Property:TmlnDescriptionTib
From Bodhicitta
This is a property of type Text.
B
དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་འཁྲུངས་ཤིང་། ཁོང་ནི་བྱང་ཆུབ་སེམས་བསྐྱེད་སྤེལ་བའི་བཤེས་གཉེན་འགྲན་ཟླ་བྲལ་བ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལན་གྲངས་བརྒྱ་ལས་ལྷག་པར་གསུངས་ཤིང་། ཀུན་བཟང་བླ་མའི་ཞལ་ལུང་སོགས་གཞུང་མང་དུ་མཛད། +
ཀོང་སྤྲུལ་བློ་གྲོས་མཐའ་ཡས་ནས་བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་མན་ངག་རྣམས་གཅིག་ཏུ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ཕྱོགས་སྒྲིག་མཛད། +
ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་ཟབ་མོ་ལྟ་བརྒྱུད་ལུགས་ཀྱི་སེམས་བསྐྱེད་པའི་ཆོ་ག་བྱང་ཆུབ་ཆེན་པོའི་གཞུང་ལམ་དང་གཞན་ཡང་བྱང་ཆུབ་སེམས་སྟོན་པའི་ཆོས་སྐོར་རྣམས་མཛད། +
འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་། སྡོམ་པའི་ཆོ་ག་བྱང་ཆུབ་སེམས་དཔའི་ལམ་བཟང་དང་། བློ་སྦྱོང་། ལམ་རིམ། བརྒྱུད་པའི་གསོལ་འདེབས་ལ་སོགས་པ་མང་དུ་མཛད། +
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྟོན་པའི་བཤེས་སྤྲིངས་དང་རིན་ཆེན་ཕྲེང་བ་ལ་སོགས་པའི་གཏམ་ཚོགས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་སྟོན་པའི་དབུ་མ་རྩ་བ་ཤེས་རབ་དང་། ཆོས་དབྱིངས་བསྟོད་པ། བྱང་ཆུབ་སེམས་འགྲེལ་ལ་སོགས་པ་རིགས་ཚོགས་དང་བསྟོད་ཚོགས་རྣམས་མཛད། ཡང་ཁོང་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་ཞེས་བྱ་བའི་བསྟན་བཅོས་ཀྱང་མཛད་ལ། རྒྱ་ནག་གི་ལུགས་སུ་བྱང་ཆུབ་སེམས་ཀྱི་བསྟན་བཅོས་ཞེས་བྱ་བ་ཞིག་ཀྱང་ཁོང་གིས་མཛད་པར་གྲགས་སོ། ། +
འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀོང་སྤྲུལ་བློ་གྲོས་མཐའ་ཡས། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་ཀྱིས་གཙོས་ཁམས་ཕྱོགས་སུ་རིས་མེད་ཀྱི་ཚུལ་དར་རྒྱས་བྱུང་། +
འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་འཁྲུངས། སྐུ་ཚེའི་རིང་གཞུང་འགྲེལ་དང་མན་ངག་གི་གཙོས་པའི་བསྟན་བཅོས་པོད་སུམ་ཅུ་སོ་གསུམ་ཙམ་མཛད། +
མཁན་པོ་གཞན་དགའ་འམ་གཞན་ཕན་ཆོས་ཀྱི་སྣང་བ་འཁྲུངས་ཤིང་། ཕྱིས་ཁོང་གིས་རྒྱ་གར་གྱི་གཞུང་ཆེན་བཅུ་གསུམ་ལ་མཆན་འགྲེལ་མཛད། +
