གསང་སྔགས་ཀྱི་གཞུང་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པར་མངོན། +
ཁྱིམ་པའམ་རབ་ཏུ་བྱུང་བས་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་ལེན་ཆོག་འདི་ནི་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་བྱང་ཆུབ་བཟང་པོས་མཛད་ཅིང་། ཁོང་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བླ་མ་གཙོ་བོ་ཞིག་ཡིན་པར་གྲགས། +
ཁྱིམ་པའམ་རབ་ཏུ་བྱུང་བས་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་ལེན་ཆོག་འདི་ནི་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་བྱང་ཆུབ་བཟང་པོས་མཛད་ཅིང་། ཁོང་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བླ་མ་གཙོ་བོ་ཞིག་ཡིན་པར་གྲགས། +
སློབ་དཔོན་ཐོགས་མེད་ཀྱིས་བཛད་པའི་<<བྱང་ཆུབ་སེམས་དཔའི་ས་>>ལས་བཅུ་པ་ཚུལ་ཁྲིམས་ཀྱི་ལེའུའི་སྙིང་དོན་ཐ་དག་ཚིགས་སུ་བཅད་པ་ཉི་ཤུར་བསྡུས་པའི་བསྟན་བཅོས་འདིར། བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པ་རྣམས་ཀྱིས་བསླབ་པར་བྱ་བའི་ཚུལ་ཁྲིམས་ཀྱི་གནད་དོན་གཙོ་བ་རྣམས་འཁོད་ཡོད། མཛད་པ་པོ་སློབ་དཔོན་ཙན་དྲ་གོ་མི་ཡིན། +
སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་<<བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ་>>འདི་ནི་དཔལ་ན་ལེནྡྲའི་མཁས་པ་ཆེན་པོ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ་ཡིན། ཁོང་ནི་མཉམ་མེད་ཇོ་བོ་རྗེའི་བླ་མ་རྩ་ཆེན་ཞིག་ཀྱང་ཡིན་པར་གསལ། +
སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་<<བྱང་ཆུབ་སེམས་དཔའི་ས་>>ལས་བཅུ་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུའི་བཤད་པ་(སྡེ་དགེ་པར་མ་ཨང་ ༤༠༤༥) འདི་ནི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཡོན་ཏན་འོད་ཀྱིས་མཛད་པའོ།། +
སློབ་དཔོན་ཛི་ན་པུ་ཏྲས་མཛད་པའི་<<བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུའི་ཊཱིཀཱ་>>(སྡེ་དགེ་པར་མའི་ཨང་ ༤༠༤༦ པ་) ཞེས་པ་འདི་ནི། སློབ་དཔོན་ཡོན་ཏན་འོད་ཀྱིས་བྱང་སའི་ <<བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུའི་བཤད་པ་>>མཛད་པ་དེ་ཉིད་ཀྱི་རྒྱས་བཤད་ཅིག་ཡིན་པར་གསལ་ལོ།། +
