Bhāvanākrama/bo

From Bodhicitta


བསྒོམ་པའི་རིམ་པ།
བྱང་སེམས་ཆོས་མཛོད།
भावनाक्रम  ·  བསྒོམ་པའི་རིམ་པ།
Bhāvanākrama  ·  bsgom pa'i rim pa
Stages of Meditation

བསྒོམ་རིམ་བར་པ་ནི། གཞུང་ལས། ཐེག་པ་ཆེན་པོ་མདོ་སྡེའི་ཚུལ་གྱི་རྗེས་སུ་འཇུག་པ་རྣམས་ཀྱིས་བསྒོམ་པའི་རིམ་པ་མདོར་བཤད་དོ། །ཞེས་གསུངས་པ་བཞིན་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པའི་རྒྱུ་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་དང་། ཐབས་དང་གསུམ་མོ། །སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་གཉིས་ནི་སྔར་བསྒོམ་རིམ་དང་པོའི་ལུགས་བཞིན་ནོ། །ཐབས་ནི་ཞི་ལྷག་གཉིས་ཏེ། དང་པོ། ཞི་གནསནི། སེམས་རྩེ་གཅིག་ཏུ་འཇོག་པར་ཉོན་མོངས་པ་ཞི་བར་བྱེད་པའི་ཐབས་ལ་སེམས་ཤིན་ཏུ་སྦྱངས་ནས་ལུས་སེམས་གཉིས་ལས་སུ་རུང་སྟེ། ཇི་ལྟར་འདོད་བཞིན་དམིགས་པའི་ཡུལ་ལ་དབང་དུ་གྱུར་པ། གཉིས་པ། ལྷག་མཐོང་ནི། ཆོས་ཀྱི་རང་བཞིན་རྟོགས་པའི་ཤེས་རབ་ཀྱིས་སྟོང་པ་ཉིད་ལ་དཔྱད་པའི་ཚེ་ཆོས་ཀྱི་རང་བཞིན་མངོན་པར་རྟོགས་པ། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་དང་། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་དང་། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ་ཞེས་པའི་མན་ངག་གདམས་སོ། །

Read the text
 
བསྒོམ་པའི་རིམ་པ།
Full Text in Tibetan
The (First Treatise on) Stages of Meditation.
Full text
 
བསྒོམ་པའི་རིམ་པ།
Full Text in Tibetan
The (Second Treatise on) Stages of Meditation.
Full text
 
བསྒོམ་པའི་རིམ་པ།
Full Text in Tibetan
The (Third Treatise on) Stages of Meditation.
Full text
Separator narrow.png


ADD HERE A QUERY FOR ALL THE TIBETAN TEXTS RELATED TO THE 3 BHAVANAKRAMA TEXTS