Property:DescriptionTib

From Bodhicitta

This is a property of type Text.

Showing 20 pages using this property.
S
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ངོ་སྤྲོད་དང་། ནང་པ་སངས་རྒྱས་པའི་ལུགས་ཀྱི་མཚན་ཉིད་རིག་པའི་རྣམ་གཞག་གི་སྐོར་གསུངས་ཡོད།  +
ཁྲིད་གཞུང་འདི་ནི། སྤྱོད་འཇུག་འཁོར་ལོ་ལྟ་བུའི་ལམ་ཟབ་བསྒོམ་པ་ཞེས་པ་སྟེ། སློབ་དཔོན་བློ་གྲོས་མི་ཟད་པ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བསྩལ་བའི་ཚིགས་ལས་འཕྲོས་པའི་མན་ངག་ཞིག་ཡིན། གཞུང་འདིར་སྐྱེས་བུ་གསུམ་པོས་སྤྱོད་འཇུག་ལེའུ་བཅུ་པོའི་གདམས་པ་རྣམས་ཉམས་ལེན་གྱིས་རྒྱུད་ཐོག་ལ་སྦྱོར་ཚུལ་གྱི་རིམ་རྣམས། འཁོར་བ་དང་མྱང་འདས་ཀྱི་ངོ་བོར་གྱུར་པའི་འཁོར་ལོ་གཉིས་ལ་དཔེ་སྦྱར་དེ་གསུངས་ཡོད།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་མཚན་དོན་དང་འགྱུར་ཕྱག་གཉིས་ལ་བཀར་ཏེ་འགྲེལ་བཤད་མཛད་པ་ཞིག་ཡིན།  +
སྐྱིད་ཤོད་ཞབས་དྲུང་རིན་པོ་ཆེ་། གྲུབ་པའི་དབང་ཕྱུག་ཆོས་རྒྱ་མཚོ། རབ་འབྱམས་སྨྲ་བ་ཤེས་རབ་དཔལ་འབྱོར། བླ་མེད་བླ་མ་བློ་བཟང་དཔལ་འབྱོར་ཏེ། བརྒྱུད་པ་གང་ལས་ཚེ་མཆོག་གླིང་ཡེ་ཤེས་རྒྱལ་མཚན་གྱིས་སྤྱོད་འཇུག་གི་ལུང་ཞུས་པའི་བླ་རྣམས་ཀྱི་མཚན་བརྗོད་པའོ།།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཐོག་མར་མཆོད་པར་བརྗོད་པའི་ཚིག་རྐང་གཉིས་ཀྱི་དོན་གསལ་བར་བཀྲལ་ཡོད།  +
ཡིག་ཆ་འདིར། སྤྱིར་རྒྱ་གར་མཁས་པས་མཛད་པའི་སྤྱོད་འགྲེལ་གྱི་གྲངས་དང། བྱེ་བྲག་བོད་དུ་བསྒྱུར་བའི་རྒྱ་འགྲེལ་གྱི་གྲངས་དང་། དེ་བཞིན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་སོ་སོའི་མཁས་པ་དག་གིས་མཛད་པའི་སྤྱོད་འགྲེལ་གྱི་མཚན་གྲངས་དང་། ཤེས་རབ་ལེའུའི་སྐབས་བོད་སྔ་རབས་དང་ཕྱི་རབས་ཀྱི་མཁས་པ་དག་ལ་འགྲེལ་ཚུལ་མི་འདྲ་བ་ཇི་ལྟར་ཡོད་པ་སོགས་གསལ་བཤད་མཛད་ཡོད།  +
