Property:DescriptionTib
From Bodhicitta
This is a property of type Text.
T
སྤྱི་ལོ་ ༢༠༡༣ ཟླ་བ་ ༦ པའི་ཚེས་ ༡༤ ནས་ ༡༦ བར་ཉིན་གྲངས་གཉིས་དང་ཕྱེད་ཀའི་རིང་། ༧གོང་ས་མཆོག་གིས་ཨོ་གླིང་རྒྱལ་ས་སིཌ་ནིར། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་གཞུང། བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོན་མེའི་འཆད་ཁྲིད་བཀའ་དྲིན་བསྐྱངས་པའི་བརྙན་འཕྲིན། +
སྤྱི་ལོ་ ༢༠༡༣ ཟླ་བ་ ༦ པའི་ཚེས་ ༡༤ ནས་ ༡༦ བར་ཉིན་གྲངས་གཉིས་དང་ཕྱེད་ཀའི་རིང་། ༧གོང་ས་མཆོག་གིས་ཨོ་གླིང་རྒྱལ་ས་སིཌ་ནིར། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་གཞུང། བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོན་མེའི་འཆད་ཁྲིད་བཀའ་དྲིན་བསྐྱངས་པའི་བརྙན་འཕྲིན། +
སྤྱི་ལོ་ ༢༠༡༣ ཟླ་བ་ ༦ པའི་ཚེས་ ༡༤ ནས་ ༡༦ བར་ཉིན་གྲངས་གཉིས་དང་ཕྱེད་ཀའི་རིང་། ༧གོང་ས་མཆོག་གིས་ཨོ་གླིང་རྒྱལ་ས་སིཌ་ནིར། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་གཞུང། བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོན་མེའི་འཆད་ཁྲིད་བཀའ་དྲིན་བསྐྱངས་པའི་བརྙན་འཕྲིན། +
མཁན་པོ་བསོད་དར་རྒྱས་མཆོག་དང་སི་ཡུ་བྷོལ་ཌོར་ (CU Boulder) གཙུག་ལག་སློབ་དཔོན་ཆེན་མོ་ཧོ་ལི་གེ་ལི་ (Holly Gayley) རྣམ་གཉིས་ཀྱིས་ཤ་ཟ་བ་དང་སྲོག་གཅོད་པའི་ལས་འབྲས་ཀྱི་རྣམ་གཞག་སྐོར་ལ་བགྲོ་གླེང་གནང་བ། +
སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ནི། བཀའ་གདམས་གཞུང་པའི་དགོན་སྡེ་ཆེན་པོ་དཔལ་སྣར་ཐང་གི་གདན་རབས་བརྒྱད་པ་ཡིན་ཅིང་། མཁས་པའི་ཡོན་ཏན་ཚུལ་དགུ་ཡིས་བརྒྱན་པ། ཇོ་བོ་བཀའ་གདམས་པའི་ཆོས་བརྒྱུད་གཞུང་པ་དང་མན་ངག་པ་གཉིས་ཀའི་རྩ་ལག་ཏུ་གྱུར་པ་སྟེ། གསན་ཡིག་ རྩོམ་ཆོས་དང་ ཉམས་ལེན་མཛད་རྗེས་སོགས་ལ་དཔག་ན་བོད་བརྒྱུད་ནང་བསྟན་སྤྱི་དང་། ལྷག་པར་བཀའ་གདམས་གཞུང་པ་དང་མན་ངག་པའི་ཆོས་ཚུལ་ལ་བཀའ་དྲིན་དང་ཕན་ནུས་ཤིན་ཏུ་ཆེ་བ་ཡིན།
