Property:DescriptionTib
From Bodhicitta
This is a property of type Text.
B
སྤྱོད་འཇུག་གི་རྣམ་བཤད་འདི་ཡི་ཐོག་མར་བཀའ་བསྟན་གྱི་ཁྱད་པར་དང་། ཆོས་འཆད་ཉན་སོགས་དམ་པའི་ཆོས་ལ་འཇུག་ཚུལ་ཐུན་མོང་དུ་རྒྱས་པར་བསྟན་ཅིང་། དངོས་གཞིའི་སྐབས་སློབ་དཔོན་ཞི་བ་ལྷའི་རྣམ་ཐར་ནས་བརྩམས་ཏེ། སྤྱོད་འཇུག་ལེའུ་བཅུ་པོའི་དགོངས་དོན་རྣམས་བླ་མ་རྣམས་ཀྱི་གསུང་དང་ལུང་རིགས་རྣམ་དག་ལ་བརྟེན་ནས་ས་བཅད་དང་ལེགས་པར་སྦྱར་ཡོད། +
Byang chub sems dpa'i spyod pa la 'jug pa'i rnam par bshad pa dam pa'i zhal lung rmongs pa'i mun sel +
འགྲེལ་གཞུང་འདིར་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ནས་བརྒྱད་པའི་བར་གྱི་གཞུང་དོན་ས་བཅད་དང་བཅས་རྣམ་བཤད་མཛད་ཡོད། ལེའུ་དགུ་པའི་འགྲེལ་པ་ཤེས་རབ་ལེའུའི་བརྗེད་བྱང་དམ་པའི་ཞལ་ལུང་ཞེས་པ་ཟུར་དུ་ཡོད་པའི་མཛད་བྱང་དུ། རྩོམ་པ་པོའི་མཚན་ལ། སྤྲང་པོ་དྷརྨ་ཀིརྟི་ཞེས་འཁོད་ཡོད། +
སྤྱོད་འཇུག་རྣམ་བཤད་འདི་ནི་གཙོ་བོར་འཕགས་ཡུལ་གྱི་མཁས་པ་ཤེར་འབྱུང་བློ་གྲོས། དགེ་ལྷ། རྣམ་སྣང་མཚོ། རྣལ་འབྱོར་ཟླ་བ། ནག་པོ་པ་སོགས་ཀྱིས་མཛད་པའི་ལེགས་བཤད་དག་ལྷུར་བླངས་ཏེ་གདུལ་བྱའི་སྐྱེ་བོ་བསྡུས་པ་ལ་དགའ་བའི་ངོར་ས་བཅད་དང་བཅས་ཚིག་ཉུང་ལ་དོན་གསལ་བར་ཕྱེས་པ་ཞིག་ཡིན། +
བོད་ཀྱི་པཎྜི་ཏ་ཆེན་པོ་ས་བཟང་མི་ཏིས་ (༡༢༩༤-༡༣༧༦) བཟང་ལྡན་ཡང་དགོན་བྱམས་པའི་གླིང་དུ་སྦྱར་བའི་སྤྱོད་འཇུག་གི་ཚིག་དོན་རྣམ་པར་བཤད་པའི་འགྲེལ་པ་འདིར། ཐོག་མར་དམ་པའི་ཆོས་ལ་འཇུག་ཚུལ་ཐུན་མོང་དུ་རྒྱས་པར་བསྟན་ནས། དངོས་གཞིའི་སྐབས་སུ་སྤྱོད་འཇུག་གཞུང་གི་ཚིགས་དང་དོན་རྣམས། ས་བཅད་ཀྱིས་བརྒྱན་ཏེ། སྡེབ་སྦྱོར་ལེགས་པའི་ངག་གིས་གསལ་བར་བཀྲལ་ཡོད། +
སྤྱོད་འགྲེལ་འདི་ནི། གཙོ་ཆེར་རྒྱ་གར་གྱི་མཁས་པ་ཆེན་པོ་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་འགྲེལ་པ། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཞེས་པ་དང་བསྟུན་ནས་བྲིས་པས་ཆོས་ཁུངས་བཙུན་པ་དང་། འཆད་ཚུལ་ཡང་ས་བཅད་དང་བཅས་རྒྱས་བསྡུས་འཚམས་ཤིང་ཚིག་དོན་གོ་བདེ་བ་དང་། བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་གསལ་བར་བཀོད་པས་བྱིན་རླབས་ཆེ་ཞིང་། ལོ་རྒྱུས་ཀྱི་དོན་སྙིང་དང་ལྡན་པ་སོགས་ཁྱད་ཆོས་མང་པོ་ལྡན་པ་ཞིག་ཡིན། +