<<བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ་>>ཞེས་བྱ་བའི་ཉིན་རེའི་ཉམས་ལེན་གྱི་ཁྲིད་ཡིག་མཉམ་མེད་ཇོ་བོ་རྗེས་མཛད་པ་འདིར། ཐོག་མར་མཚན་ལྡན་གྱི་བླ་མ་བསྟེན་ནས་འགྲོ་བ་མཐའ་ཡས་པ་ཡུལ་དུ་བྱས་ཏེ་བསམ་པ་བཟང་པོས་བླ་མེད་བྱང་ཆུབ་ཆེན་པོར་སེམས་ཐུན་མོང་མ་ཡིན་པ་བསྐྱེད་པ་དང་། ལྷག་བསམ་བཟང་པོས་གཡོ་སྒྱུ་དང་བྲལ་བའི་འཇུག་པ་བྱང་ཆུབ་ཀྱི་སེམས་ཆེན་པོས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ལེགས་པ་བླངས་ཏེ། མཆོད་ཕྱག་སྐྱབས་འགྲོ་སྡིག་བཤགས་སོགས་ཡན་ལག་བདུན་པ་དང་། སེམས་རྩེ་གཅིག་ཏུ་གནས་པའི་ཞི་གནས་དང་། ལྷག་མཐོང་བདག་མེད་རྟོགས་པའི་ཤེས་རབ་དང་། ཟས་ལ་ཆ་བཞིར་བགོས་ཏེ་ཆ་དང་པོ་བླ་མ་དང་མཆོག་གསུམ་ལ་དབུལ་བ་དང་། ཆ་གཅིག་རང་ཉིད་ཀྱིས་ལོངས་སྤྱད་པ་དང་། ཆ་གཅིག་བྱིས་པ་དང་མགོན་མེད་དག་ལ་སྦྱིན་པ་དང་། ཆ་གཅིག་ཁྱི་དང་བྱ་རོག་སོགས་བྱོལ་སོང་ལ་སྦྱིན་པ་སོགས་བྱང་སེམས་ལས་དང་པོ་པའི་ལམ་རིམ་གྱི་ཉམས་ལེན་རྣམས་ཉིན་རེ་བཞིན་ཐུན་དྲུག་ཏུ་བྱས་ཏེ་རྣལ་འབྱོར་དུ་བྱེད་ཚུལ་གསལ་བར་གསུངས་ཡོད། +
ལེགས་སྦྱར་གྱི་ཐ་སྙད་“བོ་དྷི་སཾ་བྷཱ་ར་”ཞེས་པ་དེ་ཐད་སྒྱུར་བྱས་པས་“བྱང་ཆུབ་ཀྱི་ཚོགས་སམ་ཡོ་བྱད་”ཅེས་པར་འགྱུར་བས། དོན་དུ་བྱང་ཆུབ་མངོན་དུ་བྱ་བ་ལ་ཉེ་བར་མཁོ་བའི་རྒྱུ་ཚོགས་ལ་གོ་ཞིང་། བྱང་སེམས་ལམ་དུས་རྒྱུ་ཚོགས་རྒྱ་ཆེར་བསགས་པས་འབྲས་བུ་སངས་རྒྱས་ཀྱི་ས་ལ་ཚོགས་ཀྱང་མུ་མཐའ་མེད་པར་འགྱུར་བར་གསུངས། དེ་ལྟ་བུའི་ཚོགས་ལ་ཡང་སྦྱིན་སོགས་ཕར་ཕྱི་སྔ་མ་བཞིས་བསྡུས་པའི་བསོད་ནམས་ཀྱི་ཚོགས་དང་། ཕར་ཕྱིན་ཕྱི་མ་གཉིས་ཀྱིས་བསྡུས་པའི་ཡེ་ཤེས་ཀྱི་ཚོགས་གཉིས་ཡོད། ཟབ་མོ་དབུ་མའི་སྲོལ་བྱེད་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་བསྟན་<<བྱང་ཆུབ་ཀྱི་ཚོགས་>>ཞེས་པ་འདིར་ཡང་ཚོགས་གཉིས་ཀྱི་རྣམ་གཞག་རྒྱས་པར་གསུངས་ཤིང་། དེང་སང་འདི་ཡི་མ་དཔེ་སྤྱི་ལོ་ ༦༠༩ ལོར་བྱོན་པའི་སློབ་དཔོན་དྷརྨ་གུཔྟས་རྒྱ་ནག་གི་སྐད་དུ་བསྒྱུར་བ་<<པུའུ་ཏིའི་ཙིའི་ལིའང་ལུན་>> (བྱང་ཆུབ་ཀྱི་ཚོགས་ཀྱི་བསྟན་བཅོས་) ཞེས་པ་དེ་ཙམ་ལས་མི་བཞུགས། ཚོགས་གཉིས་པོ་འདི་དག་བསྐྱེད་ཅིང་སྤེལ་བའི་སྒོ་ནས་བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་དུ་གོམས་པས་མ་གཏོགས་བྱང་ཆུབ་མངོན་དུ་བྱ་བའི་ཐབས་གཞན་མེད་པ་དང་། སྙིང་རྗེ་ཤེར་ཕྱིན་གྱི་ཡུམ་ཡིན་པས་མེད་དུ་མི་རུང་བ་ཡིན་ཚུལ་འཕགས་པས་བསྟན་བཅོས་འདིར་རྒྱ་ཆེར་གསུངས་ཡོད། དེ་བཞིན་ཤེར་ཕྱིན་གྱི་མདོར་བསྔོ་བ་དང་རྗེས་སུ་ཡིད་རངས་ཀྱི་ངོ་བོར་གྱུར་པའི་ཚོགས་བསག་པ་ཡང་འབྲས་བུ་མངོན་བྱ་བར་མེད་དུ་མི་རུང་བར་གསུངས་ཡོད། +
སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་<<བྱང་ཆུབ་འབྱུང་བའི་སྨོན་ལམ་>>ཞེས་པ་འདིར་ཡན་ལག་བདུན་པ་སྔོན་དུ་བཏང་ནས། དངོས་གཞིར་བདག་གཞན་གཉིས་ཀའི་ཉོན་མོངས་བསལ་ཏེ་རྒྱལ་བའི་གདུང་བསྐྱེད་པའི་ཕྱིར་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང། ཕྱོགས་དུས་ཀུན་གྱི་རྒྱལ་བ་སྲས་དང་བཅས་པ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བསླབ་པ་གསུམ་བླངས་ཏེ་གཟུང་བར་དམ་བཅས་ནས། དེ་ལས་འབྱུང་བའི་བསོད་ནམས་ཀྱིས་སེམས་ཅན་ཐམས་ཅད་སྒྲིབ་བྲལ་ཡོན་ཏན་རྫོགས་པའི་ཀུན་མཁྱེན་དུ་འགྱུར་བ་དང་། རང་ཉིད་ཀྱང་ཀུན་ཏུ་སྙིང་རྗེ་དང་ལྡན་ཅིང་། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་གཟུངས་ཀྱིས་འགྲོ་བ་ཀུན་ལ་ཕན་པའི་ཆོས་ཀྱི་མཚན་ཉིད་ཇི་བཞིན་དུ་རྟོགས་ནས། བསྡུ་བ་བཞིས་བསྡུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་ས་རྣམས་སྦྱངས་ཤིང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་ཤིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་སངས་རྒྱས་གྱུར་ནས། རང་ཉིད་མཐོང་ཐོས་རེག་དྲན་ཙམ་གྱིས་འགྲོ་ཀུན་གྱི་སྡུག་བསྔལ་ཞི་བར་བྱེད་ནུས་པ་དང་། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཐམས་ཅད་སྲོག་ཆགས་ཀུན་ལ་བདེ་བའི་རྒྱུར་འགྱུར་བར་སྨོན་ལམ་འདེབས་ཚུལ་བསྔོ་དང་བཅས་པ་གསལ་བར་བསྟན་ཡོད། +
<<བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ་>>ཞེས་པ་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཕུང་པོ་གསུམ་པའི་མདོའི་འགྲེལ་པ་ཞིག་ཡིན། འདིར་ལྟུང་བཤགས་ཀྱི་ལྷ་སོ་ལྔ་དང་འབྲེལ་བའི་སྒྲུབ་ཐབས་ཀྱི་འབྱུང་ཁུངས་དང་། ལྷ་སོ་ལྔ་པོ་རེ་རེར་ཕྱག་དང་ལྷ་སོ་སོའི་དམིགས་པ་སྒོམ་ཚུལ། གཉེན་པོ་སྟོབས་བཞིའི་སྒོ་ནས་ལྟུང་བ་འཆགས་ཚུལ་དང་མཇུག་བསྔོ་བས་རྒྱས་འདེབས་ཚུལ་རྣམས་གསལ་བར་བཤད་ཡོད། འགྲེལ་པ་འདི་རྒྱ་གར་གྱི་མཁན་པོ་ཞི་བ་འཚོ་དང་། བོད་ཀྱི་ལོ་ཙཱ་བ་ལྷའི་དབང་པོའི་དབྱངས་གཉིས་ཀྱིས་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་ཡིན། བསྟན་འགྱུར་མདོ་ཕྱོགས་ཀྱི་པོ་ཏི་༼ཇི་༽པའི་ལྡེབ་ ༢༠༩བ–༢༢༠བ་བར་དུ་བཞུགས་ཡོད། +