སྐྱོ་སྟོན་གྱི་གསུང་རྩོམ་རིགས་ཉེ་ཆར་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་འགོ་འདྲེན་ཐོག་ བོད་འབྲས་སྤུངས་དགོན་པའི་གནས་བཅུ་ལྷ་ཁང་ནས་ཡིག་རྙིང་མང་དུ་རྙེད་དེ་དཔར་བསྐྲུན་བྱས་པའི་གྲལ་དུ། བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་པོད་ ༥༠ ་པ་དང་ ༦༡ ་པའི་ཁྲོད་དུ་ཡོད་ཅིང་། དེ་ཡང་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ། ཆོས་འཆད་ཉན་བྱ་ཐབས། རྟེན་འབྲེལ་གྱི་རྣམ་བཞག་ མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་སོགས་ཆོས་ཚན་ ༣༠ ཙམ་ཡོད་ལ། ཐེག་ཆེན་རྒྱུད་བླ་མའི་གདམས་པ། ཡེ་ཤེས་ཀྱི་བཞག་ས། འོད་གསོལ་སྙིང་པོའི་དོན་སོགས་བདེ་གཤེགས་སྙིང་པོ་དང་རྒྱུད་བླ་མ་དང་འབྲེལ་བའི་མན་ངག་དང་ཞལ་གདམས་རིགས་དུ་མ་ཡོད་པས། ད་ལམ་ཙཱ་འདྲ་ཚོགས་པའི་བདེ་གཤེགས་སྙིང་པོའི་དྲྭ་མཛོད་ཆོས་སྐོར་གྱི་ལྷན་ཐབས་སུ། སྔར་དབུ་མེད་ཡིག་རྙིང་ལ་ཡོད་པའི་དཔེ་ཆ་རྣམས། ད་ལྟ་ཀློག་སླ་བའི་ཆེད་དུ་དབུ་ཅན་གློག་ཡིག་ལ་ཕབ་ནས་ཞུས་སྒྲིག་བྱས་ཤིང་། དེབ་འདིར་སྐྱོ་སྟོན་པའི་རྣམ་ཐར་དང་གསུང་རྩོམ་གྱི་ངོ་སྤྲོད་དབྱིན་ཡིག་ཏུ་བྲིས་པ་བཅས་ཡོད།
You can download a digital copy of the book for free on the [https://buddhanature.tsadra.org/images/1/15/Phuntsho-2023-The_Life_and_Works_of_Kyoton_Monlam_Tsultrim_REDUCED.pdf Buddha-Nature website] +
དགེ་བཤེས་བསོད་ནམས་ཀྱིས་བཏང་སྙོམས་ཀྱི་སེམས་གལ་ཆེན་པོ་ཡིན་པ་དང་། ལ་ལ་ཉེ་བར་འཛིན་པ། ལ་ལ་རིང་དུ་འཛིན་པའི་ཆགས་སྡང་གི་སྤྱོད་ལམ་ལ་གེགས་བྱེད་པའི་ཐབས་ཤེས་ཡིན་པར་བཤད། དེ་ནས་ཡོན་ཏན་གྱི་གཞི་རྩར་གྱུར་པའི་བཏང་སྙོམས་ཀྱི་སེམས་སྐྱེད་པའི་གཏད་གྲོགས་འཐོབ་པའི་ཆེད་དུ་སྒོམ་སྦྱང་གི་ལམ་སྟོན་གནང་། +
ཙཱ་འདྲ་ཐེབས་རྩ་ཚོགས་པ་དང་མཉམ་དུ། ལོ་ཙཱ་བ་དང་མཁས་དབང་རྩེ་ཕུད་ཨརྚ་ཨེང་གྷེལ་གྱིས། སློབ་དཔོན་ཐོགས་མེད་ཀྱིས་བརྩམས་པའི་གཞུང་རླབས་ཆེན་《བྱང་ཆུབ་སེམས་དཔའི་ས་》ཞེས་པའི་རྟོགས་དཀའི་གནས་རྣམས་བཀྲོལ་བཤད་ཀྱིས་དེའི་འབྲེལ་བ་དང་ནུས་ཤུགས་མངོན་པར་བྱས་ཏེ་སླར་ཡང་གསོན་པོར་བཟོས་ཡོད། +
ཙཱ་འདྲ་ཐེབས་རྩ་ཚོགས་པ་དང་མཉམ་དུ། ལོ་ཙཱ་བ་དང་མཁས་དབང་རྩེ་ཕུད་ཨརྚ་ཨེང་གྷེལ་གྱིས། སློབ་དཔོན་ཐོགས་མེད་ཀྱིས་བརྩམས་པའི་གཞུང་རླབས་ཆེན་《བྱང་ཆུབ་སེམས་དཔའི་ས་》ཞེས་པའི་རྟོགས་དཀའི་གནས་རྣམས་བཀྲོལ་བཤད་ཀྱིས་དེའི་འབྲེལ་བ་དང་ནུས་ཤུགས་མངོན་པར་བྱས་ཏེ་སླར་ཡང་གསོན་པོར་བཟོས་ཡོད། +