ཟབ་རྒྱས་ཐེག་མཆོག་གཞུང་ལམ་ཀུན་གྱི་གཙོ་བོར་གྱུར་པ། སེམས་དཔའི་བསྟན་བཅོས་སྤྱོད་པ་ལ་འཇུག་པའི་གཞུང་གི་ས་བཅད་དོ།། +
སྤྱོད་འཇུག་གི་གཞུང་འཆད་ཐབས་ཀྱི་ས་བཅད་འདི་ནི་དགེ་བཤེས་ཐུབ་བསྟན་ཆོས་གྲགས་སམ་མི་ཉག་ཀུན་བཟང་བསོད་ནམས་ཀྱི་སྤྱོད་འགྲེལ་ལས་བཀོད་པ་སྟེ། དཀྱུས་ན་བསྔོ་ལེར་འགྲེལ་པ་མེད་དོ།། +
འདི་ནི་ཐོག་མར་ལུས་རྟེན་དལ་འབྱོར་བརྙེད་དཀའ་དང་སེམས་རྟེན་སྨོན་འཇུག་གཉིས་དང་། བར་དུ་མཆོད་ཕྱག་སྐྱབས་འགྲོ་སྡིགས་བཤགས་སོགས་དང་ལམ་ཕྱིན་དྲུག་གྱི་ཉམས་ལེན་དང་། རྗེས་བསྔོ་བ་སྟེ། ཀུན་རྫོབ་དང་དོམ་དམ་བྱང་ཆུབ་ཀྱི་སེམས་སྒོམ་པའི་ལམ་གྱི་རིམ་པ་ཐ་དག་སློབ་དཔོན་ཞི་བ་ལྷའི་བསྟན་བཅོས་སྤྱོད་འཇུག་ཏུ་གསལ་བ་གཞིར་བཟུང་གསལ་བར་བཀྲལ་བ་ཞིག་གོ། +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། སྡུག་བསྔལ་མ་ལུས་པ་དངོས་སུ་གཅོད་པའི་དངོས་གཉེན་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། དེ་ཉིད་མཐར་ཕྱིན་པར་བྱེད་པའི་ཡན་ལག་ཏུ་ཕར་ཕྱིན་དང་པོ་ལྔ་གསུངས་པ་དང་། རྗེས་དགེ་བ་གང་བྱས་བྱང་ཆུབ་ཏུ་བསྔོ་བའི་ཚུལ་གསུངས་པ་རྣམས་སྒོམ་པས་ཉམས་སུ་ལེན་པའི་རིམ་པ་བསྟན་པའི་མན་ངག་མདོར་བསྡུས་ཤིག་ཡིན། +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྒྲུང་འགྲེལ་ལས་འབྲས་གསལ་བའི་མེ་ལོང་ཞེས་པ་འདིར། སྤྱོད་འཇུག་ལེའུ་བཅུ་དང་འབྲེལ་བའི་གླེང་གཞིའམ་སྒྲུང་གཏམ་བརྒྱ་ལྷག་བཞུགས་ཡོད། +
ཀུན་མཁྱེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས་མཛད་པའི་ཤེར་ལེའི་ཊཱི་ཀ་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བའི་སྙིང་དོན་རྣམས་བསྡུས་ཏེ་སྤྱོད་འཇུག་རྩ་ཚིག་གི་མཆན་འགྲེལ་དུ་བྱས་པའི་འགྲེལ་གཞུང་ཞིག་ཡིན། +
Byang chub sems dpa'i spyod pa la 'jug pa'i tshig 'grel 'jam dbyangs bla ma'i zhal lung bdud rtsi'i thig pa +
ས་བཅད་དང་བཅས་ལེགས་པར་བཀྲལ་བའི་སྤྱོད་འཇུག་གི་ཚིག་འགྲེལ་འདི་ནི། རྩོམ་པ་པོ་རང་ཉིད་ཀྱིས་ཐམས་ཅད་མཁྱེན་པ་དཔལ་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཟླ་བ་དྲུག་ཏུ་སྤྱོད་འཇུག་ཁོ་ན་རྒྱས་པར་ཞུས་སྐབས་ཟིན་བྲིས་སུ་བཏབ་པ་དང་། ཁོང་གི་ཐུགས་སྲས་མཆོག་དབོན་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་ནོར་བུའི་ཞལ་སྔ་ནས་སྤྱོད་འཇུག་ཞག་བཞི་བཅུ་རེར་རྒྱས་པར་གནང་བ་ལན་གཉིས་ཐོབ་སྐབས་ཟིན་བྲིས་སུ་བཏབ་པ་དང་། ཐུགས་སྲས་དམ་གཞན་དག་གི་ཟིན་བྲིས་དང་གསུང་གི་སྣང་བ་ལ་ཡང་བརྟེན་ནས་གོ་སླ་གཙོར་འདོན་གྱིས་བྲིས་པ་ཞིག་ཡིན། +
