བྱང་སེམས་ཆོས་མཛོད།/བྱང་སེམས་སྡོམ་པའི་ཆོ་ག
བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཉིས་ཀྱི་ནང་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་རགས་པ་བརྡ་ལས་བྱུང་བའམ་ཆོ་ག་ལས་ཐོབ་པ་ཞེས་བྱ་སྟེ། ཐོག་མར་རང་རྒྱུད་ལ་གཞན་དོན་ཏུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་བློ་མ་སྐྱེས་པ་སྐྱེད་པར་བྱེད་པའམ་སྐྱེས་པ་བརྟན་པར་བྱེད་པའི་ཆེད་དུ་སེམས་བསྐྱེད་ཀྱི་སྡོམ་པའི་ཆོ་ག་ལ་བརྟེན་པ་ཡིན། དེ་ཡང་ཟབ་མོ་ལྟ་སྲོལ་དང་རྒྱ་ཆེན་སྤྱོད་སྲོལ་སོགས་སྨོན་འཇུག་གི་སེམས་བསྐྱེད་ཀྱི་སྡོམ་པ་འབོག་པའི་ཆོ་ག་རྒྱས་བསྡུས་སྣ་ཚོགས་ཡོད།