Property:DescriptionTib
From Bodhicitta
This is a property of type Text.
W
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ལེའུ་དགུ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ༥ +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ལེའུ་དགུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ༦ +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ལེའུ་དགུ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ༧ +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ལེའུ་དགུ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ༨ +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ལེའུ་དགུ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ༩ +
སྤྱི་ལོ་ ༢༠༢༤ ཟླ་བ་ ༣ པའི་ཚེས་༡༠ རེས་གཟའ་ཉི་མའི་ཆོས་ཐུན་དང་པོ།
༈ མཁས་གྲུབ་རྫ་དཔའ་སྤྲུལ་རིན་པོ་ཆེ་(༡༨༠༨-༡༨༨༧) མཆོག་གིས། གནས་དབེན་པར་ཉམས་ལེན་མཛད་པའི་ཞོར་དུ་བརྩམས་པར་གྲགས་པའི་ལམ་རིམ་གྱི་གཞུང་། ཀུན་བཟང་བླ་མའི་ཞལ་ལུང་ཞེས་བྱ་བ་འདི་ནི། ང་ཚོའི་སྟར་སྒྲིག་གསུང་ཆོས་ཀྱི་ཐོན་རིམ་གསར་ཤོས་ཡིན། གཞུང་འདིར་ཐོག་མར་མི་རྟག་པ་དང་། འཁོར་བའི་ཉེས་དམིགས་སོགས་ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་བཞི་དང་སྐྱབས་འགྲོ་དང་སེམས་བསྐྱེད་སོགས། དཔེ་དང་གླེང་གཞི་སྣ་ཚོགས་ཀྱིས་གསལ་བར་བསྟན། དེ་ནས་མཎྜལ་དང་། རྡོ་རྗེ་སེམས་སྒོམ་བཟླས། གཅོད་ཚོགས་ཀྱི་གདམས་པ་རྣམས་རིམ་པས་བསྟན་ཡོད། +
Y
འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་འགྲེལ་པ་ནི་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེའི་ངོ་བོ་ཇི་ལྟར་སྒོམ་པའི་ཐབས་ལམ་རྒྱས་པར་བཤད་པའི་གཞུང་ངོ་། །གཞུང་འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་དང་། རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོར་བྱུང་བའི་གཞུང་ཚིག དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་དྲངས་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བཞིན། སེམས་ཅན་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་བཟླ་བའི་ཕྱིར། དུས་འདི་ནས་བཟུང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་ལམ་སྤྱོད་པ་རྣམས་ཀྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྟོབས་ཀྱིས་སེམས་བསྐྱེད་པར་བྱ་ཚུལ་གྱི་རང་བཞིན་བཤད། རྩ་བའི་དོན་སྙིང་ནི། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཏེ། སྨོན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ཇི་ལྟར་སྐྱེད་ཚུལ་གསལ། དེས་མ་ཟད་གཞུང་འདིར་སྙིང་རྗེ་ཆེན་པོ་སྒོམ་ཚུལ་དང་སེམས་ཅན་ལ་མཉམ་པར་འདུ་ཤེས་ཀྱིས་ལྟ་བའི་ཐབས་རྣམས་གསལ་བར་བསྟན། བདག་གཞན་བརྗེ་བའི་ལམ་དང་གཞན་དོན་དུ་བདག་གིས་སྡུག་བསྔལ་ལེན་པའི་ཐབས་ལམ་ཡང་བཤད། ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྟོང་པ་ཉིད་རྟོགས་དགོས་པ་གལ་ཆེ་བས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པས་སྙིང་རྗེ་དང་ཐབས་ཀྱི་སྤྱོད་པ་ཟུང་དུ་འཇུག་པར་འགྱུར་ཚུལ་གྱི་རྣམ་གཞན་རྣམས་གསལ། མདོ་མཚན་ཉིད་ཐེག་པ་དང་། སྔགས་ཀྱི་ཐེག་པ་གཉིས་ཀྱི་ལམ་ཉམས་སུ་ལེན་པའི་སྐབས་སེམས་བསྐྱེད་གཉིས་ཇི་ལྟར་སྐྱེད་ཚུལ་གྱི་སྐོར་གསལ། དེ་སྐད་གསལ་བ་ལྟར་སོ་སོའི་རྒྱུད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སར་བགྲོད་པར་གྱུར་པའི་རྒྱུ་གཅིག་པུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པའི་ཕན་ཡོན་དང་དགོས་པ། བྱང་ཆུབ་ཀྱི་སེམས་ཀྱི་གཉུག་མའི་རང་མདངས་ནི། གཞུང་ལས། རང་དང་གཞན་དོན་བསྒྲུབ་དོན་དུ། །སྲིད་ན་ཐབས་གཞན་ཡོད་མ་ཡིན། །བྱང་ཆུབ་སེམས་ནི་མ་གཏོགས་པར། །སངས་རྒྱས་ཀྱིས་སྔར་ཐབས་མ་གཟིགས། །བྱང་ཆུབ་སེམས་བསྐྱེད་ཙམ་གྱིས་ནི། །བསོད་ནམས་ཕུང་པོ་གང་ཐོབ་པ། །གལ་ཏེ་གཟུགས་ཅན་ཡིན་ན་ནི། །ནམ་མཁའ་གང་བ་ལས་ནི་ལྷག །སྐྱེས་བུ་གང་ཞིག་སྐད་ཅིག་ཙམ། །བྱང་ཆུབ་སེམས་ནི་སྒོམ་བྱེད་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཉོན་མོངས་མེད་པའི་རིན་ཆེན་སེམས། །འདི་ནི་ནོར་མཆོག་གཅིག་པུ་སྟེ། །ཉོན་མོངས་བདུད་སོགས་ཆོམ་རྐུན་གྱིས། །གནོད་མིན་འཕྲོག་པར་བྱ་བ་མིན། །ཇི་ལྟར་འཁོར་བར་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་སྨོན་ལམ་ནི། །མི་གཡོ་དེ་ལྟར་བློ་ཉིད་ནི། །བྱང་ཆུབ་སེམས་གཞོལ་རྣམས་ཀྱིས་བྱ། །ངོ་མཚར་གྱིས་ཀྱང་ཁྱེད་ཅག་གིས། །ཇི་ལྟར་བཤད་པ་ལ་འབད་ཀྱི། །དེ་རྗེས་ཀུན་བཟང་སྤྱོད་པ་ནི། །རང་ཉིད་ཀྱིས་ནི་རྟོགས་པར་འགྱུར། །ཞེས་གསལ། མཐར་འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་རྒྱུ་ལ་སྐྱེད་པའི་སྨོན་ལམ་གྱིས་མཚམས་སྦྱར་ཏེ་གཞུང་འགྲེལ་རྫོགས་པར་གནང་། དེ་ལ་ཤོ་ལོ་ཀ་བརྒྱ་དང་བཅུ་གཉིས་བཞུགས། གཞུང་གི་མཛད་བྱང་དང་འགྱུར་བྱང་ནི། བྱང་ཆུབ་སེམས་ཀྱི་འགྲེལ་པ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་གུ་ཎ་ཨཱ་ཀ་ར་དང་། ལོ་ཙཱ་བ་རབ་ཞི་བཤེས་གཉེན་གཉེན་གྱིས་བསྒྱུར་ཅིང་ཞུས། །སླད་ཀྱི་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝ་རྨ་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་པའོ། །ཞེས་སོ། །
Z
Zab mo dbu ma'i gnad cung zad brjod pa blo gsal dga' ba'i gtam zhes bya ba mi pham rnam rgyal la klan ka bgyis pa dang po +
སྔ་འགྱུར་རྙིང་མའི་མཁས་དབང་ཀུན་མཁྱེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས། སྤྱོད་འཇུག་ཤེས་རབ་ལེའུའི་འགྲེལ་པ་ནོར་བུ་ཀེ་ཏ་ཀར་གཞན་ལུགས་དགག་གཞག་མཛད་པ་དེ་དག་རྩ་གཞུང་གི་དགོངས་པ་ལས་ཕྱི་རོལ་དུ་གྱུར་བར་གཟིགས་ནས་ཀླན་ཀ་བགྱིས་པའི་རྩོད་གཞུང་དང་པོ་འདི་ནི། དཔལ་ལྡན་འབྲས་སྤུངས་ཀྱི་མཁས་དབང་། བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱིས་མཛད་པ་ཡིན། མཁས་དབང་རྣམ་གཉིས་དབར་རྩོད་གཞི་གཙོ་བོ་ནི། དབུ་མའི་གཏན་ཚིགས་རིགས་པའི་དགག་བྱ་ངོས་འཛིན། དོན་དམ་བདེན་པ་ཡུལ་དུ་བྱེད་པའི་བློ་ཡོད་མེད། ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་མི་རྟོགས། དབུ་མ་པ་ལ་རང་རིག་དང་ཀུན་གཞི་ཁས་ལེན་ཡོད་མེད། སྒྲིབ་པ་གཉིས་ཀྱི་ངོས་འཛིན་དང་སྤང་ཚུལ་སོགས་ཡིན་ཅིང། མཁས་དབང་གཉིས་ཀས་འཕགས་པ་ཡབ་སྲས་སངས་རྒྱས་སྐྱངས་དང་ཟླ་བའི་གཞུང་རྣམས་ལུང་དུ་དྲངས་ནས། གཏན་ཚིགས་ཡང་དག་གིས་གཞན་ལུགས་བཀག་ཅིང་རང་ལུགས་རྩ་གཞུང་གི་དགོངས་པ་འཁྲུལ་མེད་དུ་བསྒྲུབས་ཡོད་པས། བློ་གསལ་དོར་གཉེར་ཅན་རྣམས་ཀྱི་ཕྱིར། དབུ་མ་ཐལ་རང་གི་ལྟ་བ་སྤྱི་དང་། བྱེ་བྲག་སྤྱོད་འཇུག་ཤེས་རབ་ལེའུའི་དཀའ་བའི་གནས་ལ་རྟོག་དཔྱོད་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ཡོད། +
འདི་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བཀའ་སྲོལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་ལེན། སློབ་དཔོན་འཕགས་པ་ལྷ་དང་ཟླ་བ་གྲགས་པ་སོགས་ལས་བརྒྱུད་པའི་ཐེག་ཆེན་དབུ་མའམ་ཟབ་མོ་ལྟ་བརྒྱུད་ལུགས་ཀྱི་བྱང་སྡོམ་འབོགས་ཆོག་ཞིག་གོ། +