སྤྱོད་འཇུག་གི་རྣམ་བཤད་འདི་ནི། འདི་ཉིད་ཀྱི་མཛད་བྱང་དུ་གསལ་བ་ལྟར། གཞུང་བསྡུས་དོན་དུ་བཅིངས། ཚིག་དོན་རགས་པར་བཤད། དཀའ་བའི་གནས་བྱེ་བྲག་དུ་ཕྱེ། མེད་དུ་མི་རུང་བའི་སྤྱི་དོན་རྣམས་ཀྱང་གཏན་ལ་ཕབ། རྒྱ་བོད་ཀྱི་འགྲེལ་པ་མཐའ་དག་གི་ཁྱད་པར་ཐ་དད་པ་བརྗོད། གཙོ་བོར་རྒྱལ་བའི་གསུང་རབ་ཆེན་པོ་རྣམས་དང་ཤིང་རྟའི་སྲོལ་གཉིས་ཀྱི་བསྟན་བཅོས་ཁོ་ན་དཔང་དུ་བྱས་ནས། ཇི་ལྟར་ཉམས་སུ་ལེན་པའི་མན་ངག་གི་ཚུལ་རྒྱུད་ལ་སྦྱོར་བ་ཁོ་ནའི་ཆེད་ཏུ་སྦྱར་བ་ཞིག་ཡིན།  +
སྤྱོད་འགྲེལ་འདི་ཉིད་མཛད་པ་པོ་དཀའ་བཅུ་བློ་བཟང་དཔལ་ལྡན་ (དུས་རབས་༡༩་པ) ནི་སོག་ཡུལ་ཧལ་ཧ་ཁུ་རཱེ་དགོན་གྱི་གྲྭ་པ་ཞིག་ཡིན། ཁོང་གི་གསུང་འབུམ་རྣམས་ད་ཆར་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བཱ་ཏོར་གཞུང་གི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད། དེ་ལས་སྤྱོད་འཇུག་གི་འགྲེལ་པ་ཚིག་དོན་ཀུན་གསལ་འདི་ནི་ཁོང་རང་ཉིད་ཀྱི་རྩ་བའི་བླ་མ་ངག་དབང་རྡོ་རྗེ་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་གཉིས་ལ་གཙོ་བོར་ཁུངས་སུ་གཏུགས་ནས་བྲིས་པ་ཞིག་ཡིན་ཅིང། རྒྱ་གར་གྱི་མཁས་པ་ཤེར་འབྱུང་བློ་གྲོས། དགེ་སློང་བཻ་རོ་ཙ་ན་རཀྵི་ཏ། དགེ་བའི་ལྷ། བི་བྷཱུ་ཏི་ཙནྡྲ། ཀྲྀཥྞ་པ་དང་། བོད་ཀྱི་མཁས་པ་རྗེ་བཙུན་བསོད་ནམས་རྩེ་མོ། བུ་སྟོན་རིན་ཆེན་གྲུབ། རྒྱལ་སྲས་ཐོགས་མེད་བཟང་པོ། ས་བཟང་མ་ཏི་པཎ་ཆེན་རྣམས་ཀྱིས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་དག་དང་། རྒྱལ་ཚབ་རྗེས་རྗེའི་དྲུང་དུ་གསན་པའི་ཤེས་རབ་ལེའུའི་ཟིན་བྲིས་རྣམས་ལ་ཡང་གཞི་བཅོལ་ནས་བྲིས་པ་ཞིག་ཡིན།  +
ཀུན་མཁྱེན་མི་ཕམ་རྣམ་རྒྱལ་གྱིས། སྤྱོད་འཇུག་ཤེས་རབ་ལེའུའི་འགྲེལ་པ་ནོར་བུ་ཀེ་ཏ་ཀར། དགག་གཞག་དང་བཅས་གཞུང་དོན་རྣམ་བཤད་ཞིབ་རྒྱས་མཛད་པ་དེ་ཉིད། འདིར་ཚིག་དོན་ཅུང་ཟད་བསྡུས་ཤིང་། སྐབས་བབས་ཀྱི་གསལ་བྱེད་ཕྲན་བུ་རེ་ཡང་སྦྱར་ཏེ། གཞུང་གི་འབྲུ་འགྲེལ་གཟིགས་བདེར་བྱས་པ་ཞིག་ཡིན།  +
