ཀུ་སུ་ལུའི་ཚོགས་གསོག་གི་བློ་སྦྱོང་།
Kusulu's Accumulation Mind Training
FULL TEXT


Description

In Compendium of Well-Uttered Insights (p. 245), Shönu Gyalchok states that this is the practice of training in the awakening mind according to the secret mantra system that the two yoginīs Tārā and Bhṛkuṭī conferred on Atiśa, when he encountered them in the sky to the east of Bodhgaya stupa. This story is recounted in . . . Two Yoginīs' Admonition to Atiśa to Train His Mind [Jo bo la rnal 'byor ma gnyis kyis sems sbyong zhig ces gdams pa]. The present text is probably the one Longdöl Lama refers to as Secret Mantra Mind Training in his list (A Useful List [of Texts], p. 316). The central practice echoes the well-known practice of offering one's body found in the "cutting off" (chö, spelled chod) tradition of Machik Lapdrön. It is difficult to determine what source Shönu Gyalchok is using to attribute this instruction to Atiśa. (Thupten Jinpa, Mind Training: The Great Collection, 603–4n331)

Citationku su lu'i tshogs gsog gi blo sbyong [ཀུ་སུ་ལུའི་ཚོགས་གསོག་གི་བློ་སྦྱོང་།]. [Kusulu's Accumulation Mind Training].
Author[[]]



[edit]
Source Ku su lu'i tshogs gsog gi blo sbyong
Date 2025-10-15
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། །ཀུ་སུ་ལུའི་ཚོགས་བསོག་གི་བློ་སྦྱོང་བཞུགས་སོ།།