ཞེན་པ་བཞི་བྲལ་གྱི་གདམས་ངག་ནི། རྗེ་བཙུན་གྲགས་པ་རྒྱན་མཚན་དགུང་ལོ་བཅུ་གཉིས་བཞེས་པའི་སྐབས། འཇམ་པའི་དབྱངས་ཀྱིས་དངོས་སུ་ཞལ་གཟིགས་ནས་གནང་བའི་གདམས་ངག་དང་། འདིར་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་ཐམས་ཅད་ཞེན་པ་བཞི་དང་བྲལ་བའི་བློ་སྦྱོང་དུ་འདུ་བར་བསྟན་ཅིང་། ཚེ་འདི་དང་། ཁམས་གསུམ། བདག་དོན། འཛིན་པ་བཅས་ལ་ཞེན་པ་སྤངས་ཏེ། དམ་པའི་ཆོས་ཀྱི་ལམ་དུ་ཞུགས་པའི་ལྟ་སྤྱོད་རྣལ་མ་ཞིག་མཚོན་པའི་མན་ངག་ཁྱད་པར་ཅན་ཡིན་པར་མངོན། +
ཞི་བ་ལྷ་ནི། དུས་རབས་བདུན་པའམ་བརྒྱད་པ་ཙམ་ལ་རྒྱ་གར་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་དུ་རྒྱལ་པོ་དགེ་བའི་གོ་ཆའི་སྲས་སུ་འཁྲུངས། ཁོང་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་། སྐུ་ན་ཕྲ་མོ་ནས་རིག་གནས་ཐམས་ཅད་ལ་མཁས་པ་གྱུར། རྒྱལ་སྲིད་ལ་དབང་བསྐུར་བའི་སྔ་ནུབ་ཏུ་བྲོས་ནས་ནཱ་ལེནྡྲར་ཕེབས་ཏེ་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་ཞིང་མཚན་ལ་ཞི་བ་ལྷ་ཞེས་བཏགས། ཁོང་གིས་མཁན་པོ་ལས་སྡེ་སྣོད་གསུམ་ལ་སྦྱངས་པ་མཛད་དེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཅིང་། རྗེ་བཙན་འཇམ་དཔལ་དབྱངས་ལས་ཆོས་གསན་ཏེ་མདོ་སྔགས་ཀྱི་བཀའ་དང་གདམས་པ་མ་ལུས་པ་ཐུགས་སུ་ཆུད་པར་མཛད། འོན་ཀྱང་ཕྱི་རོལ་སྐྱེ་བོ་རྣམས་ཀྱི་ངོར་ཟ་ཉལ་བཤང་བ་མ་གཏོགས་གཞན་གང་ཡང་མི་མཛད་པའི་ཚུལ་བསྟན་པས་འདུ་ཤེས་གསུམ་པ་ཞེས་གྲགས། ནམ་ཞིག་ནཱ་ལེནྡྲའི་དགེ་འདུན་ཐམས་ཅད་འདུས་པའི་དབུས་སུ་ཁྲི་ལ་བཞུགས་ཏེ། སྔོན་ཆད་མ་གྲགས་པའི་བསྟན་བཅོས་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་པས། གཞུང་དེ་གསུང་བཞིན་པའི་མུར་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་སྟེ་སྐུ་མི་སྣང་བར་གྱུར་ཀྱང་། གསུང་གི་སྒོ་ནས་གཞུང་མ་རྫོགས་ཀྱི་བར་དུ་རྒྱུན་མ་ཆད་པར་བཏོན་ཏེ་གཤེགས། ཞི་བ་ལྷས་གྲགས་ཆེ་བའི་བསྟན་བཅོས་སྤྱོད་འཇུག་དང་། བསླབ་བཏུས། མདོ་བཏུས་ལ་སོགས་པ་མཛད་པར་བསྟན། +
འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་རྒྱལ་སྲས་ཞི་བ་ལྷ་ནི། ལྷོ་ཕྱོགས་ཡུལ་དུ་རྒྱལ་པོ་དགེ་བའི་གོ་ཆའི་སྲས་སུ་འཁྲུངས་ཤིང་། ཆུང་དུས་ནས་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་སྟེ་དམ་པའི་ཆོས་ལ་གཞོལ་བར་མཛད། དཔལ་ནཱ་ལེནྡྲའི་ཆོས་གྲྭར་བཞུགས་སྐབས་གཞན་ངོར་བྷུ་སུ་ཀུའི་མཚན་དུ་གྲགས་པས་མི་ཤེས་པའི་ཐ་ཤལ་བ་ཞིག་ཏུ་བསམས་ཀྱང་། དོན་དུ་ནང་གི་རྟོགས་པ་མཐོན་པོར་སོན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པར་གསལ། མུ་སྟེགས་པ་དང་རྩེད་ཚེ་མུ་སྟེགས་ཕམ་སྟེ་ནང་པའི་བསྟན་པ་དར་བར་མཛད། མདོར་ན་བསྟན་འགྲོར་སྨན་པའི་མཛད་བཟང་རླབས་པོ་ཆེ་དུ་མ་ལས། ཁོང་གིས་པཎྜི་ཏ་རྣམས་ཀྱི་དབུས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་པའི་ཚེ། ཤེར་ལེའུའི་སྐབས་ནམ་མཁར་འཕགས་ཏེ་སྐུ་སྣང་བ་མེད་པར་གྱུར་ཀྱང་གསུང་གི་སྒྲ་ནི་མུ་མཐུད་དུ་བྱུང་བས། ཀུན་གྱིས་ཁོང་གི་མཁྱེན་རབ་དང་གྲུབ་པའི་གོ་འཕང་ལ་ཡིད་ཆེས་དང་ངོ་མཚར་ཚད་མེད་པ་ཐོབ་པར་གྱུར། +
སློབ་དཔོན་འདི་ཉིད་ཐོག་མར་རྒྱལ་པོའི་སྲས་སུ་འཁྲུངས་ཀྱང་། རྒྱལ་སྲིད་ཀྱི་ཕུན་ཚོགས་ལ་མ་ཆགས་པར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཕེབས་ནས་མཁས་གྲུབ་ཀྱི་གོ་འཕང་བརྙེས། གཞན་གྱི་ངོར་བྷུ་སུ་ཀུའི་མཚན་དུ་གྲགས་ནའང་། དོན་དུ་ཁོང་ནི་འཇམ་དཔལ་དབྱངས་ཀྱིས་དངོས་སུ་རྗེས་སུ་བཟུང་བའི་བདག་ཉིད་ཆེན་པོ་ཞིག་ཡིན་པར་གསལ། མཐར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུང་བའི་ཚེ། ནམ་མཁའི་དབྱིངས་སུ་འཕགས་ནས་གཤེགས་པའི་མཛད་པ་སོགས་གསལ་བར་མངོན། +
རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ནི་སཽ་རཥྚར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ཀྱང་། འཕགས་པ་འཇམ་དཔལ་དབྱངས་དང་སྒྲོལ་མའི་ལུང་བསྟན་བཞིན་རྒྱལ་སྲིད་ཀྱི་འདོད་ཡོན་ནི་དམྱལ་བའི་ཆུ་ཚན་ལྟ་བུར་གཟིགས་ནས་ནགས་ཁྲོད་དུ་བྲོས་ཏེ། ཏིང་ངེ་འཛིན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བརྙེས། དཔལ་ནཱ་ལེནྡཱའི་ཆོས་སྡེ་ཆེན་པོར་བཞུགས་སྐབས་གཞན་ངོར་བྷུ་སུ་ཀུའི་སྤྱོད་པ་ཙམ་བསྟན་ནའང་། དོན་དུ་རྣལ་འབྱོར་གྱི་སྤྱོད་པའི་ངང་གཞོལ་བར་མཛད། ཁོང་གིས་བསླབ་བཏུས་དང་། མདོ་བཏུས་སོགས་བསྟན་བཅོས་རླབས་ཆེན་བརྩམས་པར་མཛད། མཐར་དགེ་འདུན་ཚོགས་པའི་དབུས་སུ་མདོ་འདོན་དགོས་པའི་སྐུལ་མ་བྱས་ཚེ། ཁོང་གིས་སྔར་མ་གྲགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་ཏེ་ཤེར་ལེའུའི་སྐབས་སུ་ནམ་མཁར་འཕུར་ཞིང་གསུང་གི་སྣང་བ་མ་ཆད་པ་བྱུང་སྟེ་སྤྱོད་འཇུག་རྫོགས་པར་གསུངས་པ་དང་། མུ་སྟེགས་པ་བཏུལ་བ་དང་། ཉམ་ཐག་པ་རྣམས་ལ་རྫུ་འཕྲུལ་གྱིས་ཕན་བཏགས་པ་སོགས་ངོ་མཚར་བའི་གཏམ་བདུན་གྱི་སྐོར་གསལ། +
བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སྲོལ་གཉིས་ལས། འདི་ནི་འཕགས་པ་འཇམ་དཔལ་ནས་བརྒྱུད་པ་སློབ་དཔོན་ཞི་བ་ལྷའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་སྲོལ་ལྟར་གྱི་སེམས་བསྐྱེད་ཀྱི་ཆོ་ག་འཐུས་ཚང་ཞིག་སྟེ། དེ་ཡང་སྦྱོར་བ་དང་། དངོས་གཞི། མཇུག་སྟེ་ས་བཅད་རིམ་པ་གསུམ་དུ་བསྡུས་པ་ཞིག་གོ། +
Ś
རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་བཏུས་ནི། བརྒྱད་པའི་དུས་རབས་ནང་བྱུང་བའི་མ་ཧཱ་ཡཱ་ན་ཆོས་ལུགས་ཀྱི་བསྟན་བཅོས་ཤིག་ཡིན། དེ་ནི་བྱང་ཆུབ་ཀྱི་སེམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་འབུལ་བ། ངེས་འབྱུང་གི་ཕན་ཡོན། སྟོང་པ་ཉིད་ཀྱི་ཤེས་རབ་ལས་བྱུང་བའི་ཞི་བདེ་སོགས་བྱང་ཆུབ་སེམས་དཔའི་ཀུན་སློང་དང་ཉམས་ལེན་སྐོར་གྱི་ཚིགས་བཅད་ཉེར་བདུན་ལས་གྲུབ་པ་ཞིག་ཡིན། །ཚིགས་བཅད་སོ་སོའི་བརྗོད་དོན་ལ་རྩོམ་པ་པོས་ལྷུག་པའི་འགྲེལ་པ་དང་། མ་ཧཱ་ཡཱ་ན་སྡེ་སྣོད་མང་པོ་ཞིག་ནས་དྲངས་པའི་དཔེར་བརྗོད་ཀྱི་དུམ་བུ་རྒྱ་ཆེན་པོ་ཞིག་གི་རྣམ་པས་རྒྱས་པར་བཤད་ཡོད། །བསྡོམས་པས་ཡིག་ཆ་དགུ་བཅུ་གོ་བདུན་ཙམ་དྲངས་ཡོད་པ་ལས་མང་པོ་ཞིག་ལེགས་སྦྱར་སྐད་ཡིག་ཐོག་མར་བརླག་ཟིན་པས་ཤི་ཀྵ་ས་མུག་ཀ་ཡ་ནི་རྒྱ་གར་ནང་པའི་ཡིག་ཆའི་ལོ་རྒྱུས་ཐད་དམིགས་བསལ་གྱི་ཁུངས་ཤིག་ཏུ་གྱུར་ཡོད། །དྲངས་པ་འདི་དག་གིས་དུས་རབས་བརྒྱད་པའི་རྒྱ་གར་གྱི་མ་ཧཱ་ཡཱ་ནའི་རྩོམ་པ་པོ་ཞིག་གིས་སྡེ་སྣོད་གང་དག་ཤེས་མིན་གྱི་སྐོར་ལའང་སྒོ་འབྱེད་ཀྱི་ནུས་པ་ཐོན་ཡོད། །ཞི་བ་ལྷས་མཁོ་སྤྲོད་བྱས་པའི་དུམ་བུའི་ཟིན་བྲིས་འདི་བོད་ཀྱི་རྩོམ་པ་པོ་ཚོས་སྡེ་སྣོད་དྲངས་པའི་སྐབས་སུ་ཡང་ཡང་བེད་སྤྱོད་བཏང་ཡོད། །ཞི་བ་ལྷའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་བསླབ་པ་ཀུན་བཏུས་གཉིས་ཀས་བརྗོད་དོན་འདྲ་མཚུངས་ལ་འབྲེལ་བ་བྱེད་ཀྱང་ཡིག་ཆ་གཉིས་བར་གྱི་འབྲེལ་བ་ཏག་ཏག་ཇི་ཡིན་ཁ་གསལ་མེད། །རྩོམ་པ་པོའི་ཚིགས་བཅད་ཁ་ཤས་ཡིག་ཆ་གཉིས་ཀར་ཐོན་ཡོད་པ་དང་། བསླབ་པ་ཀུན་བཏུས་ནང་གི་སྡེ་སྣོད་ཀྱི་དུམ་བུ་ཁ་ཤས་ཀྱངབྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ནང་དུ་ཐོན་ཡོད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ནང་གི་དུམ་བུ་ཞིག་གིས་ཀྱང་ཀློག་པ་པོ་ཚོར་བསླབ་པ་ཀུན་བཏུས་ལ་གཟིགས་ཞེས་བརྗོད་ཀྱང་། ཚིག་འདི་ནི་ཡིག་ཆའི་ཏུན་ཧོང་གི་ནང་དུ་མི་ཐོན་ཞིང་རྗེས་སུ་བསྣན་པའི་བསམ་ཚུལ་ཞིག་ཡིན་སྲིད། ། +
རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་བཏུས་ནི། བརྒྱད་པའི་དུས་རབས་ནང་བྱུང་བའི་མ་ཧཱ་ཡཱ་ན་ཆོས་ལུགས་ཀྱི་བསྟན་བཅོས་ཤིག་ཡིན། དེ་ནི་བྱང་ཆུབ་ཀྱི་སེམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་འབུལ་བ། ངེས་འབྱུང་གི་ཕན་ཡོན། སྟོང་པ་ཉིད་ཀྱི་ཤེས་རབ་ལས་བྱུང་བའི་ཞི་བདེ་སོགས་བྱང་ཆུབ་སེམས་དཔའི་ཀུན་སློང་དང་ཉམས་ལེན་སྐོར་གྱི་ཚིགས་བཅད་ཉེར་བདུན་ལས་གྲུབ་པ་ཞིག་ཡིན། །ཚིགས་བཅད་སོ་སོའི་བརྗོད་དོན་ལ་རྩོམ་པ་པོས་ལྷུག་པའི་འགྲེལ་པ་དང་། མ་ཧཱ་ཡཱ་ན་སྡེ་སྣོད་མང་པོ་ཞིག་ནས་དྲངས་པའི་དཔེར་བརྗོད་ཀྱི་དུམ་བུ་རྒྱ་ཆེན་པོ་ཞིག་གི་རྣམ་པས་རྒྱས་པར་བཤད་ཡོད། །བསྡོམས་པས་ཡིག་ཆ་དགུ་བཅུ་གོ་བདུན་ཙམ་དྲངས་ཡོད་པ་ལས་མང་པོ་ཞིག་ལེགས་སྦྱར་སྐད་ཡིག་ཐོག་མར་བརླག་ཟིན་པས་ཤི་ཀྵ་ས་མུག་ཀ་ཡ་ནི་རྒྱ་གར་ནང་པའི་ཡིག་ཆའི་ལོ་རྒྱུས་ཐད་དམིགས་བསལ་གྱི་ཁུངས་ཤིག་ཏུ་གྱུར་ཡོད། །དྲངས་པ་འདི་དག་གིས་དུས་རབས་བརྒྱད་པའི་རྒྱ་གར་གྱི་མ་ཧཱ་ཡཱ་ནའི་རྩོམ་པ་པོ་ཞིག་གིས་སྡེ་སྣོད་གང་དག་ཤེས་མིན་གྱི་སྐོར་ལའང་སྒོ་འབྱེད་ཀྱི་ནུས་པ་ཐོན་ཡོད། །ཞི་བ་ལྷས་མཁོ་སྤྲོད་བྱས་པའི་དུམ་བུའི་ཟིན་བྲིས་འདི་བོད་ཀྱི་རྩོམ་པ་པོ་ཚོས་སྡེ་སྣོད་དྲངས་པའི་སྐབས་སུ་ཡང་ཡང་བེད་སྤྱོད་བཏང་ཡོད། །ཞི་བ་ལྷའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་བསླབ་པ་ཀུན་བཏུས་གཉིས་ཀས་བརྗོད་དོན་འདྲ་མཚུངས་ལ་འབྲེལ་བ་བྱེད་ཀྱང་ཡིག་ཆ་གཉིས་བར་གྱི་འབྲེལ་བ་ཏག་ཏག་ཇི་ཡིན་ཁ་གསལ་མེད། །རྩོམ་པ་པོའི་ཚིགས་བཅད་ཁ་ཤས་ཡིག་ཆ་གཉིས་ཀར་ཐོན་ཡོད་པ་དང་། བསླབ་པ་ཀུན་བཏུས་ནང་གི་སྡེ་སྣོད་ཀྱི་དུམ་བུ་ཁ་ཤས་ཀྱངབྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ནང་དུ་ཐོན་ཡོད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ནང་གི་དུམ་བུ་ཞིག་གིས་ཀྱང་ཀློག་པ་པོ་ཚོར་བསླབ་པ་ཀུན་བཏུས་ལ་གཟིགས་ཞེས་བརྗོད་ཀྱང་། ཚིག་འདི་ནི་ཡིག་ཆའི་ཏུན་ཧོང་གི་ནང་དུ་མི་ཐོན་ཞིང་རྗེས་སུ་བསྣན་པའི་བསམ་ཚུལ་ཞིག་ཡིན་སྲིད། ། +