Property:DescriptionTib

From Bodhicitta

This is a property of type Text.

Showing 20 pages using this property.
B
སྤྱོད་འཇུག་གི་བསྡུས་འགྲེལ། གཞུང་དོན་ས་བཅད་སྦྱར་ཏེ་བཀྲལ་བ་ཞིག་ཡིན།  +
ས་བཅད་དང་བཅས་ལེགས་པར་བཤད་པའི་སྤྱོད་འཇུག་གི་འགྲེལ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རབ་ཏུ་གསལ་བ་ཞེས་པ་འདི་ནི། འགྲེལ་བྱེད་གཞན་གིས་མ་བཤད་པ་དང་། ལོག་པར་བཤད་པ་དང་། ཐེ་ཚོམ་དུ་བཤད་པ་རྣམས་རིང་དུ་དོར་ནས། སློབ་དཔོན་གྱི་དགོངས་པ་ཇི་བཞིན་ལེགས་པར་བཀྲལ་བ་ཡིན་ཞེས་འགྲེལ་པ་འདི་ཉིད་ཀྱི་མཛད་བྱང་དུ་གསལ་བ་ལྟར་རོ།།  +
སྤྱོད་འཇུག་གི་ཊཱིཀྐ་འདིར། དར་ཊཱིཀ་ཆེན་མོའི་ས་བཅད་ཅུང་ཟད་བསྡུས་པར་བྱས་ཤིང་། འགྲེལ་གཞུང་ལ་འཕྲི་སྣོན་མེད་པའི་ཐོག། ལམ་རིམ་ཆེན་མོ་དང་བློ་སྦྱོང་ཆེན་མོ་ནས་ཀྱང་ཅུང་ཟད་ཁ་སྐོང་བྱས་ཡོད།  +
དོན་གཉེར་བས་འཛིན་བདེ་བའི་ཕྱིར། སྤྱོད་འཇུག་གི་གཞུང་དོན་ས་བཅད་ཀྱི་ཚུལ་དུ་ཉུང་ངུར་བསྡུས་པ་ཞིག་ཡིན།  +
སྤྱོད་འཇུག་ལེའུ་བཅུ་པོའི་བསྡུས་དོན་ས་བཅད་ཡིན།  +
སྤྱོད་འཇུག་ལེའུ་བཅུ་པོའི་ས་བཅད་ཡིན།  +
ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་སྤྱོད་འཇུག་གི་རྣམ་བཤད་གཞུང་དོན་རབ་གསལ་གྱི་བསྡུས་དོན་ས་བཅད་ཡིན།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གདམས་པ་རིན་པོ་ཆེ་བཤད་སྒྲུབ་ཀྱི་སྒོ་ནས་ཉམས་སུ་ལེན་ཚུལ་སྟོན་པའི་བསྡུས་དོན་ས་བཅད་ཅིག་ཡིན།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་བཅུ་པོའི་དོན་རྒྱ་ཆེ་བ་རྣམས་ས་བཅད་ཀྱི་ཚུལ་དུ་བསྡུས་པ་ཞིག་ཡིན།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་བའི་གནས་གསལ་བར་འགྲེལ་བ་འདི་ནི། བཀའ་དང་བསྟན་བཅོས་ཀྱི་ལུང་གིས་ལེགས་པར་བརྒྱན་ཞིང་། འཁྲུལ་མེད་གོང་མའི་གསུང་བཞིན་བྲིས་པ་ཞིག་ཡིན།  +
བརྗེད་བྱང་འདི་ནི་སྤྱོད་འཇུག་འཕྲལ་ཀློག་བདེ་ཞིང་བློར་འཇགས་བདེ་བའི་ཕྱིར། རྒྱལ་ཚབ་རྗེས་མཛད་པའི་འགྲེལ་པ་རྒྱལ་སྲས་འཇུག་ངོགས་ལ་བརྟེན་ནས་བྲིས་པ་དང་། རྒྱ་བོད་ཀྱི་སྤྱོད་འགྲེལ་སྔ་མ་རྣམས་སུ་མཁས་གྲུབ་གོང་མ་རྣམས་ཀྱིས་བཤད་ཚུལ་བསྲེ་བསླད་མེད་པར་བཏུས་ཤིང་བསྒྲིགས་པའི་ཟིན་བྲིས་ཤིག་ཡིན། འདིར་གཞུང་གི་དཀའ་བའི་གནས་རྣམས་ལ་རྒྱས་བཤད་དང་། སྤྱོད་འཇུག་ལ་བོད་འགྱུར་ཇི་ཡོད་དང་། མཁས་པ་དག་གིས་གཞུང་འདི་འཆད་ཚུལ་ཇི་ལྟར་ཡོད་པ་སོགས་ངོ་སྤྲོད་བྱས་ཡོད།  +
རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་སྤྱོད་འགྲེལ་རྒྱལ་སྲས་འཇུག་ངོགས་ཏེ། རྒྱལ་སྲས་ཞི་བ་ལྷའི་དགོངས་པ་ཟབ་ཅིང་ཤིན་ཏུ་རྟོགས་དཀའ་བ་རྣམས་གཞུང་དོན་མ་འདྲེས་པར་སོ་སོར་གསལ་བར་བྱེད་པ་དེ་ཉིད་ཀྱི་སྙིང་པོར་གྱུར་བའི་སྤྱོད་འགྲེལ་འདི་ནི། ལོ་ཙཱ་བ་སངས་རྒྱས་ཕུན་ཚོགས་ཀྱིས་བསྐུལ་བའི་ངོར། རྒྱས་སྲས་འཇུག་ངོགས་ཀྱི་གཞུང་ལ་འདྲིས་པ། དཀྱིལ་ཁང་མཁན་ཟུར་དགེ་སློང་བློ་བཟང་སྦྱིན་པས་དབེན་གནས་དགའ་ལྡན་ཆོས་གླིང་དུ་བྲིས་པ་ཞིག་ཡིན།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འཆད་ཉན་དང་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་གཏམ་རྒྱུད། མདོ་ཡི་ཁུངས་དང་ལྡན་པ་སོ་བདུན་ཕྱོགས་བསྒྲིགས་མཛད་པ་ཞིག་ཡིན་ཡང་། མཛད་པ་པོའི་མཚན་གསལ་ཁ་མི་སྣང་།  +
གང་ཞིག་རྒྱུད་ལ་བྱིན་རླབས་འཇུག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྩ་གཞུང་ཁ་འདོན་དུ་བྱ་བར་འདོད་ན། མདུན་མཁར་དམིགས་ཡུལ་གསལ་འདེབས་སོགས་སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་པའི་འདོན་ཐབས་ཀྱི་ཡན་ལག་རྣམས་གཞུང་འདིར་གསལ་བར་བཤད་ཡོད།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པའི་གཞུང་གི་སྐབས་སུ་བབ་པའི་སྤྱི་དོན་དང་། ལུང་འདྲེན་དང་། གཏམ་རྒྱུད་དང་། རྒྱ་དཔེ་དང་། འགྲེལ་པ་ཀུན་ལས་འབྱུང་བའི་ནང་ནས་གཞུང་དཀའ་བའི་བཤད་ཡམས་གསལ་བར་བྱེད་པའི་འགྲེལ་པ་ཞིག་ཡིན།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་ལེགས་པར་བཤད་པ་འདི་ནི། སྔོན་གྱི་རྒྱ་བོད་ཀྱི་མཁས་གྲུབ་མང་པོའི་གཞུང་འགྲེལ་མང་དུ་ཡོད་ཀྱང་། འགའ་ཞིག་བསྡུས་དྲག་པས་རྒྱ་འཁྲོལ་དཀའ་བ་དང་། འགའ་ཞིག་རྒྱས་ཆེ་བས་ལས་དང་པོ་པའི་བློར་མི་ཤོང་བ་སོགས་ལ་ཕན་སེམས་ཀྱིས། ཤྲཱི་ནིརྨ་ཀའི་ཞལ་རྒྱུན་གྱི་འགྲེལ་པ་གཞིར་བཞག་སྟེ་རྒྱས་བསྡུས་མཚམས་པར་བྱས་ཤིང་། ཤེས་རབ་དང་བསྔོ་བའི་ལེའུ་ལ། མི་ཕམ་རིན་པོ་ཆེ་དང་ས་བཟང་གི་འགྲེལ་པས་ཟུར་བརྒྱན་བགྱིས་ཏེ་བྲིས་པ་ཞིག་ཡིན།  +