མཁན་པོ་བསོད་དར་རྒྱས་མཆོག་གིས་ཐོགས་མེད་བཟང་པོའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དེ་རྒྱལ་སྲས་ལག་ལེན་གྱི་འགྲེལ་པ་གཞུང་བཟང་གདམས་ངག་ཟུང་འཇུག་བདུད་རྩིའི་བུམ་བཟང་ཞེས་པའི་འགྲེལ་པ་ཐོག་ནས་སློབ་ཁྲིད་གནང་བ། +
༈ རྒྱལ་སྲས་ཞི་བ་ལྷ་ནི་དུས་རབས་ ༨ ་པའི་འགོ་ཙམ་ལ་བྱོན་པའི་དཔལ་ནཱ་ལེན་དཱའི་རྨད་དུ་བྱུང་བའི་སློབ་དཔོན་ཏེ། ངོ་མཚར་བའི་རྣམ་ཐར་ལྡན་ཞིང་། བརྩམ་ཆོས་གཙོ་བོ་ཐེག་པ་ཆེན་པོའི་ལྟ་སྤྱོད་སྟོན་པའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་བསླབ་པ་ཀུན་ལས་བཏུས་པ་གཉིས་མཛད། སློབ་དཔོན་འདིའི་མཚན་སྙན་ཤིན་ཏུ་ཆེ་ཞིང་གསུང་གི་ཕན་རླབས་རྒྱ་བོད་སོགས་འཛམ་གླིང་རིལ་བུའི་ཁྱོན་ལ་ཁྱབ་ཡོད་པ་ཡིན།
ཐུབ་གསུང་ཟབ་དང་རྒྱ་ཆེའི་མདོ་སྡེ་རྣམས། །སྙིང་པོར་དྲིལ་བ་བྱང་ཆུབ་སྤྱོད་པའི་གཞུང་། །ལྟ་སྤྱོད་གཉིས་ཆར་སྟོན་པ་ཞི་བ་
ལྷའི། །བསྟན་བཅོས་འདི་འདྲ་དུས་གསུམ་འབྱོན་པར་དཀོན། ། - མཁྱེན་བརྩེ་ཆོས་ཀྱི་བློ་གྲོོས། +
བདག་གཞན་བརྗེ་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་གདམས་ངག་ཀྱི་བཀའ་བབས་ཕྱག་སྲོལ་མི་འདྲ་བ་དུ་མ་བཞུགས་པ་ལས། འདི་ནི་དགེ་བཤེས་འཆད་ཀ་བ་ཆེན་པོའི་བཞེད་པས་དོན་བདུན་གྱི་གཞུང་སྲོལ་བཞིན། ཁྲིད་ཡིག་བསྙེལ་བྱང་འདུས་ལ་མ་ཚང་བ་མེད་པ་ཞིག་གོ། +
འདི་ནི་རྒྱལ་སྲས་ཞི་བ་ལྷའི་ལུགས་བཞིན་སྡོམ་པ་འབོགས་ཆོག་གི་ལམ་རིམ་རྣམས་ཆོ་ག་རྒྱས་པ་རྣམས་ནས་གཅིག་ཏུ་བསྡུས་ཤིང་རང་ལུགས་བཀླག་ཆོག་ཏུ་བཀོད་པ་ཞིག་གོ། +
རྒྱལ་བའི་སྲས་ཀྱི་ལག་ལེན་སོ་བདུན་མ་ཞེས་པ་ནི། མཛད་བྱང་དུ། འདི་རང་གཞན་ལ་ཕན་པའི་དོན་དུ་ལུང་དང་རིགས་པ་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུའི་རིན་ཆེན་ཕུག་ཏུ་སྦྱར་བ། ཅེས་རྒྱལ་སྲས་བྱང་ཆུབ་ཀྱི་ལམ་ཐམས་ཅད་དྲིལ་ནས་བཤད་པའི་ཚིག་རྐང་གསུམ་བཅུ་སོ་བདུན་གྱི་བདག་ཉིད་དུ་མཛད་པས་མཚན་དེ་ལྟར་ཐོགས་པར་གསལ། དེ་ཡང་དལ་འབྱོར་རྙེད་པར་དཀའ་བ། ཕ་ཡུལ་སྤང་བ། དབེན་པ་བསྟན་པ། མི་རྟག་པ་རྒྱུད་ལ་བསྟེན་པ། གྲོགས་ངན་སྤོང་བ། གྲོགས་བཟང་བསྟེན་པ། སྐྱབས་སུ་འགྲོ་བ། སྐྱེས་བུ་ཆུང་ངུའི་ལམ། སྐྱེས་བུ་འབྲིང་གི་ལམ། སྐྱེས་བུ་ཆེན་པོའི་ལམ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས། མི་