བྱང་སེམས་ཆོས་མཛོད།/བྱང་སེམས་བརྒྱུད་པའི་གསོལ་འདེབས།
བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པའི་རྒྱུན་དང་། བྱང་ཆུབ་སེམས་སྦྱོང་བའི་ཐབས། གཞུང་བཤད། སྒོམ་རིམ། མན་ངག དམར་ཁྲིད་ལ་སོགས་པ་ལུང་དང་རྟོགས་པའི་ཆོས་ཚུལ་རྣམས་ནི་ཐེག་པ་ཆེན་པོའི་ཟབ་མོ་ལྟ་སྲོལ་དང་རྒྱ་ཆེན་སྤྱོད་སྲོལ་གྱི་བཤེས་གཉེན་གོང་མ་རྣམས་ནས་རིམ་པར་བརྒྱུད་ཡོད་ཅིང་། བརྒྱུད་པའི་ཕྲེང་བ་དེ་རྣམས་ཀྱང་གསོལ་འདེབས་དང་གསན་ཡིག་སོགས་ལས་བྱུང་བ་ཡིན།