Property:DescriptionTib

From Bodhicitta

This is a property of type Text.

Showing 20 pages using this property.
B
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། ཚིགས་བཅད་ ༥༤ ནས་ ༥༩ བར་གྱི་དོན་འགྲེལ། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༦ ཚེས་ ༣) ༈ བརྙན་འཕྲིན་འདིར་རིན་པོ་ཆེ་མཆོག་གིས། སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༥༤ ནས་ ༥༩ བར་བསྟན་པའི་སྡིག་པ་བཤག་པའི་སྟོབས་བཞི་པ་གཉེན་པོའི་སྟོབས་ཀྱི་སྐོར་གསུངས་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༡༡༢-༡༠༥ བར་གཟིགས།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། (དྲི་བ་དྲིས་ལན། ༧) འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༦ ཚེས་ ༡༨) ༈ བརྙན་འཕྲིན་འདིར། དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ཀྱིས། སྤྱི་ཟླ་ ༦ པའི་ཚེས་ ༢ བར། དོགས་འདྲིས་སྔ་ཕྱིར་ཞུས་པ་རྣམས་ལ་གསུང་ལན་གནང་ཡོད། དྲི་བ་འདི་དག་གཙོ་ཆེར་སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༤༧ ནས་ ༥༣ བར་དང་། སྡིག་པ་བཤགས་པའི་ཚུལ་དང་འབྲེལ་ཡོད།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། ཚིགས་བཅད་ ༦༠ ནས་ ༦༥ བར་གྱི་དོན་འགྲེལ། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༦ ཚེས་ ༡༩) ༈ བརྙན་འཕྲིན་འདིར་རིན་པོ་ཆེ་མཆོག་གིས། སྤྱོད་ལེ་གཉིས་པའི་མཐའ་མ་སྟེ། ཚིགས་བཅད་ ༦༠ ནས་ ༦༥ བར་བསྟན་པའི་སྟོབས་བཞི་པ་ཉེས་པ་ལ་སླར་མི་ལྡོག་པའི་སྟོབས་ཀྱི་སྐོར་གསུངས་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༡༡༥-༡༡༨ བར་གཟིགས།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། ཚིགས་བཅད་ ༢ ནས་ ༧ བར་གྱི་དོན་འགྲེལ། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༣ ཚེས་ ༩) ༈ བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ཅིང་བརྟན་པར་བྱ་བའི་ཕྱིར། ཐོག་མར་རྒྱུད་ལ་དགེ་བའི་བག་ཆགས་བཟང་པོ་བསྐྲུན་དགོས་པས། བརྙན་འཕྲིན་འདིར་རིན་པོ་ཆེ་མཆོག་གིས་སྤྱོད་འཇུག་ལེའུ་གཉིས་པ་ལས། ཚིགས་བཅད་ ༢ པ་ནས་ ༧ པ་བར་ལ་འཕྲོས་ཏེ། བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་སྐོར་དོན་འགྲེལ་གནང་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༦༦-༦༩ བར་གཟིགས།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། (དྲི་བ་དྲིས་ལན། ༨) འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༦ ཚེས་ ༢༥) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་ལ། དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ཀྱིས། སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༥༤ ནས་ ༥༥ བར་གྱི་དོགས་འདྲིས་ཞུས་པ་རྣམས་ལ་གསུང་ལན་གནང་ཡོད།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། (དྲི་བ་དྲིས་ལན། ༩) འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༦ ཚེས་ ༣༠) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་ལ། དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ཀྱིས། སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༦༠ ནས་ ༦༥ བར་གྱི་དོགས་འདྲིས་ཞུས་པ་རྣམས་ལ་གསུང་ལན་གནང་ཡོད།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། (དྲི་བ་དྲིས་ལན་ ༡། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༣ ཚེས་ ༩) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་ལ་དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ནས། སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༡ ནས་ ༧ པ་བར་དོགས་འདྲིས་ཞུས་པར་གསུང་ལན་གནང་ཡོད།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། ཚིགས་བཅད་ ༨ ནས་ ༩ བར་གྱི་དོན་འགྲེལ། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༣ ཚེས་ ༢༤) ༈ འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༦༩-༧༠ བར་གཟིགས།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། ཚིགས་བཅད་ ༡༠ ནས་ ༡༩ བར་གྱི་དོན་འགྲེལ། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༣ ཚེས་ ༣༡) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས་སྤྱོད་འཇུག་ལེའུ་གཉིས་པ་ལས། ཚིགས་བཅད་ ༡༠ ནས་ ༡༩ བར་ལས་འཕྲོས་ཏེ། ཡིད་ཀྱིས་སྤྲུལ་པའི་མཆོད་པའི་སྐོར་དོན་འགྲེལ་གནང་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༧༠-༧༥ བར་གཟིགས།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། (དྲི་བ་དྲིས་ལན་ ༢། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༤ ཚེས་ ༩) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་ལ་དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ནས། སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༡ ནས་ ༩ པ་བར་དང་། དེ་མིན་གཞན་དོགས་འདྲིས་སྣ་ཚོགས་ཞུས་པར་གསུང་ལན་གནང་ཡོད།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། ཚིགས་བཅད་ ༢༠ ནས་ ༢༣ བར་གྱི་དོན་འགྲེལ། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༤ ཚེས་ ༡༤) ༈ བརྙན་འཕྲིན་འདིར་རིན་པོ་ཆེ་མཆོག་གིས། ཐོག་མར་ཆོས་ཐུན་སྔ་མ་མུ་མཐུད་ནས། ཡིད་ཀྱིས་སྤྲུལ་པའི་མཆོད་པའི་སྐོར་ཞིབ་ཕྲ་གསུངས་རྗེས། ཚིགས་བཅད་ ༢༠ ནས་ ༢༣ བར་བསྟན་པའི་མཆོད་པ་ལྷག་མ་གསུམ་སྟེ། སྨོན་ལམ་སྟོབས་ཀྱི་མཆོད་པ། བླ་ན་མེད་པའི་མཆོད་པ། བསྟོད་པ་དབྱངས་ཀྱི་མཆོད་པ་བཅས་ཀྱི་དོན་འགྲེལ་གནང་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༧༥-༧༩ བར་གཟིགས།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། (དྲི་བ་དྲིས་ལན་ ༣། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༤ ཚེས་ ༡༧) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་ལ་དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ནས། སྔར་སྤྱི་ཟླ་ ༤ པའི་ཚེས་ ༦ ཉིན་སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༡༠ ནས་ ༡༩ བར་དོན་འགྲེལ་གསུངས་པ་ལ་དོགས་འདྲིས་ཞུས་པས་གསུང་ལན་གནང་ཡོད།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། ཚིགས་བཅད་ ༢༤ ནས་ ༢༥ བར་གྱི་དོན་འགྲེལ། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༤ ཚེས་ ༢༡) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས། སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༢༤-༢༥ བར་བསྟན་པའི་ཕྱག་འཚལ་བའི་ཡན་ལག་གི་དོན་འགྲེལ་དང་། ཕྱག་འཚལ་ཚུལ་འགྲེལ་བཤད་གནང་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༧༩-༨༡ བར་གཟིགས།  +
དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་ལེའུ་གཉིས་པ་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དེ། །གཟུང་དང་འཛིན་པ་སྤངས་གྱུར་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་ཚིགས་སུ་བཅད་པ་གསུངས་པའི་དོན་གྱི་འགྲེལ་འདི་ནི་སློམ་དཔོན་ཀཱ་ལ་ཤི་ལས་མཛད་པའོ།།  +
སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་ལེགས་སྦྱར་སྐད་དུ་བརྩམས་པའི་བསྟན་བཅོས་<<བྱང་ཆུབ་ཀྱི་སེམས་བསྒོམ་པ་>>ཞེས་པ་འདི་ནི་རྫོགས་ཆེན་ལུགས་ཀྱི་སྒོམ་གྱི་རྩ་གཞུང་ལྟ་བུ་ཞིག་ཡིན་ཅིང་། འདི་ཡི་དགོས་པ་གཙོ་བོ་ནི་མི་རྟོག་པའི་དྲན་ཤེས་ལ་བརྟེན་ནས་དོན་དམ་བྱང་ཆུབ་ཀྱི་སེམས་རྟོགས་པར་བྱེད་པ་ཡིན། བསྟན་བཅོས་འདི་རྒྱ་གར་གྲུབ་ཆེན་གྱི་བརྒྱུད་པ་དང་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་རྫོགས་པ་ཆེན་པོའི་བརྒྱུད་ལས་དགའ་རབ་རྡོ་རྗེ་དང་ཤྲཱི་སིངྷ་ལ་བཀའ་བབས་ཤིང་། མཐར་བོད་བརྒྱུད་ནང་བསྟན་རྙིང་མ་བའི་གྲུབ་མཐའི་ཡིག་ཆ་གནད་ཆེན་ཞིག་ཏུ་གྱུར། འདི་ཉམས་སུ་ལེན་ཚུལ་སྟོན་པའི་སྐབས། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་མངོན་རྟོགས་པ་དང། གཉིས་མེད་ཀྱི་རིག་པ་དང་། སེམས་ཀྱི་ངོ་བོ་ཐད་སྤྲོད་དང་། ལྷུན་གྲུབ་དང་། སྟོང་པ་ཉིད་དང་། རྣམ་རྟོག་གི