Property:DescriptionTib

From Bodhicitta

This is a property of type Text.

Showing 20 pages using this property.
S
འདི་ནི་སྟོན་མཆོག་འཇམ་དབྱངས་ཀླུ་སྒྲུབ་སོགས་ནས་དཔལ་ལྡན་ས་སྐྱ་པར་བརྒྱུད་པའི་སྨོན་འཇུག་སེམས་བསྐྱེད་ཀྱི་བླ་མ་རྣམས་ལ་བསྟོད་པ་ཚིགས་སུ་བཅད་པ་ཞིག་གོ།  +
དཔེ་འདིར་རྒྱལ་ཚབ་མ་ཕམ་པ། སློབ་དཔོན་ཐོགས་མེད། དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ་དང་དུལ་བའི་སྡེ་ལ་སོགས་པ་སེམས་ཙམ་པའི་བརྒྱུད་པ་དང་། འཕགས་པ་འཇམ་དཔལ། ཀླུ་སྒྲུབ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག་དང་ཀུ་སཱ་ལ་ཆེ་ཆུང་གཉིས་ལ་སོགས་པ་དབུ་མའི་བརྒྱུད་པ་སྟེ། ཟབ་རྒྱ་གཉིས་ཀྱི་སེམས་བསྐྱེད་སྡོམ་པའི་བརྒྱུད་པའི་བླ་མ་རྣམས་ཀྱི་གསོལ་འདེབས་ཚན་པ་གཉིས་བཞུགས།།  +
འདི་ནི་སྨོན་འཇུག་སེམས་བསྐྱེད་ཀྱི་ཆོ་ག་ཇོ་བོ་ཆེན་པོའི་གཞུང་ལས་ཇི་ལྟར་འབྱུང་བ་རྣམས་བླ་མ་རྣམས་ཀྱི་ཕྱག་ལེན་དང་སྦྱར་ནས་གསུངས་པ་ཞིག་གོ།  +
འདི་ནི་འདི་ཉིད་མཛད་པ་པོས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་གསུངས་པའི་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཆོས་འཁོར་རྣམས་ཀྱི་ནང་ནས་མཁོ་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པས་གླེགས་བམ་ཆུང་ཆུང་ཞིག་ལོངས་ཚེ།   གསུང་ཆོས་དེ་རྣམས་ལས་སླར་ཡང་སྤྲུལ་པའི་གླེགས་བམ་ཞིག་དང་འདྲ་བ་བྱུང་དགོངས་ནས།   མཚན་ཡང་སྙིང་རྗེ་སྤྲུལ་པའི་གླེགས་བམ་ཞེས་གསོལ་བར་མཛད་པ་ཞིག་གོ།  +
དམ་པའི་དགོངས་བརྒྱན་ཞེས་པའི་སྤྱོད་འགྲེལ་འདིར། གཞུང་དོན་ས་བཅད་ཀྱི་སྒོ་ནས་ལེགས་པར་བཀྲལ་ཞིང་། འདི་ཉིད་མཛད་པ་པོ་བཙུན་པ་སངས་རྒྱས་ཡོན་ཏན་ནི། སྣར་ཐང་གི་མཁན་རབས་བརྒྱད་པར་བྱོན་པ་དགེ་བའི་བཤེས་གཉེན་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱི་སློབ་མ་ཞིག་ཡིན།  +
འགྲེལ་པ་འདི་ནི་འདི་ཉིད་ཀྱི་མཇུག་བྱང་དུ་གསལ་བ་ལྟར། སྤྱོད་འཇུག་རྩ་བའི་འགྱུར་མང་པོ་ཡོད་པ་ལས། སྐ་ཅོག་གི་འགྱུར་ལ་ཇོ་བོ་རིན་ཆེན་བཟང་པོས་དག་པར་བྱས་ཤིང་། དེ་ལ་རྔོག་ལོ་ཙཱ་བས་ཞུས་དག་བྱས་པ་དེ་ཉིད་ཀྱི་ཐོག་ནས། བརྒྱུད་པ་གཉིས་ལས་ལེགས་པར་འོངས་པ་དཔལ་ལྡན་ས་སྐྱ་པའི་ལུགས་སུ། རྗེ་བཙུན་ཆེན་པོའི་བསྡུས་དོན་གྱི་རྗེས་སུ་འབྲངས་ནས་བཀྲལ་བ་ཞིག་ཡིན།  +
འདི་ནི་སྟོན་མཆོག་ཐུབ་པའི་དབང་པོ་དང་། རྫེ་བཙུན་འཇམ་དཔལ་དབྱངས། རྒྱས་སྲས་ཞི་བ་ལྷ། ཛེ་ཏཱ་རི་དང་ཟླ་གྲགས་ཆུང་བ་ལ་སོགས་པ་རྒྱ་གར་དང་། བློ་ལྡན་ཤེས་རབ། སློབ་དཔོན་ཇོ་བཙུན་པ། བུ་སྟོན། གཡག་ཕྲུག། རྒྱལ་སྲས་གཞན་ཕན་མཐའ་ཡས་དང༌འཇིགས་མེད་ཆོས་དབང་སོགས་བོད་ཀྱི་སྤྱོད་འཇུག་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་ཚིགས་སུ་བཅད་པ་ཞིག་གོ།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་བཟང་དེ་ཉིད་གང་ལས་བརྒྱུད་པའི་རྒྱ་བོད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་ཚིགས་སུ་བཅད་པ་ཞིག་ཡིན།  +
ཕྱྭ་པ་ཆོས་སེང་གིས་མཛད་པའི་སྤྱོད་འཇུག་གི་བསྡུས་དོན་ནམ་གཞུང་གི་དཀར་ཆག་ཡིན།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་བཤད་པའི་སྔོན་དུ་འགྲོ་བའི་ཆོས་འདིར། སློབ་དཔོན་སངས་རྒྱས་དགྲ་བཅོམ་མཁས་པ་པཎྜི་ཏ་གསུམ་གྱིས་ཆོས་ཇི་ལྟར་འཆད་ཚུལ་དང་། དེ་དག་ལས་སློབ་མས་ཇི་ལྟར་ཉན་ཚུལ་སོགས་དང་། སློབ་དཔོན་ཆེན་པོ་ཞི་བ་ལྷའི་རྣམ་ཐར་སོགས་གཞུང་འཆད་པ་ལ་མཁོ་བའི་ཆོས་ཀྱི་བྱེ་བྲག་ཐམས་ཅད་གསུངས་ཡོད།  +
སྤྱོད་འཇུག་བསྔོ་བའི་ལེའུ་ལ་བློ་སྦྱོང་བའི་ཚུལ་བསྟན་པའི་མན་ངག་འདིར། མ་བསྔོས་པ་དང་། ལོག་པར་བསྔོས་པ་དང་། གཞན་ལ་བསྒྲགས་པ་དང་། འགྱོད་པ་སྟེ། དགེ་རྩ་ཟད་པར་བྱེད་པའི་རྒྱུ་བཞི་སྤངས་ཏེ། དགེ་རྩ་མི་ཟད་པར་སྤེལ་བ་དང་བསྒྱུར་བའི་ཐབས་དང་། འཁོར་གསུམ་མི་རྟོག་པས་ཟིན་མ་ཟིན་གྱིས་བསྔོ་བ་དུག་ཅན་དང་དུག་མེད་དུ་གྱུར་ཚུལ་དང་། བསྔོ་བ་ལ་སྟོང་ཉིད་ཀྱི་རྒྱས་འདེབས་ན་ཆད་ལྟར་ལྷུང་ཚུལ་དང་། བསྔོ་བྱ། སྔོ་བྱེད། བསྔོ་ཡུལ་རྣམས་སྣང་ལ་རང་བཞིན་མེད་པར་ཤེས་ཤིང་འཁོར་གསུམ་དམིགས་མེད་ཀྱིས་བསྔོ་བ་རབ་ཡིན་པ་དང་། དེ་ལྟར་མ་བྱུང་ན་ལྟུང་བཤགས་དང་བཟང་སྤྱོད་སོགས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསྔོས་པ་བཞིན་བསྔོ་དགོས་པར་བསྟན་པ་སོགས་བསྔོ་བའི་ཉམས་ལེན་ལ་མཁོ་བའི་གསུང་ཟབ་མོ་བཞུགས་ཡོད།  +