སློ་དཔོན་ཆེན་པོ་ཞི་བ་ལྷའི་གཞུང་དུ། རྒྱལ་བ་རྣམས་ཀྱི་ཐུགས་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་ངོགས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་གཞག་ཟབ་རྒྱས་གསུངས་པ་རྣམས། བླ་མ་དཔལ་ལྡན་ཡོན་རྒྱ་མཚོའི་གསུང་ཇི་ལྟ་བ་བཞིན། ས་བཅད་དང་བཀའ་བསྟན་གྱི་ལུང་དུ་མས་བརྒྱན་ཏེ་ཟིན་བྲིས་སུ་བཀོད་པ་ཞིག་གོ། +
འགྲེལ་གཞུང་འདི་ལ་ཁྱད་ཆོས་མང་ཡང་གཙོ་ཆེ་བ་ནི། ལས་དང་པོ་པ་ལ་ཕན་ཕྱིར་སྙན་ངག་དང་སྡེབ་སྦྱོར་གྱིས་མ་བཅིངས་པར། རྩ་གཞུང་ལ་ས་བཅད་སྦྱར་ཏེ་ཡུལ་གྱི་ཁ་སྐད་དང་། སྐབས་ཐོབ་གླེང་གཞི་དག་ཀྱང་འཐུས་པར་བྱས་ཏེ། གཞུང་དོན་མཇལ་བ་ཙམ་གྱིས་ཁོང་དུ་ཆུད་སླ་བར་མཛད་ཡོད། དེ་བཞིན་འགྲེལ་པ་འདི་ཉིད་གཞུང་དོན་ཉམས་སུ་ལེན་པའི་ཕྱིར་མན་ངག་གི་ཚུལ་དུ་གསུངས་པ་ཡིན་ཚུལ་ཡང་འདི་ཉིད་ཀྱི་མཛད་བྱང་དུ། "དེ་ལྟར་ཚིག་དོན་ཐམས་ཅད་ཤེས་པས་མི་ཆོག་ཉམས་ལེན་དགོས། མཆོད་འབུལ་དང་སྡིག་པ་ལ་འགྱོད་སྡོམ་གལ་ཆེ་ཞེས་ཨ་བུ་མཆོག་སྤྲུལ་རིན་པོ་ཆེ་ནས་ངས་བཤད་པའི་དོན་ནི་ཉམས་ལེན་རེ་དགོས། ངས་ཀྱང་སེར་གཟུགས་མ་ཤོར་བའང་སྤྱོད་འཇུག་གི་སྐུ་དྲིན་དང་དགེ་བློ་འབྱོང་བའང་སྤྱོད་འཇུག་གི་བཀའ་དྲིན་ཡིན་ཏེ།" ཞེས་སོགས་གསུངས་པ་བཞིན། འགྲེལ་པ་འདི་དམིགས་བསལ་ཉམས་ལེན་པ་རྣམས་དང་སློབ་གཉེར་བ་ལས་དང་པོ་བ་རྣམས་ལ་ཉེ་བར་མཁོ་བ་ཡོད། +
Byang chub sems dpa'i spyod pa la 'jug pa'i zin bris mtshungs med bla ma'i zhal rgyun (Vajra Vidya Library) +
རྒྱལ་སྲས་བདག་ཉིད་ཆེན་པོ་ཞི་བ་ལྷ་ཞེས་བྱ་བ་ངོ་མཚར་པའི་རྣམ་ཐར་བདུན་དང་ལྡན་པ་དེ་ཉིད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལེའུ་བཅུ་ས་བཅད་བཞིས་ཡོངས་སུ་བསྡུས་ཏེ་བསྟན་པའི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་དེ་ཉིེད་ལ་རྒྱ་བོད་ཀྱི་འགྲེལ་པ་རྒྱས་བསྡུས་དུ་མ་བཞུགས་པ་ལས། འདིར་ཚྭ་ཉག་ཤེས་རབ་མཐར་ཕྱིན་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཟིན་བྲིས་མཚུངས་མེད་བླ་མའི་ཞལ་རྒྱུན་ཞེས་བྱ་བ་འདི་ལ་ཁྱད་ཆོས་མང་དུ་ཡོད་པ་ལས་གཙོ་ཆེ་བ་ནི། སྙན་ངག་དང་སྡེབ་སྦྱོར་གྱིས་མ་བརྒྱན་པར་ལས་དང་པོ་པ་ལ་ཕན་ཕྱིར་ཡུལ་གྱི་ཁ་སྐད་ལྟར་བཀོད་པས། ས་བཅད་དང་གཞུང་གི་བརྗོད་བྱ་རྣམས་མཇལ་བ་ཙམ་གྱི་ཁོང་དུ་ཆུད་སླ་བ་དང་། སྐབས་འགར་མདོའི་གླེང་གཞི་ལོ་རྒྱུས་སོགས་དང་སྦྱར་ཏེ་ཤིན་ཏུ་གོ་བདེ་བར་བཀོད་ཅིང་། ཇི་ལྟར་ཉམས་སུ་ལེན་པའི་མན་ངག་གི་ཚུལ་རྒྱུད་ལ་སྦྱོར་བ་ཁོ་ནའི་ཆེད་དུ་ཡིན་ཚུལ་གཞུང་འདི་ཉིད་ཀྱི་མཛད་བྱང་དུ་གསལ་ལོ།། ([https://dharmacloud.tsadra.org/book/vvi-017-%e0%bd%96%e0%be%b1%e0%bd%84%e0%bc%8b%e0%bd%86%e0%bd%b4%e0%bd%96%e0%bc%8b%e0%bd%a6%e0%bd%ba%e0%bd%98%e0%bd%a6%e0%bc%8b%e0%bd%91%e0%bd%94%e0%bd%a0%e0%bd%b2%e0%bc%8b%e0%bd%a6%e0%be%a4%e0%be%b1%e0%bd%bc%e0%bd%91%e0%bc%8b%e0%bd%94%e0%bc%8b%e0%bd%a3%e0%bc%8b%e0%bd%a0%e0%bd%87%e0%bd%b4%e0%bd%82%e0%bc%8b%e0%bd%94%e0%bd%a0%e0%bd%b2%e0%bc%8b%e0%bd%9f%e0%bd%b2%e0%bd%93%e0%bc%8b%e0%bd%96%e0%be%b2%e0%bd%b2%e0%bd%a6%e0%bc%8b%e0%bd%98%e0%bd%9a%e0%bd%b4%e0%bd%84%e0%bd%a6%e0%bc%8b%e0%bd%98%e0%bd%ba%e0%bd%91%e0%bc%8b%e0%bd%96%e0%be%b3%e0%bc%8b%e0%bd%98%e0%bd%a0%e0%bd%b2%e0%bc%8b%e0%bd%9e%e0%bd%a3%e0%bc%8b%e0%bd%a2%e0%be%92%e0%be%b1%e0%bd%b4%e0%bd%93%e0%bc%8b%e0%bd%96%e0%bd%9e%e0%bd%b4%e0%bd%82%e0%bd%a6%e0%bc%8b%e0%bd%a6%e0%bd%bc%e0%bc%8d%e0%bc%8d/ Source]) +
Byang chub sems dpa'i spyod pa las shes rab kyi pha rol tu phyin pa'i le'u'i 'grel pa gzhung don 'khrul med gsal ba'i nyi 'od +
འདི་ནི་སྤྱོད་འཇུག་ལེའུ་དགུ་པའི་གཞུང་དོན་འཇམ་དབྱངས་བླ་མ་སྐུ་མཆེད་ཀྱི་གསུང་འཁྲུལ་བ་མེད་པའི་དགོངས་པ་ཇི་ལྟ་བ་བཞིན། ཉུང་ངུའི་ངག་གིས་ཚིག་དོན་ཙམ་ཞིག་ས་བཅད་དང་བཅས་བཤད་པ་ཞིག་ཡིན། +
སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་<<བྱང་ཆུབ་སེམས་དཔའི་ས་>>ཡི་ཚུལ་ཁྲིམས་ཀྱི་ལེའུའི་རྣམ་བཤད། བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་ནས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱ་བའི་ཚུལ་གསལ་བར་བསྟན་པའི་རྒྱ་གཞུང་ཆེན་མོ་དག་ལ་གཏུགས་ཏེ་བགྱིས་པ་འདི་ནི་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའོ།། +