་སྤྲོས་པ་གཅོད་ཚུལ་སོགས་ལ་རྩལ་འདོན་བྱས་ཡོད། ལྟ་གྲུབ་ཀྱི་ཆ་ནས་བསྟན་བཅོས་འདིར་ཐེག་ཆེན། རྫོགས་ཆེན། གཤེགས་སྙིང་། བདེན་གཉིས། གསལ་སྟོང་གཉིས་མེད་སོགས་བསྟན་པས། དགའ་རབ་རྡོ་རྗེས་གསུངས་པའི་རྫོགས་ཆེན་གྱི་གསུང་དང་། དེ་བཞིན་རྫོགས་ཆེན་གྱི་རྒྱུད་བཅུ་བདུན་དང་། ཞི་བ་ལྷའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། བྱང་ཆུབ་ཀྱི་སེམས་བསྟན་པའི་ཐེག་ཆེན་གྱི་མདོ་སྡེ་དག་དང་། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་སོགས་དང་འབྲེལ་བ་ཆེན་པོ་ཡོད། དེ་ལྟར་ཤིན་ཏུ་ཟབ་པའི་བསྟན་བཅོས་འདི་ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས། མི་ཕམ་རིན་པོ་ཆེ། ནམ་མཁའི་ནོར་བུ་རིན་པོ་ཆེ། སྤྲུལ་སྐུ་དོན་གྲུབ་དང་མཁན་པོ་ཚུལ་ཁྲིམས་རྒྱ་མཚོ་སོགས་ཀྱིས་འགྲེལ་པ་མཛད་ཡོད།  +
སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་<<བྱང་ཆུབ་ཀྱི་སེམས་བསྒོམ་པ་དོན་བཅུ་གཉིས་བསྟན་པ་>>ཞེས་བྱ་བའི་བསྟན་བཅོས་འདིར། ཕྱག་འཚལ་བ་དང་། ཅིའི་ཕྱིར་རྟོགས་པར་བྱ་བ་དང་། ཅི་ཞིག་རྟོགས་པར་བྱ་བ་དང་། གང་གིས་རྟོགས་པར་བྱ་བ་དང་། གང་ལ་བརྟགས་ཏེ་རྟོགས་པར་བྱ་བ་དང་། བརྟགས་ནས་ངེས་པའི་དོན་བསྟན་པ་དང་། ངེས་པའི་དོན་ལ་བསྒོམ་པ་དང་། བརྒྱུད་པའི་ཐབས་ཀྱིས་ངེས་པའི་དོན་རྟོགས་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ན་རྣམ་པར་གྲོལ་བ་མི་ཐོབ་ཅིང་དགེ་བ་ཆུད་ཟ་བར་བསྟན་པ་དང་། མོས་པ་ཙམ་སྐྱེས་པས་ཀྱང་ཡོན་ཏན་མང་པོ་ཐོབ་པ་དང་། ལོག་པར་ཞུགས་པ་རྣམས་ལ་སྙིང་རྗེ་སྐྱེ་བའི་གནས་སུ་བསྟན་པ་དང་། དགེ་བའི་རྩ་བ་བསྔོ་བ་བཅས་དོན་བཅུ་གཉིས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་བསྟན་ཡོད།  +
རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནས་མཛད་ཅིང་། དེ་ཉིད་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བར་གྲགས་པའི་བསྟན་བཅོས་འདིར། གསང་སྔགས་ཀྱི་རྒྱུད་ཐ་དག་ལས་བཏུས་པའི་འདའ་ཀའི་དུས་ཀྱི་མན་ངག་སྟེ། འཆི་ཁའི་དུས་སུ་ད་ལྟ་རང་གི་ལུས་ལ་ཁྱབ་པར་གནས་པའི་སེམས་འདི་ཉིད་ཆུ་དང་འོ་མ་འདྲེས་པའི་ཚུལ་དུ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་ལྷང་ངེར་གནས་པར་བྱེད་པའི་མན་ངག་བསྟན་ཅིང་། དེ་ལྟར་གནས་པའི་ཚེ་དེའི་ངང་ལས་མི་འགྱུར་ལྷང་ངེར་གནས་པ་ནི་རྫོགས་པ་ཆེན་པོའི་ལྟ་བ་མཐར་ཕྱིན་པ། དེའི་ངང་ལ་ས་ལེར་གནས་པ་ནི་རྫོགས་པ་ཆེན་པོའི་བསྒོམ་པ་མཐར་ཕྱིན་པ། དེའི་ངང་ལས་ཡུད་ཙམ་ཡང་མི་འདའ་བ་ནི་རྫོགས་པ་ཆེན་པོའི་དམ་ཚིག་མཐར་ཕྱིན་པར་ངོ་སྤྲོད་མཛད་ཡོད།  +