འབྲུ་འགྲེལ་འདི་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལས། གཙོ་བོར་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཚུལ་གྱི་མན་ངག་སྤྱོད་འཇུག་ཤེས་རབ་ལེའུར་གསུངས་པ་རྣམས་ཀྱི་ཚི་དོན་རྣམས་ལ་ས་བཅད་བཀོད་ཅིང་། དྲི་མ་མེད་པའི་རིགས་པས་མཐའ་གཞན་སྤངས་ཏེ་དོན་བཞིན་གཏན་ལ་ཕབ་པ་ཞིག་ཡིན།  +
བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པ་ལས་དགུ་པ་ཤེས་རབ་ལེའུར། བཀའ་ཤེར་ཕྱིན་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ནས་བསྟན་པའི་ཟབ་དོན་སྙིང་པོ་གསུངས་པ་ལ། མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་གྱི་དྲི་མ་སྤང་བའི་ཕྱིར་དུ། སྙིང་དོན་གསལ་བར་བྱེད་པའི་འགྲེལ་པ་འདི་བྲིས་པའོ།།  +
སྤྱོད་འཇུག་གི་རྣམ་བཤད་འདི་ཡི་ཐོག་མར་བཀའ་བསྟན་གྱི་ཁྱད་པར་དང་། ཆོས་འཆད་ཉན་སོགས་དམ་པའི་ཆོས་ལ་འཇུག་ཚུལ་ཐུན་མོང་དུ་རྒྱས་པར་བསྟན་ཅིང་། དངོས་གཞིའི་སྐབས་སློབ་དཔོན་ཞི་བ་ལྷའི་རྣམ་ཐར་ནས་བརྩམས་ཏེ། སྤྱོད་འཇུག་ལེའུ་བཅུ་པོའི་དགོངས་དོན་རྣམས་བླ་མ་རྣམས་ཀྱི་གསུང་དང་ལུང་རིགས་རྣམ་དག་ལ་བརྟེན་ནས་ས་བཅད་དང་ལེགས་པར་སྦྱར་ཡོད།  +
ས་བཅད་དང་བཅས་ལེགས་པར་བཀྲལ་བའི་སྤྱོད་འཇུག་ཤེས་རབ་ལེའུའི་ཊཱིཀྐ་འདི་ནི་རྗེ་ཙོང་ཁ་པ་ཆེན་པོས་རྒྱ་ཆེར་གསུངས་པའི་ཚིག་དོན་རགས་པ་བློ་ལ་ངེས་པ་རྣམས་ཚེ་རབས་གཞན་དུའང་མི་བརྗེད་པར་བྱ་བའི་ཕྱིར་རྒྱལ་ཚབ་དར་མ་རིན་ཆེན་གྱིས་བརྗེད་བྱང་གི་ཚུལ་དུ་བྲིས་པ་ཞིག་ཡིན།  +
ཤེར་ལེའི་འགྲེལ་པ་འདི་ནི་སྤྱོད་འཇུག་དར་ཊཱིཀ་ཤེར་ལེའི་སྐབས་དང་། དེའི་ཟིན་བྲིས་ཆེ་ཆུང་དང་། དེ་དག་དང་བཤད་ཚུལ་མཐུན་པའི་དམ་པ་སྔ་ཕྱིའི་གསུང་སྒྲོས་རྣམས་ལས་ཉེ་བར་བཏུས་ཏེ། རྩ་གཞུང་གི་ཚིག་དོན་རྣམས་ས་བཅད་དང་བཅས་ལེགས་པར་སྦྱར་བ་ཞིག་ཡིན།  +
འགྲེལ་པ་འདིར་དབུ་མའི་གཞུང་ལུགས་སྤྱིའི་ལོ་རྒྱུས་དང་། དབུ་མའི་ལྟ་བ་འཛིན་པའི་བླ་མ་བརྒྱུད་པའི་ལོ་རྒྱུས་རག་ཙམ་སྔོན་དུ་བཏང་ནས། དངོས་གཞིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། དགུ་པ་ཤེས་རབ་ལེའུའི་སྤྱི་དོན་རིམ་པར་ཕྱེས་ཡོད། དེ་ཡང་འདི་ཉིད་རྩོམ་པ་པོས་རང་གི་བླ་མ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་དྲུང་ནས་སྤྱོད་འཇུག་གི་བཤད་ཁྲིད་ཁ་ཚང་ཚར་བཞི་དང་། ཆོས་ཐུན་ཐར་ཐོར་ལན་གྲངས་དུ་མར་ཞུས་རྗེས། རྒྱལ་སྲས་ཐོགས་མེད་ཀྱི་འགྲེལ་པ་གཞིར་བཞག་སྟེང་། འགྲེལ་པ་གཞན་འགའི་འཆད་ཚུལ་ཡང་ཅི་རིགས་བཏུས་ཤིང་། ཤེར་ལེའི་སྐབས་སུ་དར་ཊཱིག་ལྟར་གྱི་འཆད་ཚུལ་རྣམས་ཀྱང་དེ་བཞིན་དུ་ཤེས་ན་ལེགས་ཚུལ་རེས་འགའ་བླ་མས་གསུང་སྲོལ་ཡོད་པ་ལྟར། ཤེར་འབྱུང་གི་ཊཱི་ཀ་ཆེན་མོ། རྒྱལ་སྲས་རིན་པོ་ཆེའི་འགྲེལ་པ། དར་ཊཱིཀ་ཤེར་ལེའི་སྐབས་ཀྱི་ཟིན་བྲིས་ཆེ་ཆུང་། གཞན་ཡང་རྩ་ཤེས་རྩ་འགྲེལ་སོགས་རིགས་ཚོགས་སྐོར། མདོ་བཏུས། བཞི་བརྒྱ་པ་རྩ་འགྲེལ། བསླབ་བཏུས་སོགས་དབུ་མའི་གཞུང་མང་པོ་ལས་བཏུས་ཤིང་ཁྱད་པར་དབུ་མ་འཇུག་པ་རྩ་འགྲེལ་དང་བསྟུན་ནས། དབུ་མའི་སྤྱི་དོན་ལྟ་བུར་བྱས་ཀྱང་ཆོག་པའི་ཚུལ་དུ་བྱས་ཤིང་བྲིས་པ་ཞིག་ཡིན།  +
༈ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་ (༩༨༢–༡༠༥༤) མཛད་པའི་མན་ངག་གི་བསྟན་བཅོས་འདིར། རྟེན་གྱི་གང་ཟག་ཚོགས་ལམ་ཆུང་ངུ་ལ་གནས་པ་ཞིག གདན་ཐོག་དུ་བསྡད་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཉམས་སུ་ལེན་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་མངོན་རྟོགས་རྣམས་རིམ་བཞིན་རྒྱུད་ལ་སྐྱེ་ཚུལ་གསལ་བར་བསྟན་ཡོད། ལམ་གྱི་རིམ་པ་དེ་ཡང་། ཐོས་པ་དང་བསམ་པའི་ཤེས་རབ་ལས་སྐྱེ་བ། ལས་དགེ་བ་བཅུ་སྤྱད་ཅིང་མི་དམིགས་པའི་དོན་མི་ཤེས་ཀྱང་མི་དམིགས་པར་བསྔོ་བ་ཐར་པ་ཆ་མཐུན་གྱི་ལམ་སྟེ། ཚོགས་ལམ་ཆུང་འབྲིང་ཆེ་གསུམ་དང་། འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་ལས་སྐྱེ་ཞིང་། མི་དམིགས་པའི་དོན་ཤེས་ནས་མི་དམིགས་པར་བསྔོ་བ། སྦྱོར་ལམ་དྲོད་རྩེ་སོགས་ངེས་འབྱེད་ཆ་བཞི་དང་། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་ལས་སྐྱེ་ཞིང་། མི་དམིགས་པར་གོམས་པས་བསྔོ་བ་སློབ་པ་ཕྱིར་མི་ལྡོག་པའི་ལམ་སྟེ། ཐེག་ཆེན་མཐོང་སྒོམ་གྱི་ལམ་དང་། མི་དམིགས་པར་གོམས་པ་ཀློང་དུ་གྱུར