The
Perfection of Wisdom in Eight Thousand Lines, like other
sūtras on the Perfection of Wisdom, deals with the topic of emptiness and the understanding of the ultimate truth or the way things are. Modern scholars date the
sūtra roughly to the 2nd and 1st century BC and consider it to be the earliest sūtra on which other Perfection of Wisdom sūtras are based. Its adherents claim the sūtra to be a part of the words of the Buddha. It is believed to have been taken to the subterranean world and brought back to the human world by Nāgārjuna. It is sometimes known as the
Condensed Mother (ཡུམ་བསྡུས་པ་), the term
Mother referring to the Perfection of Wisdom which gives rise to all buddhas and
bodhisattvas. It is said to be the condensed version of the long version in one hundred thousand lines and the middle version in twenty-five thousand lines. Having spread across Asia and beyond and having been translated into many languages, it is one of the most common books to be found in the Buddhist Himalayas.
The sūtra takes the form of a series of dialogues between the Buddha Śākyamuni, Subhūti, Śāriputra, and others, such as Indra, the king of gods, and a goddess of the Ganges. In the final chapters, the sūtra contains the inspirational narratives of Sadāprarudita and his quest for the teachings on the Perfection of Wisdom from the
Bodhisattva Dharmodgata. The sūtra is also one of the earliest
Mahāyāna sources proclaiming the
luminous nature of the mind.
<<ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པས་>>ཀྱང་ཤེར་མདོ་སྤྱི་ལྟར་བརྗོད་བྱ་སྟོང་པ་ཉིད་དེ། ཆོས་ཉིད་ཀྱི་གནས་ལུགས་དོན་དམ་པའི་བདེན་པ་སྟོན། དེང་རབས་མཁས་པས་མདོ་འདི་ཕལ་ཆེར་སྤྱི་ལོ་སྔོན་གྱི་དུས་རབས་ ༡ ནས་ ༢ པའི་བར་བྱུང་བ་དང་། ཤེར་མདོ་གཞན་དག་གི་རྩ་བར་གྱུར་པའི་མདོ་སྡེ་སྔ་ཤོས་ཡིན་པར་ངོས་འཛིན། ཡོངས་གྲགས་སུ་མདོ་འདི་སངས་རྒྱས་ཀྱིས་ཞལ་ནས་གསུངས་པའི་བཀའ་ཡིན་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་ས་འོག་ཀླུ་ཡུལ་ནས་མི་ཡུལ་དུ་གདན་དྲངས་པར་འདི་ཉིད་ཀྱི་རྗེས་འབྲང་རྣམས་ཀྱིས་བཞེད། མཚན་གཞན་ལ་<<ཡུམ་བསྡུས་པ་>>ཞེས་ཀྱང་བྱ། དེ་ཡང་ཤེར་ཕྱིན་ལས་འཕགས་པ་གསུམ་པོ་སྐྱེ་བས་ཡུམ་དང་། ཡུམ་རྒྱས་པ་<<ཤེར་ཕྱིན་འབུམ་པ་>>དང་བར་མ་<<ཉི་ཁྲི་ལྔ་སྟོང་>>པའི་བསྡུས་དོན་ཡིན་པས་བསྡུས་པ་ཞེས་གསོལ། ཨེ་ཤི་ཡ་དང་དེ་ལས་བརྒལ་བའི་ཡུལ་གྲུ་མང་པོར་དར་ཁྱབ་ཆེ་ཞིང་འགྱུར་ཡང་སྐད་རིགས་མར་པོར་བཞུགས། བོད་དང་ཧི་མ་ལ་ཡའི་ལྗོངས་སུ་མདོ་འདི་ཉིད་ཤིན་ཏུ་སྙན་གྲགས་ཆེ་ཞིང་འདི་གླེགས་བམ་འབེལ་བ་ཡོད། མདོར་ན། མདོ་འདི་སྟོན་པ་ཤཱཀྱ་ཐུབ་པ་དང་། རབ་འབྱོར་དང་། ཤཱ་རིའི་བུ་སོགས་དང་། གཞན་ཡང་ལྷའི་དབང་པོ་བརྒྱ་བྱིན་དང་། གངྒཱའི་ལྷ་མོ་ལ་སོགས་ཀྱི་དབར་ཕན་ཚུན་དྲི་བ་དྲིས་ལན་རྒྱ་ཆེར་མཛད་པ་ལས་གྲུབ་པ་ཞིག་ཡིན། ལེའུ་མཐའ་མའི་སྐབས་འཕགས་པ་རྟག་ཏུ་ངུས་དཀའ་སྤྱད་དུ་མས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལས་ཤེར་ཕྱིན་ཞུས་པའི་གཏམ་རྒྱུད་ངོ་མཚར་ཅན་ཡང་བཞུགས་ཤིང་། འདི་ཉིད་སེམས་ཀྱི་རང་བཞིན་འོད་གསལ་སྟོན་པའི་ཐེག་ཆེན་གྱི་མདོ་སྔ་ཤོས་ཡིན་པར་མངོན།