མཆན་འགྲེལ་འདི་ནི་བཀའ་བརྒྱུད་གོང་མའི་ཐུན་མིན་ཁྱད་ཆོས་དང་ལྟ་དགོངས་རྟོགས་པའི་མཐུན་རྐྱེན་དུ་དམིགས་ཏེ་བྲིས་པ་ཞིག་ཡིན། དེ་ཡང་ཀུན་མཁྱེན་འཇུ་མི་ཕམ་གྱི་གསུང་རྩོམ་དང་ལྟ་གྲུབ་ཀྱི་གནད་རྣམས། རྗེ་འབྲི་གུང་པའི་ལྟ་གྲུབ་དང་ཆེས་མཐུན་པའི་གནད་ཀྱིས། མཆན་འགྲེལ་འདི་ཉིད་ཀུན་མཁྱེན་བརྒྱུད་པ་དང་བཅས་པའི་འགྲེལ་ཚུལ་ལ་གཞི་བྱས་ཤིང་། ལྟ་དགོངས་ཀྱི་གནད་ཀུན་རྗེ་འབྲི་གུང་པའི་ཐུན་མིན་ཁྱད་ཆོས་དམ་ཆོས་དགོངས་པ་གཅིག་པ་དང་ཡང་མཐུན་པར་བྱས་ཏེ་བཀྲལ་བ་ཞིག་ཡིན།  +
སྤྱོད་འགྲེལ་འདི་ནི་མཆིམས་ནམ་མཁའ་གྲགས་ཡབ་སྲས་ཀྱི་བྱིན་རླབས་ཞུགས་པའི་སྐྱེས་བུ། སྐྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན་ཞེས་བྱ་བས། འགྲེལ་པ་གཞན་ལས་ལེགས་བཤད་རྣམས་བླངས་ཤིང་ཉེས་བཤད་རྣམས་དོར་ཏེ། གཞུང་གི་ཚིག་དོན་རྣམས་ས་བཅད་བཀོད་ཅིང་ལུང་རིགས་རྣམ་དག་གིས་ལེགས་པར་བརྒྱན་ཏེ་བཤད་པ་ཞིག་ཡིན།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་འདིར། གཞུང་གི་ཚིག་དོན་རྣམས་མཁས་པའི་བཞེད་པ་བཞིན་ས་བཅད་དང་བཅས་རྒྱས་པར་བཤད་ཅིང་། འགའ་ཞིག་གིས་དམན་པའི་བྱང་ཆུབ་ཐོབ་པ་ལ་ཟབ་མོའི་དེ་ཉིད་རྟོགས་པ་མི་དགོས་པར་འདོད་པ་ལ་སོགས་པའི་ལོག་རྟོག་རྣམས་འཕགས་པའི་དགོངས་པ་ལས་རིང་དུ་སོང་བར་གཟིགས་ནས། དེ་དག་རེ་རེ་བཞིན་ལུང་རིག་རྣམ་དག་གིས་དགག་གཞག་མཛད་ཡོད། གཞན་ཡང་རྔོག་འགྱུར་གྱི་རྩ་བ་རྐྱང་པ་དང་འགྲེལ་པའི་འགྱུར་གྱི་རྩ་ཚིག་ལ་ཡང་མི་མཐུན་པ་མང་དུ་སྣང་བ་རྣམས་དང་། རྩ་བ་ལ་ཡང་མི་མཐུན་པ་དུ་མ་སྣང་བ་རྣམས་དོན་ལ་ཞིབ་ཏུ་དཔྱད་ནས་བཀོད་པ་ཡིན་ཞེས་འགྲེལ་པ་འདི་ཉིད་ཀྱི་མཛད་བྱང་དུ་གསལ་ལོ།།  +
དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་སྤྱོད་འཇུག་འགྲེལ་ཆེན་དུ། སྤྱོད་འཇུག་གི་རྒྱ་འགྲེལ་དག་གི་དགོངས་ཚུལ་མི་འདྲ་བ་རྣམས་ཕྱོགས་བསྡུས་ཀྱིས། བློ་ལ་འཛིན་བདེ་བའི་ཕྱིར་ཚིགས་བཅད་དུ་བྲིས་ཤིང་། རང་ལུགས་ཐུན་མིན་གྱི་ཁྱད་ཆོས་རྣམས་སྤྱི་དོན་གྱིས་གསལ་བར་ཕྱེས་ཡོད། ད་རེས་རྣམ་བཤད་འདིར། དཔའ་བོ་རིན་པོ་ཆེའི་གསུང་གཞིར་བཞག་ཐོག། རྩ་ཚིག་གི་དོན་རྣམས་བློ་གསར་རྣམས་ལ་གོ་བདེ་བར་བྱས་ཏེ་ལེགས་པར་བཤད་ཡོད།  +