བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་་ཐོག་མར་མ་སྐྱེས་པ་སྐྱེད་པ་དང་། སྐྱེས་པ་མི་ཉམས་པར་སྲུང་བ་་དང་། མི་ཉམས་པ་གོང་ནས་གོང་དུ་འཕེལ་བའི་ཐབས་སུ། ཚད་མེད་བཞི་དང་བདག་གཞན་མཉམ་བརྗེ་རྒྱུ་འབྲས་མན་ངག་བདུན་སོགས་བློ་སྦྱོང་བའི་གདམས་པ་དང་། སྐྱེས་བུ་གསུམ་གྱི་ལམ་ཉམས་སུ་ལེན་པའི་ལམ་རིམ། བྱང་ཆུབ་སེམས་དཔའི་ལམ་བསྒོམ་པའི་རིམ་པ་རྣམས་ལག་ཁྲིད་མན་ངག་གི་ཚུལ་དུ་གསུངས་ཡོད་པ་རྣམས་འདིར་ཕྱོགས་གཅིག་ཏུ་བཀོད་པ་ཡིན།