རྙེད་པ་ལ་བཟོད་པ། སྡུག་བསྔལ་དང་ལེན་གྱི་བཟོད་པ། མི་སྙན་པ་ལ་བཟོད་པ། སྨད་པ་ལ་བཟོད་པ། དཀའ་ཚེགས་ལ་བཟོད་པ། བཟོད་པའི་ཁུར་འཁྱེར་བ། སྡུག་བསྔལ་ལ་བཟོད་པ། འབྱོར་རྒུད་ལ་བཟོད་པ། བྱམས་པ་དང་སྙིང་རྗེ་ལ་བསླབ་པ། འདོད་པའི་ལོངས་སྤྱོད་ལ་ཞེན་པ་སྤོང་བ། སྤྱིར་གཟུང་འཛིན་གཉིས་སུ་མ་གྲུབ་པ། བདེ་བར་སྣང་བའི་ཡུལ་གཟུང་འཛིན་མ་གྲུབ་པ། སྡུག་བསྔལ་མ་གྲུབ་པ། སྦྱིན་པའི་ཕར་ཕྱིན། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ཀྱི་ཕར་ཕྱིན། རང་གི་སྒོ་གསུམ་ལ་བརྟག་པ། གཞན་གྱི་ཉེས་པ་མི་སྨྲ་བ། རྩོད་པའི་གཞི་རྙེད་བཀུར་ལ་མི་ཆགས་པ། ཚིག་རྩུབ་སྤོང་བར་གདམས་པ། ཉོན་མོངས་པའི་གཉེན་པོ་བསྟེན་པ། དྲན་དང་ཤེས་བཞིན་ལ་བསླབ་པ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་བཅས་ཀྱི་གཞུང་དོན་མ་ལུས་པའི་བསྟན་བྱ་ཡིན། གང་ཟག་སུའི་དོན་དུ་མཛད་ན། གཞུང་ལས། མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུངས་པའི་དོན། །དམ་པ་རྣམས་ཀྱི་གསུང་གི་རྗེས་འབྲངས་ནས། །རྒྱལ་སྲས་རྣམས་ཀྱི་ལག་ལེན་སུམ་བཅུ་བདུན། །རྒྱལ་སྲས་ལམ་ལ་སློབ་འདོད་དོན་དུ་དགོད། །ཞེས་ཐེག་པ་ཆེན་པོའི་གང་ཟག་རྣམས་ཀྱི་ཉམས་སུ་བླངས་བྱའི་གཞུང་བཟང་ཁྱད་པར་ཅན་ཞིག་གོ ། +
༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༠༢ ཟླ་བ་༧ ཚེས་༡༩ ཉིན་སྩལ་གནང་བའི་ཚད་མེད་བཞིའི་སྐོར་བཀའ་འཁྲིད་བྱིན་ཅན་བཞུགས་སོ།། +
༸གོང་ས་༸སྐྱབས་མགོན་མཆོག་གི་དགེ་བའི་བཤེས་གཉེན་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་གི་མཛད་ཕྲིན་དང་། སྐུ་ཉིད་ཀྱིས་གསན་བསམ་སློབ་གཉེར་ཇི་ལྟར་གནང་ཚུལ། ཕྱིར་འཁྲུངས་ཡུལ་དུ་བསྟན་འགྲོའི་དོན་ཇི་ལྟར་བསྐྱངས་ཚུལ་གླེང་བ། +
W
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ལེའུ་དང་པོ་ཕན་ཡོན་བཤད་པ། ༡ +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ཕན་ཡོན་ལེའུ་ཉིན་ ༢ +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ཕན་ཡོན་ལེའུ་ཉིན་ ༣ +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སྡིག་བཤགས་ལེའུ་གཉིས་པ ༡ +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ལེའུ་གཉིས་པ་སྡིག་པ་བཤགས་པ་ ༢ +