བོད་ཀྱི་བསྟན་འགྱུར་སྡེ་དགེ་པར་མ་ཨང་ ༡༨༠༠ དང་ ༡༨༠༡ གཉིས་ཀར་འཕགས་པ་ཀླུས་མཛད་པར་གྲགས་པའི་བསྟན་བཅོས་<<བྱང་ཆུབ་སེམས་ཀྱི་འགྲེལ་པ་>>ཞེས་པའི་འགྱུར་མི་འདྲ་བ་གཉིས་རྒྱུད་འགྲེལ་གྱི་སྡེ་ཚན་དུ་སོ་སོར་བཞག་ཡོད་པ་ལས། སྐབས་སུ་བབ་པའི་མ་དཔེ་འདི་ནི་སྡེ་དགེ་པར་མ་ཨང་ ༡༨༠༡ པར་བཞུགས་པ། ཁ་ཆེའི་མཁས་པ་ཛ་ཡ་ཨཱནནྡ་དང་བོད་ཀྱི་ལོ་ཙཱ་བ་ཁུ་མདོ་སྡེ་འབར་གྱིས་བསྒྱུར་བ་ཞིག་ཡིན། དུས་རབས་བཅོ་ལྔ་པའི་ནང་རོང་སྟོན་ཤེས་བྱ་ཀུན་རིག་གིས་འགྱུར་མི་འདྲ་དྲུག་ལ་དཔྱད་གཞི་མཛད་ཡོད་པ་དང་། ཤཱཀྱ་མཆོག་ལྡན་གྱིས་འགྱུར་མི་འདྲ་བ་བཅུ་གསུམ་ཡོད་ཚུལ་གསུངས་པ་དང་། དེ་བཞིན་ཞྭ་དམར་བཞི་པས་ཁུ་ལོ་ཙཱ་བའི་འགྱུར་ཚིག་ལྷུག་མ་ཞིག་བཅས་སྡོམས་བོད་འགྱུར་བཞི་ལ་དཔྱད་གཞི་མཛད་ཚུལ་གསུངས་པ་དེ་དག་གིས་སྤྱིར་བོད་ལ་བསྟན་བཅོས་འདི་ཡི་འགྱུར་མི་འདྲ་བ་མང་པོ་ཡོད་པ་མངོན། སྡེ་དགེ་པར་མ་ཨང་ ༡༨༠༠ དང་ ༡༨༠༡ པར་བཞུགས་པའི་འགྱུར་གཉིས་ཀྱི་ཕན་ཚུལ་འབྲེལ་བ་དང་བརྡ་སྤྲོད་ཀྱི་ཁྱད་པར་སོགས་ད་དུང་མཁས་པའི་དཔྱད་གཞི་ཡིན་ཀྱང་། འགྱུར་མི་འདྲ་བ་གཉིས་ཡོད་པ་འདིས། རྒྱ་གཞུང་གནད་ཆེ་རྣམས་ཀྱི་འགྱུར་མི་འདྲ་བ་དག་ལ་གཞུང་གི་དགོངས་པ་འགྲེལ་ཚུལ་དང་ཐ་སྙད་ཀྱི་བསྒྱུར་ཚུལ་སོགས་ཐུན་མིན་ཁྱད་ཆོས་ཡོད་པས། འགྱུར་ཐམས་ཅད་མི་ཉམས་རྒྱུད་འཛིན་མཛད་པ་སྔར་བོད་ཀྱི་ཕྱག་སྲོལ་ཡིན་པ་མཚོན་གྱི་ཡོད། <<བྱང་ཆུབ་སེམས་འགྲེལ་>>གྱི་འགྱུར་མི་འདྲ་འདི་དག་ལ་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་དགོངས་པ་ཚུལ་མི་འདྲ་བ་ཡོད་པ་ནི། དཔེར་ན་རོང་སྟོན་ཤེས་བྱ་ཀུན་རིག་གིས་འགྱུར་ཐམས་ཅད་ཕན་ཚུན་ཞིབ་བཤེར་གྱིས་འཇུག་པ་དང་། ཤཱཀྱ་མཆོག་ལྡན་གྱིས་པ་ཚབ་ལོ་ཙཱ་བའི་འགྱུར་ཉིད་འཐད་ཕྱོགས་སུ་འཛིན་པ་དང་། ཞྭ་དམར་བཞི་པ་སོགས་གཞན་འགའ་ཞིག་གིས་སྨྲི་ཏི་ཛྙཱ་ན་ཀིརྟིའིས་མཛད་པའི་རྒྱ་འགྲེལ་ཉིད་ཁུངས་དག་ཏུ་འཛིན་པ་ལྟ་བུའོ།།  +
འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་<<བྱང་ཆུབ་སེམས་ཀྱི་འགྲེལ་པ་>>ནི་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་སྒོམ་པའི་ཐབས་ལམ་རྒྱས་པར་བཤད་པའི་གཞུང་ཞིག་གོ། གཞུང་འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་དང་། རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོར་བྱུང་བའི་གཞུང་ཚིག དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་དྲངས་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བཞིན། སེམས་ཅན་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་བཟླ་བའི་ཕྱིར། དུས་འདི་ནས་བཟུང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་ལམ་སྤྱོད་པ་རྣམས་ཀྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྟོབས་ཀྱིས་སེམས་བསྐྱེད་པར་བྱ་ཚུལ་གྱི་རང་བཞིན་བཤད། རྩ་བའི་དོན་སྙིང་ནི། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཏེ། སྨོན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ཇི་ལྟར་སྐྱེད་ཚུལ་གསལ། དེས་མ་ཟད་གཞུང་འདིར་སྙིང་རྗེ་ཆེན་པོ་སྒོམ་ཚུལ་དང་སེམས་ཅན་ལ་མཉམ་པར་འདུ་ཤེས་ཀྱིས་ལྟ་བའི་ཐབས་རྣམས་གསལ་བར་བསྟན། བདག་གཞན་བརྗེ་བའི་ལམ་དང་གཞན་དོན་དུ་བདག་གིས་སྡུག་བསྔལ་ལེན་པའི་ཐབས་ལམ་ཡང་བཤད། ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྟོང་པ་ཉིད་རྟོགས་དགོས་པ་གལ་ཆེ་བས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པས་སྙིང་རྗེ་དང་ཐབས་ཀྱི་སྤྱོད་པ་ཟུང་དུ་འཇུག་པར་འགྱུར་ཚུལ་གྱི་རྣམ་གཞན་རྣམས་གསལ། མདོ་མཚན་ཉིད་ཐེག་པ་དང་། སྔགས་ཀྱི་ཐེག་པ་གཉིས་ཀྱི་ལམ་ཉམས་སུ་ལེན་པའི་སྐབས་སེམས་བསྐྱེད་གཉིས་ཇི་ལྟར་སྐྱེད་ཚུལ་གྱི་སྐོར་གསལ། དེ་སྐད་གསལ་བ་ལྟར་སོ་སོའི་རྒྱུད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སར་བགྲོད་པར་གྱུར་པའི་རྒྱུ་གཅིག་པུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པའི་ཕན་ཡོན་དང་དགོས་པ། བྱང་ཆུབ་ཀྱི་སེམས་ཀྱི་གཉུག་མའི་རང་མདངས་ནི། གཞུང་ལས། རང་དང་གཞན་དོན་བསྒྲུབ་དོན་དུ། །སྲིད་ན་ཐབས་གཞན་ཡོད་མ་ཡིན། །བྱང་ཆུབ་སེམས་ནི་མ་གཏོགས་པར། །སངས་རྒྱས་ཀྱིས་སྔར་ཐབས་མ་གཟིགས། །བྱང་ཆུབ་སེམས་བསྐྱེད་ཙམ་གྱིས་ནི། །བསོད་ནམས་ཕུང་པོ་གང་ཐོབ་པ། །གལ་ཏེ་གཟུགས་ཅན་ཡིན་ན་ནི། །ནམ་མཁའ་གང་བ་ལས་ནི་ལྷག །སྐྱེས་བུ་གང་ཞིག་སྐད་ཅིག་ཙམ། །བྱང་ཆུབ་སེམས་ནི་སྒོམ་བྱེད་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཉོན་མོངས་མེད་པའི་རིན་ཆེན་སེམས། །འདི་ནི་ནོར་མཆོག་གཅིག་པུ་སྟེ། །ཉོན་མོངས་བདུད་སོགས་ཆོམ་རྐུན་གྱིས། །གནོད་མིན་འཕྲོག་པར་བྱ་བ་མིན། །ཇི་ལྟར་འཁོར་བར་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་སྨོན་ལམ་ནི། །མི་གཡོ་དེ་ལྟར་བློ་ཉིད་ནི། །བྱང་ཆུབ་སེམས་གཞོལ་རྣམས་ཀྱིས་བྱ། །ངོ་མཚར་གྱིས་ཀྱང་ཁྱེད་ཅག་གིས། །ཇི་ལྟར་བཤད་པ་ལ་འབད་ཀྱི། །དེ་རྗེས་ཀུན་བཟང་སྤྱོད་པ་ནི། །རང་ཉིད་ཀྱིས་ནི་རྟོགས་པར་འགྱུར། །ཞེས་གསལ། མཐར་འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་རྒྱུ་ལ་སྐྱེད་པའི་སྨོན་ལམ་གྱིས་མཚམས་སྦྱར་ཏེ་གཞུང་འགྲེལ་རྫོགས་པར་གནང་། དེ་ལ་ཤོ་ལོ་ཀ་བརྒྱ་དང་བཅུ་གཉིས་བཞུགས། གཞུང་གི་མཛད་བྱང་དང་འགྱུར་བྱང་ནི། བྱང་ཆུབ་སེམས་ཀྱི་འགྲེལ་པ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་གུ་ཎ་ཨཱ་ཀ་ར་དང་། ལོ་ཙཱ་བ་རབ་ཞི་བཤེས་གཉེན་གཉེན་གྱིས་བསྒྱུར་ཅིང་ཞུས། །སླད་ཀྱི་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝ་རྨ་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་པའོ། །ཞེས་སོ། །  