འགྲེལ་པ་འདི་ནི། རྩོམ་པ་པོས་ངོ་སྤྲོད་མཚམས་སྦྱོར་དུ་གསལ་བཤད་བགྱིས་པ་ལྟར། སྤྱོད་འཇུག་ཆེན་མོའི་འབྲུ་འགྲེལ་ཁག་རྩ་གཞུང་གི་དཀྱུས་སྲུབས་སུ་མཐུན་སྦྱོར་ཡང་དག་པ་བྱས་པའི་ཐོག། འབྲུ་འགྲེལ་རྣམས་རྒྱས་བསྡུས་འཚམ་ཞིང་། ཚིག་གཤིས་ཤིན་ཏུ་འཇམ་པོས་ནང་དོན་གོ་བདེར་ཕབ་རྒྱུ་ཕྱོགས་ཡོངས་ནས་གཙོ་གནད་དུ་བཟུང་ཡོད་སྟབས། དབང་པོ་རབ་འབྲིང་རྟུལ་གསུམ་སུས་ཀྱང་གཞུང་འགྲེལ་གཞན་བརྒྱུད་མ་དགོས་པར་ཐད་ཀར་ཤེས་རྟོགས་ཐུབ་པའི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན།  +
སྤྱོད་འཇུག་ཆེན་མོའི་གཞུང་གི་དགོངས་དོན་རགས་རིམ་ཙམ་བཤད་པའི་ཚིག་འགྲེལ་འདི་ལ། ས་བཅད་དང་ལུང་འདྲེན་ལ་སོགས་པ་རྒྱ་ཆེའི་སྤྲོས་པ་དོར་ཡང་། གཞུང་གི་དགོངས་དོན་འདུ་ཆེ་བའི་ཁྱད་ཆོས་དམིགས་བསལ་ལྡན་ཡོད།  +
གཞུང་འདིར་སྤྱོད་འཇུག་ཤེས་རབ་ལེའུའི་སྐབས་བདེན་གཉིས་ཀྱི་དབྱེ་གཞི་དབྱེ་བ་མཚན་ཉིད་སོགས་ཀྱི་དཀའ་གནས་དང་། ཉན་རང་རྣམས་ཀྱིས་བདག་མེད་གཉིས་རྫོགས་པར་རྟོགས་མ་རྟོགས་ཀྱི་གནས་ལ་ས་སྐྱ་པཎ་ཆེན་དང་རྗེ་ཙོང་ཁ་པས་ཡབ་སྲས་ཀྱི་གཞུང་ལུགས་རྣམས་ན་འཆད་ཚུལ་དང་ཀུན་མཁྱེན་ཆོས་རྗེའི་གྲུབ་མཐའ་མཛོད་དུ་གསུངས་ཚུལ་གཉིས་ཀྱི་ཁྱད་པར་དང་། གཟུགས་སོགས་མངོན་སུམ་ཉིད་ཀྱང་ནི། །གྲགས་པས་ཡིན་གྱི་ཚད་མས་མིན། །ཞེས་པའི་ཐད་དར་ཊཱིཀ་དང་མཁས་པ་ཆེན་པོ་ཐོགས་མེད་གཉིས་ཀྱི་འཆད་ཚུལ་གྱི་ཁྱད་པར་དང་། གལ་ཏེ་དོན་དམ་མྱ་ངན་འདས། །འཁོར་བ་ཀུན་རྫོབ་དེ་ལྟར་ན། །ཞེས་པའི་ཐད་རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་གི་མྱང་འདས་གཉིས་སུ་ཕྱེ་མ་ནུས་ན་རྒོལ་བ་ལ་ལན་མི་ཐེབས་པའི་ཚུལ་དང་། གལ་ཏེ་རང་རིག་ཡོད་མིན་ན། །རྣམ་ཤེས་དྲན་པ་ཇི་ལྟར་འགྱུར། །གཞན་མྱོང་བ་དང་འབྲེལ་བ་ལས། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ཞེས་པའི་དོན་རྗེ་ཙོང་ཁ་པ་ཡབ་སྲས་ཀྱིས་རང་ལུགས་བཀྲལ་ཞིང་ཐལ་བ་འཕངས་པའི་ལན་དཔེའི་སྒོ་འདེབས་ཚུལ་དང་། གྲངས་ཅན་པ་སོགས་ཕྱི་རོལ་པའི་གྲུབ་མཐའི་འདོད་ལུགས་དང་། གཅིག་དུ་བྲལ་སོགས་དབུ་མའི་གཏན་ཚིགས་རྣམས་ཀྱི་དཔེ་བརྗོད་བཅས་གསུངས་ཡོད།  +
ཤར་ཀོང་པོའི་པཎྜི་ཏ་པདྨ་དཀར་པོས་མཛད་པའི་སྤྱོད་འཇུག་གི་འབྲུ་འགྲེལ་འདི་ནི། རྔོག་ལོ་ཙཱ་བ་དང་། སྤྱོད་འཇུག་ལ་ཉམས་ལེན་གཙོ་བོར་མཛད་པའི་བཀའ་གདམས་པའི་བླ་མ་རྣམས་ཀྱི་མན་ངག་ལ་མཚོ་སྣ་བས་མཆན་བུ་བགྱིས་པའི་གཅེས་གཅེས་རྣམས་བསྒྲིལ་ཞིང་། པད་དཀར་རང་ཉིད་ཀྱི་རྣམ་དཔྱོད་ཀྱིས་གཞལ་བར་འོས་པ་ཡང་བཅལ་ཏེ་བྲིས་པ་ཞིག་ཡིན།  +