རུ་སུའི་མཁས་པ་ ཨི་བན་ པི་ མི་ན་ཡེབ་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་སྦྱར་གྱི་དཔེ་ཞུས་དག་བྱས་ཏེ་ Russian Imperial Academy of Sciences, བརྒྱུད་དེ་དཔེ་སྐྲུན་ཞུས་པས། གཞུང་དེ་ཨེ་ཤི་ཡའི་ཕྱི་རོལ་དུ་ཐོག་མར་དཔར་བསྐྲུན་བྱུང་། +
ཨིན་ཇིའི་མཁས་པ་ སི་སལ་ བན་དྲེལ་གྱིས་བསླབ་པ་ཀུན་ལས་བཏུས་པའི་ལེགས་སྦྱར་གྱི་དཔེ་ཞུས་དག་བྱས་ཏེ་ Russian Imperial Academy of Sciences, བརྒྱུད་དེ་དཔེ་སྐྲུན་མཛད། +
མཁས་པ་ ལིའུས་ དེ་ལ་ ཝ་ལེ་ པུ་སང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་ ཡུ་རོབ་ཀྱི་སྐད་ཞིག་ཏུ་འགྱུར་བ་དང་པོ་དེ་མཐའ་གྲུབ་ཅིང་། ཁོང་གི་ཕརན་སི་སྐད་དུ་འགྱུར་བའི་རྗེས་སུ་དུས་རབས་ ༢༠ ་པའི་ནང་ཕརན་སི་སྐད་ཏུ་འགྱུར་མི་འདྲ་བ་ལྔ་ཙམ་བྱུང་། +
མཁས་པ་ ལིའུ་ནེལ་ དྲེ་བིཊ་ བར་ནེཊ་ཀྱིས་ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་དབྱིན་སྐད་དུ་ཐོག་མར་འགྱུར་ཡང་དེ་ནི་དོན་དག་རོབ་འགྱུར་ཙམ་ལས་སྒྲ་འགྱུར་མ་བྱས། +
ཉི་ཧོང་མཁས་པ་ ཨེ་ཀའི་ ཀ་བ་གུ་ཅིས་ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་ཉི་ཧོང་གི་སྐད་དུ་བསྒྱུར། +
ཨིན་ཇིའི་མཁས་པ་ སི་སལ་ བན་དྲེལ་གྱིས་བསླབ་པ་ཀུན་ལས་བཏུས་པའི་གཞུང་དབྱིན་སྐད་དུ་ སྤྱི་ལོ་ ༡༩༠༢ ལ་འགྱུར་འགོ་བཙུགས་དེ་ དྲཔ་ལུ་ ཨེཆ་ དྲི་ རོས་ཀྱིས་མཐའ་འགྲུབ་པར་བྱས། +
ཉི་ཧོང་མཁས་པ་ ཨུན་རའི་ འོ་གི་ཧ་ར་ཡིས་བྱང་ཆུས་སེམས་དཔའི་ས་ཞུས་སྒྲིག་དང་དཔེ་སྐྲུན་མཛད་ཅིང་། དེའི་རྗེས་ རྒྱ་གར་མཁས་པ་ ན་ལི་ནག་ཤ་དཊ་ནས་སྐྱར་དུ་ སྤྱི་ལོ་ ༡༩༦༠ ་ལ་ཞུས་སྒྲིག་མཛད། +
ཀླུ་སྒྲུབ་ཀྱི་སློབ་མ་གཙོ་བོ་འཕགས་པ་ལྷ་ཡིས་བསྟན་བཅོས་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་བརྩམས། +
༧ སྐྱབས་མགོན་ཏ་ལའི་བླ་མ་བཅུ་བཞི་པ་ཆེན་པོ་བོད་ནས་བཙན་བྱོལ་དུ་ཕེབས་ཤིང་། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ནས་བྱང་ཆུབ་སེམས་སྐོར་གསན་ནས། འཛམ་གླིང་གི་ཡུལ་གྲུ་རྣམས་སུ་བྱང་ཆུབ་སེམས་ཀྱི་ཆོས་འཁོར་བསྐོར་ཞིང་། འཆད་ཉན་དང་ཉམས་ལེན་ཕྱོགས་མེད་དུ་སྤེལ་བར་མཛད། +
ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོན་མ་མཛད། +
དཔལ་ལྡན་འབྲུག་གཞུང་ནས་རྒྱལ་སྲས་ལག་ལེན་སོ་བདུན་མ་དེ་གཞུང་གི་སློབ་གྲྭ་ཆེ་བའི་རྩ་གཞུང་གི་གྲལ་དུ་བཙུགས། +
མ་རི་ཡོན་ ལེའུ་ནི་དས་ མེ་ཏིཀ་ནས་ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་ཡོངས་རྫོགས་དབྱིན་སྐད་དུ་བསྒྱུར། དེ་དབྱིན་སྐད་དུ་ཡོངས་རྫོགས་འགྱུར་བའི་ཐོག་མ་ཡིན། +