་བ་མི་སློབ་པ་མཐར་ཕྱིན་པའི་ལམ་སྟེ། རིམ་པ་བཞིར་བསྡུས་ཡོད། ལན་བཅུ་དགུར་འཁོར་བ་ནི། ཐར་པ་ཆ་མཐུན་སོགས་འཇིག་རྟེན་པའི་ལམ་བདུན། མཐོང་ལམ་སོགས་འཇིག་རྟེན་ལས་འདས་པའི་ལམ་བཅུ་སྟེ་བཅུ་བདུན། འབྲས་བུ་ཆོས་སྐུ་གཟུགས་སྐུ་གཉིས་ཏེ་བཅུ་དགུ་ལ། ལྷག་པའི་བསམ་པ་དང་། སྨོན་ལམ་གྱི་བསམ་པ། གོ་ཆའི་བསམ་པ་དང་། འཇུག་པའི་བསམ་པ་ལ་སོགས་པ་སྤྱོད་འཇུག་ལེའུའི་གཙོ་བོའི་དོན་བཅུ་གཅིག་གི་ཚུལ་གྱིས་འཁོར་ཞིང་། དེའང་སྦྱོར་བའི་ལམ། བར་ཆད་མེད་པའི་ལམ། རྣམ་པར་གྲོལ་བའི་ལམ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ལམ་སྟེ། གྲོགས་བཞི་བཞིས་འཁོར་བྱས་ནས་འཁོར་ཞིང་ལམ་གོང་ནས་གོང་དུ་བགྲོད་ཚུལ་བསྟན་ཡོད།  +
ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་སྤྱོད་འཇུག་གི་རྣམ་བཤད་གཞུང་དོན་རབ་གསལ་གྱི་བསྡུས་དོན་ས་བཅད་ཡིན།  +
T
ཕྱི་ལོ་ ༢༠༠༣ ཟླ་ ༦ ཚེས་ ༥ ནས་ ༩ བར་ཉིན་ལྔའི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་ཌན་མཱཀ་ཡི་རྒྱལ་ས་ཀོ་པན་ཧཱ་གན་དུ་ཕཱལ་ཀོ་ནར་ཚོགས་ཁང་ཆེན་མོའི་ནང་ཇི་ལྟར་ལ་ཁ་རིན་པོ་ཆེའི་གསོལ་བ་བཏབ་པ་བཞིན་ནང་ཆོས་ངོ་སྤྲོད་དང་། ཕར་ཕྱིན་དྲུག སེམས་བསྐྱེད་བཅས་ཀྱི་བཀའ་ཆོས། དྲི་བ་དྲིས་ལན་བཅས་བཀའ་དྲིན་བསྐྱངས་པའི་བརྙན་འཕྲིན་བཞུགས་སོ།  +
༄༅། །ཕྱི་ལོ་ ༢༠༠༣ ཟླ་ ༦ ཚེས་ ༥ ནས་ ༩ བར་ཉིན་ལྔའི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་ཌན་མཱཀ་ཡི་རྒྱལ་ས་ཀོ་པན་ཧཱ་གན་དུ་ཕཱལ་ཀོ་ནར་ཚོགས་ཁང་ཆེན་མོའི་ནང་ཇི་ལྟར་ལ་ཁ་རིན་པོ་ཆེའི་གསོལ་བ་བཏབ་པ་བཞིན་ནང་ཆོས་ངོ་སྤྲོད་དང་། ཕར་ཕྱིན་དྲུག སེམས་བསྐྱེད་བཅས་ཀྱི་བཀའ་ཆོས། དྲི་བ་དྲིས་ལན་བཅས་བཀའ་དྲིན་བསྐྱངས་པའི་བརྙན་འཕྲིན་བཞུགས་སོ།  +
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༥ ནས་ ༨ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་སྔོན་འགྲོའི་བཀའ་ཆོས་སུ་སྩལ་བའི་སྒོམ་རིམ་ཐོག་མཐའ་བར་གསུམ་དང་། སྤྱོད་འཇུག་ཆེན་མོའི་བཤད་ལུང་།  +