སྤྱོད་འཇུག་གི་འགྲེལ་པ་འདི་ནི། རྒྱལ་སྲས་ཆེན་པོ་དངུལ་ཆུ་ཐོགས་མེད་ (༡༢༩༧-༡༣༧༡) ཀྱིས་དཔལ་ཨེའི་གཙུག་ལག་ཁང་དུ་སྦྱར་བ་ཞིག་ཡིན། འདིར་གཞུང་གི་རྩ་ཚིག་རྣམས་ས་བཅད་དང་བཅས་རྒྱས་བསྡུས་འཚམས་ཤིང་དགོངས་དོན་གསལ་བར་བཀྲལ་ཡོད་པས། བོད་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་བཤད་གྲྭ་རྣམས་སུ་འདི་ཡི་མཛད་ཕྲིན་བོད་འགྲེལ་ཀུན་ལས་དར་ཁྱབ་ཆེ་བ་ཡོད།  +
ཆོས་ཀྱི་རྒྱལ་པོ་ཐུབ་དབང་ཉི་མའི་གཉེན་དང་། ས་བཅུའི་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས་དང་། རྒྱལ་སྲས་ཞི་བ་ལྷ་ནས་བཟུང་སྟེ། རྩོམ་པ་པོའི་དགེ་བའི་བཤེས་གཉེན་བར་གྱི་སྤྱོད་འཇུག་བརྒྱུད་པའི་བླ་མ་རྣམས་ལ། དལ་འབྱོར་གྱི་ལུས་རྟེན་ཕུན་སུམ་ཚོགས་པ་ཐོབ་པའི་དུས་འདིར། སྡིག་པ་སྤོང་ཞིང་དགེ་བ་སྒྲུབ་པ་ལ་འབད་ཅིང་། སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེད་ནས། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལམ་མཆོག་ཚུལ་ཁྲིམས་གསུམ་ཚུལ་བཞིན་བསྲུང་བའི་ངང་ནས། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་དྲུག་གི་ལམ་ལ་ཚུལ་བཞིན་བསླབ་སྟེ། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཡོངས་སུ་རྫོགས་ཤིང་། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་གནས་ནས། མཐར་སྐུ་གསུམ་མཐར་ཕྱིན་པའི་འབྲས་བུ་རྫོགས་བྱང་མྱུར་དུ་ཐོབ་པའི་ཕྱིར་གསོལ་འདེབས་བགྱིས་པ་ཞིག་ཡིན།  +
སྔོན་གྱི་འགྲེལ་བྱེད་མཁས་པ་བརྒྱུད་ནས་འོངས་པའི་སྤྱོད་འཇུག་གི་བསྡུས་དོན་ས་བཅད་བླ་མའི་གསུང་བཞིན་བྲིས་པ་ཞིག་ཡིན།  +
དཔེ་འདི་ནི་སློབ་དཔོན་ཞི་བའི་ལྷའི་རྣམ་ཐར་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྡུས་དོན་ས་བཅད་སྟོན་པ་ཞིག་ཡིན་ཀྱང་། འདི་ཉིད་མཛད་པ་པོ་སུ་ཡིན་མི་གསལ་ལོ།།  +
རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་དྲུང་ནས་སྤྱོད་འཇུག་གི་ལྗགས་ལུང་ཞུས་སྐབས། བཀའ་སྩལ་ཇི་སྙེད་བྱོན་པ་རྣམས་ཨ་ཁུ་ཆིང་ཤེས་རབ་རྒྱ་མཚོས་ཞབས་དྲུང་བློ་བཟང་དཔལ་གྱིས་ཞུས་པའི་ངོར་ཟིན་བྲིས་བཀོད་པ་ལས་གྲུབ་པའི་གཞུང་འདིར། སྤྱོད་འཇུག་ལ་རྒྱ་བོད་ཀྱི་མཁས་པའི་འགྲེལ་པ་ཇི་ཙམ་ཡོད་མེད་དང་། བསླབ་བཏུས་དང་སྤྱོད་འཇུག་གཉིས་ཕན་ཚུན་རྩ་འགྲེལ་ལྟ་བུར་བྱས་ནས་འཆད་ཚུལ་དང་། ལེའུ་བཅུ་པོས་བརྗོད་བྱ་གང་དང་གང་བསྟན་པ་སོགས་གསལ་བཤད་མཛད་ཡོད།  +