༄༅། །ཇོ་བོའི་ཞལ་ནས། ཀུ་སུ་ལུའི་ཚོགས་བསོག་འདི་བསོད་ནམས་ཆེ་བ་ཡིན། འཁོར་བ་དོང་ བཀྲུགས་བྱས་པ་ཡིན། ཀུ་སུ་ལུའི་ཚོགས་བསོག་འདི་ལ་ཕན་ཡོན་བརྒྱད་ཡོད་གསུངས། ལུས་ཐ་མལ་ གྱི་ཞེན་པ་ཆོད་པ་དང༌། འཆི་བ་བསླུ་བ་དང་། དམ་ཚིག་ཉམས་པ་སྐོང་བ་དང༌། རྨི་ལམ་འབད་མེད་ དུ་ཟིན་པ་དང་། མནར་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བ་དང་། བར་དོར་དག་པའི་སྒྱུ་ལུས་ངོས་ཟིན་ པ་དང༌། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་དང༌། སྨོན་ལམ་དང་ཐུགས་རྗེའི་དབང་གིས་གཞན་ དོན་འབད་མེད་དུ་འགྲུབ་པ་དང་བརྒྱད་དོ།། འདི་སྒོམ་པའི་དུས་སུ་སྟན་བདེ་བ་ལ་འདུག་སྟེ། ལུས་སེམས་གནད་དང་ལྡན་པར་བྱས་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་རྣལ་འབྱོར་པ་ཀུ་ སུ་ལུའི་གདམས་ངག་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། རང་གི་ལུས་འདིའི་ནང་སྟོང་པ་རྫ་ མའི་ནང་ལྟ་བུར་བསྒོམ། མགྲིན་པ་ནས་ཚངས་པའི་བུ་ག་མན་ཆད་བུམ་པའི་མགྲིན་པ་ལྟར་སྐྱ་སེང་བ་ གཅིག་བསམ། རང་ལུས་སྟོང་པའི་ཐུགས་ཀར་རང་གི་སེམས་ཀྱི་རྣམ་པ་ཧཱུྃ་སྔོན་པོ་གཅིག་ཏུ་གྱུར་པར་ བསམ། དེ་རླུང་གིས་ཡར་བཏེགས་པས་ཚངས་པའི་བུ་ག་ནས་ཡར་ཐོན། ནམ་མཁའི་སོར་བཞི་ཙམ་ ན་ཡོད་པར་བསམས་ལ། དེ་ལ་དམིགས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ་ཉཧཾ། ཅེས་པ་ ལན་གསུམ་བརྗོད་དེ་རྨི་ལམ་སྒྱུ་མ་ཙམ་དུ་གྱུར་པར་བསམ། ཨོ་ཤུནྱ་ཏ་ཛྷཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། ལན་གསུམ་བརྗོད་པས་ཧཱུཾ་དེ་སྟོང་པར་གྱུར་པར་བསམ། དེའི་ངང་ནས་ནམ་མཁའ་ལ་པདྨ་དམར་སེར་གཅིག་བསམ། དེ་འོད་དུ་ཞུ་བ་ལས་པདྨའི་ གདན་གཅིག་ཏུ་གྱུར། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པཾ་ཡིག་དམར་པོ་གཅིག་ བསམས། ཁཾ་འོད་དུ་ཞུ་བ་ལས་གྲི་གུག་གཅིག་ཏུ་གྱུར། འཆང་བཟུང་ཡུ་བ་ལ་ཨ་ལས་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ་བོ་དམར་པོ་གཅིག་བསམས། དེ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ ཕོག་པས་སྡིག་སྒྲིབ་དག་པས་སེམས་ཅན་ཐམས་ཅད་ཇོ་མོ་རྣལ་འབྱོར་མར་གྱུར་པར་བསམས། འོད་ ཟེར་ཚུར་འདུས་གྲི་གུག་གི་ཡུ་བའི་ཐཾ་ལ་ཐིམ་པར་བསམ། བོ་གྲི་གུག་དང་བཅས་པ་ཞུ་ནས་རང་གི་ སེམས་འདི་ཇོ་མོའི་བྲིས་སྐུ་འདྲ་བ་གཅིག་ཏུ་གྱུར་པར་བསམ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ་པཾ་བསམ། དེ་ལས་འོད་འཕྲོས་པས། ནུབ་ཕྱོགས་བདེ་བ་ཅན་ནས་ཇོ་མོ་ཡེ་ཤེས་པ་ སྤྱན་དྲངས་ནས་བྱོན་པར་བསམ། ཛཞེས་པས་སྤྱི་བོར་བྱོན། ཧཱུྃ་གིས་ཐིམ། ཐཾ་གྱིས་གཉིས་མེད་དུ་ གྱུར། ཧོས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་འདུས་པའི་སྐུའི་ངོ་བོར་གྱུར་པ་ཇོ་མོ་ རྡོ་རྗེ་རྣལ་འབྱོར་མ་རང་ཉིད་ཡིན་ཨང་སྙམ་དུ་དགའ་བ་བསྒོམ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་ དཀྱིལ་འཁོར་གྱི་སྟེང་དུ་བོ་དམར་པོ་གཅིག་བསམ། སྤྱི་བོར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ ཨོཾ་དཀར་པོ་གཅིག་བསམ། མགྲིན་པར་ཨ་ལས་ཟླ་བའི་སྟེང་དུ་ཨ་དམར་པོ་གཅིག་བསམ། ཐུགས་ ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་གཅིག་བསམ། དེ་རྣམས་ལ་དམིགས་ལ། ཨོཾ་ཨཱ༔ཧཱུྃ་གསུམ་བརྗོད། དེ་ནས་རང་ལུས་མི་རོར་གྱུར་པ་དེ་རྣལ་འབྱོར་མའི་མདུན་དུ་ལིང་ངེ་ཡོད་པར་བསམས་ལ། དེའི་རྩར་ཡཾ་ལྗང་ཁུ་གཅིག་བསམ། དེ་འོད་དུ་ཞུ་བ་ལས་རླུང་གི་དཀྱིལ་འཁོར་འོད་མའི་གཞུའི་དབྱིབས་ སུ་ཡོད་པ་མཆོག་མ་གཉིས་ན་རླུང་གི་བ་དན་སྔོན་པོ་རེ་ཡོད་པར་བསམ། དེའི་འཆང་བཟུང་ན་རཾ་ དམར་སེར་གཅིག་བསམ། དེའི་ཕྱོགས་རེ་རེ་ན་ཧཱུཾ་སྔོ་སྐྱ་རེ་རེ་བསམ། ཧཱུཾ་འོད་དུ་ཞུ་བས་མི་མགོ་རློན་ པའི་སྒྱེད་བུ་གསུམ་ཡོད་པར་བསམ། དེ་ནས་རང་གི་སེམས་རྡོ་རྗེ་རྣལ་འབྱོར་མར་གྱུར་པའི་ཕྱག་ གཡས་ཀྱི་གྲི་གུག་དེས་མི་རོའི་ཐོད་པ་འབྲེག་མཚམས་སུ་བྲེགས་ནས་མི་མགོའི་སྒྱེད་བུ་དེའི་སྟེང་དུ་ བཞག་པར་བསམ། ཐོད་པ་དེ་ཡང་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་གྱུར་ པར་བསམ། དེའི་ནང་དུ་མི་རོ་དེ་བཅུག་ལ། མི་རོ་དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་ སྟེང་དུ་བོ་བསམ། དེ་འོད་དུ་ཞུ་བ་གྲི་གུག་གཅིག དེའི་འཆང་བཟུང་གི་སྟེང་ན་ཨ་ལས་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་ན་ཁཾ་བསམ། དེ་ལས་འོད་འཕྲོས་པས་མི་རོ་དེ་བདུད་རྩིར་གྱུར། ཡང་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ ནས་བདུད་རྩི་བབས་པས་ཐོད་པ་གང་བར་བསམ། རྣལ་འབྱོར་མའི་ཐུགས་ཀའི་ཛཾ་ལས་འོད་ཟེར་ འཕྲོས་པས་འོད་ཀྱི་སྣེ་ལ་བདུད་རྩིའི་སྤྲིན་འཁྲིགས་པའི་གསེབ་ནས་བདུད་རྩི་བབས་པས་སྐྱ་མེར་གྱིས་ གང་བར་བསམ། གྲི་གུག་གིས་དཀྲུགས་པས་བདུད་རྩི་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་ འདྲེས་པར་བསམ། གྲི་གུག་དང་ཡིག་འབྲུ་རྣམས་བདུད་རྩིར་གྱུར། དེ་ནས་རྣལ་འབྱོར་མས་ཧཱུཾ་ལན་ གསུམ་བརྗོད་པས་ཤངས་ནས་རླུང་དྲག་པོ་ཤང་ཤང་བྱུང་ནས་བ་དན་གཉིས་ལ་ཕོག་པས། དེ་གཉིས་ ཀྱིས་རླུང་གཡབ་པས། རཾ་ལས་མེ་འབར་བར་བསམ། དེ་ནས་བདུད་རྩི་ལྷོག་ཆིལ་གྱིས་ཁོལ་བར་བསམ། ཨོཾ ཨཱཿ ཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབས་པས། བདུད་རྩི་དཀར་མེར་གྱིས་གྱུར་བར་བསམ། དེ་ ནས་རང་རྣལ་འབྱོར་མའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཇོ་མོ་རྣལ་ འབྱོར་མ་དཔག་ཏུ་མེད་པ་བྱོན་ནས་ཀ་པཱ་ལས་བདུད་རྩི་བཅུས་ཏེ། ཁྱེར་ནས་དམྱལ་བའི་གནས་སུ་ སོང་བས་སེམས་ཅན་དམྱལ་བ་རེ་རེའི་མགོ་ཐོག་ན་ཡང་ཇོ་མོ་རེ་རེ་ཡོད་པར་བསམ། སེམས་ཅན་ དམྱལ་བ་དེ་རྣམས་ཀྱི་ཁ་ན་མར་རང་དབང་མེད་པར་གླུ གས་པས་དེ་ཐམས་ཅད་ཀྱི་ཚ་གྲང་གི་སྡུག་ བསྔལ་ཞི་ནས་དེ་རྣམས་ཐམས་ཅད་རྣལ་འབྱོར་མའི་སྐུར་གྱུར་པར་བསམ། ལྷག་མ་དེ་ཕོ་བས་བདེ་ བ་ཅན་གྱི་འཇིག་རྟེན་གྱི་ཞིང་དུ་གྱུར་པར་བསམ། དེ་ནས་རིགས་དྲུག་ཀ་ལ་དེས་མཚོན་པས་ཆོག་པ་ ཡིན་གསུངས། དེ་ནས་ལྷག་མ་དེ་དཀོན་མཆོག་ལ་འབུལ་བར་མི་འོས་ན་ཡང་ཟོས་འཐུང་གི་ལྷག་མ་ མེད་པར་དཀོན་མཆོག་ལ་ཕུལ་བས་ཆོག་པ་ཡིན་གསུངས། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། སྨོན་

ལམ་གདབ་བོ།།