༈ སྙན་རྩོམ་ཚིགས་སུ་བཅད་པ་ ༣༥༦ ལྡན་པའི་བརྩམས་ཆོས། བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོན་མ་ཞེས་བྱ་བ་འདི་ནི། སེམས་དཔའ་ཆེན་པོ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ (༡༨༩༤–༡༩༧༧) གྱིས་སྤྱི་ལོ་ ༡༩༥༩ ལོར་ཉིན་རེར་ཚིགས་སུ་བཅད་པ་རེ་རེ་ཟིན་བྲིས་མཛད་པ་ལས་གྲུབ་པ་ཞིག་ཡིན། དཔེ་དོན་སོགས་སྙན་ངག་གི་རྒྱན་གྱིས་མཛེས་པར་བརྒྱན་པའི་ཚིགས་བཅད་འདི་དག་གིས། ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ལ་ཡོན་ཏན་དང་ཕན་ཡོན་སོགས་སྒོ་དུ་མ་ནས་བསྟོད་ཅིང་། བྱང་ཆུབ་ཀྱི་སེམས་ཉིད་འགྲོ་བ་མི་ཡི་རྒྱུད་ལ་ངེས་པར་བསྐྱེད་དགོས་པའི་ཁྱད་ནོར་རིན་ཐང་ཀུན་ལས་ཆེ་བ་ཡིན་པར་བསྒྲུབས་ཡོད། གསུང་རྩོམ་འདི་དག་ནི། ཐེག་པ་ཆེན་པོའི་གཞུང་ལུགས་ན་བསྟན་པའི་བྱང་སེམས་ཀྱི་བསླབ་བྱ་རྣམས། ཁུ་ནུ་རིན་པོ་ཆེ་རང་གི་ཐུགས་ཉམས་སུ་ཇི་ལྟར་ཤར་བ་བཞིན་ཡི་གེར་བཀོད་པ་ཞིག་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་། ཁུ་ནུ་རིན་པོ་ཆེ་བླ་མར་བསྟེན་སྐབས། གཞུང་འདི་ཉིད་ཀྱི་ཁྲིད་ལུང་ཐོག་མར་བཞེས་ནས་སྤྱི་ལོ་ ༢༠༡༣ ལོར་ཨོ་གླིང་གི་རྒྱལ་ས་སིཌ་ནི་དང་། དེ་བཞིན་ས་གནས་མང་པོར་འཆད་ཁྲིད་ཐེངས་མང་གནང་ཡོད། སྙན་རྩོམ་ཚིགས་སུ་བཅད་པ་འདི་དག་ཚིགས་དོན་གསལ་ཞིང་། ཀློག་པ་པོར་བྱམས་དང་སྙིང་རྗེའི་སེམས་འགུལ་བདེ་བླག་ཏུ་སྟེར་བ་སོགས་ཁྱད་ཆོས་ཐུན་མིན་ལྡན་གཤིས། བོད་རྒྱུད་ནང་བསྟན་ཁྲོད་འཆད་ཁྲིད་དར་ཁྱབ་ཆེ་མུས་དང་། དབྱིན་སྐད་དུ་ཡང་བསྒྱུར་ཡོད། +
འགྲེལ་གཞུང་དི་ནི། ས་བཅད་དང་བཅས་གཞུང་ཚིག་དཀྱུས་འགྲིག་གིས་གོ་སླ་བར་བྱས་ཏེ། དམ་པའི་གསུང་དང་མཁས་པ་སྔ་མའི་འགྲེལ་པ་དག་ལ་བརྟེན་ནས་འབྲུ་བརྣན་གསལ་པོར་བྲིས་པ་ཞིག་ཡིན། +
དཔལ་སང་ཕུ་ནེའུ་ཐོག་གི་ཆོས་གྲར་སྦྱར་བའི་སྤྱོད་འཇུག་གི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་འགྲེལ་པ་འདི་ནི། འགྲེལ་བྱེད་གཞན་འགས་གཞུང་ནས་བསྟན་པའི་བླང་དོར་གྱི་གནས་རྣམས་ཞི་བ་ལྷའི་གསུང་ཚུལ་ལས་གཞན་དུ་བཤད་པར་གཟིགས་ནས། དེ་དག་གིས་སྨྲས་པའི་འབྲེལ་མེད་ཚིག་གི་མུན་ཚོགས་ཐ་དག་ལུང་རིག་རྣམ་དག་གིས་རྣམ་པར་བསལ་ཏེ། གཞུང་དོན་སློབ་དཔོན་གྱི་དགོངས་པ་ཇི་བཞིན་བཤད་པ་ཞིག་ཡིན། +