Property:DescriptionTib

From Bodhicitta

This is a property of type Text.

Showing 20 pages using this property.
R
༧གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས། སྤྱི་ལོ་ ༡༩༧༡ ནས་ ༡༩༩༥ བར་འཛམ་གླིང་ཡུལ་གྲུ་མང་པོར་སྤྱོད་འཇུག་གི་བཀའ་ཁྲིད་ཐེངས་ཉི་ཤུ་རྩ་གྲངས་ཤིག་གསུངས་པ་རྣམས་སྒྲ་བཤུས་ཀྱིས་ལྷུ་བསྒྲིགས་བགྱིས་པའི་འགྲེལ་པ་འདི་ནི། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་གི་སྤྱོད་འཇུག་འཆད་ཐབས་ཀྱི་མན་ངག་ལ་བརྟེན་ནས་བཤད་པ་ཞིག་ཡིན།  +
འདི་ནི་རྣལ་འབྱོར་བླ་མེད་རྒྱུད་ཀྱི་ཡང་དག་པའི་ལྟ་བ་རྟོགས་པར་བྱེད་པ་དང་། དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བ་དང་། བྱེད་བཅིང་དང་སྦྱོར་དྲུག་གི་ཉམས་ལེན་ལ་འཇུག་པ་དང་། བསླབ་བྱ་སེམས་འགྲེལ་ལ་སློབ་པ་དང་། ཉི་ཟླ་འཆིང་བ་དང་། འཛག་མེད་བདེ་བ་ལ་རོལ་བ་དང་། བསྙེན་བསྒྲུབ་རྣམ་བཞིས་ཉིན་མཚན་འདའ་བ་རྣམས་སྔགས་ལུགས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལག་ལེན་དུ་བསྟན་པའི་གདམས་ཟབ་ཅིག་གོ།  +
རྒྱལ་བའི་སྲས་ཀྱི་ལག་ལེན་སོ་བདུན་མ་ཞེས་པ་ནི། མཛད་བྱང་དུ། འདི་རང་གཞན་ལ་ཕན་པའི་དོན་དུ་ལུང་དང་རིགས་པ་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུའི་རིན་ཆེན་ཕུག་ཏུ་སྦྱར་བ། ཅེས་རྒྱལ་སྲས་བྱང་ཆུབ་ཀྱི་ལམ་ཐམས་ཅད་དྲིལ་ནས་བཤད་པའི་ཚིག་རྐང་གསུམ་བཅུ་སོ་བདུན་གྱི་བདག་ཉིད་དུ་མཛད་པས་མཚན་དེ་ལྟར་ཐོགས་པར་གསལ། དེ་ཡང་དལ་འབྱོར་རྙེད་པར་དཀའ་བ། ཕ་ཡུལ་སྤང་བ། དབེན་པ་བསྟན་པ། མི་རྟག་པ་རྒྱུད་ལ་བསྟེན་པ། གྲོགས་ངན་སྤོང་བ། གྲོགས་བཟང་བསྟེན་པ། སྐྱབས་སུ་འགྲོ་བ། སྐྱེས་བུ་ཆུང་ངུའི་ལམ། སྐྱེས་བུ་འབྲིང་གི་ལམ། སྐྱེས་བུ་ཆེན་པོའི་ལམ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས། མི་རྙེད་པ་ལ་བཟོད་པ། སྡུག་བསྔལ་དང་ལེན་གྱི་བཟོད་པ། མི་སྙན་པ་ལ་བཟོད་པ། སྨད་པ་ལ་བཟོད་པ། དཀའ་ཚེགས་ལ་བཟོད་པ། བཟོད་པའི་ཁུར་འཁྱེར་བ། སྡུག་བསྔལ་ལ་བཟོད་པ། འབྱོར་རྒུད་ལ་བཟོད་པ། བྱམས་པ་དང་སྙིང་རྗེ་ལ་བསླབ་པ། འདོད་པའི་ལོངས་སྤྱོད་ལ་ཞེན་པ་སྤོང་བ། སྤྱིར་གཟུང་འཛིན་གཉིས་སུ་མ་གྲུབ་པ། བདེ་བར་སྣང་བའི་ཡུལ་གཟུང་འཛིན་མ་གྲུབ་པ། སྡུག་བསྔལ་མ་གྲུབ་པ། སྦྱིན་པའི་ཕར་ཕྱིན། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ཀྱི་ཕར་ཕྱིན། རང་གི་སྒོ་གསུམ་ལ་བརྟག་པ། གཞན་གྱི་ཉེས་པ་མི་སྨྲ་བ། རྩོད་པའི་གཞི་རྙེད་བཀུར་ལ་མི་ཆགས་པ། ཚིག་རྩུབ་སྤོང་བར་གདམས་པ། ཉོན་མོངས་པའི་གཉེན་པོ་བསྟེན་པ། དྲན་དང་ཤེས་བཞིན་ལ་བསླབ་པ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་བཅས་ཀྱི་གཞུང་དོན་མ་ལུས་པའི་བསྟན་བྱ་ཡིན། གང་ཟག་སུའི་དོན་དུ་མཛད་ན། གཞུང་ལས། མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུངས་པའི་དོན། །དམ་པ་རྣམས་ཀྱི་གསུང་གི་རྗེས་འབྲངས་ནས། །རྒྱལ་སྲས་རྣམས་ཀྱི་ལག་ལེན་སུམ་བཅུ་བདུན། །རྒྱལ་སྲས་ལམ་ལ་སློབ་འདོད་དོན་དུ་དགོད། །ཞེས་ཐེག་པ་ཆེན་པོའི་གང་ཟག་རྣམས་ཀྱི་ཉམས་སུ་བླངས་བྱའི་གཞུང་བཟང་ཁྱད་པར་ཅན་ཞིག་གོ །  +
རྒྱལ་སྲས་ཐོགས་མེད་བཟང་པོ་ནི། དཔལ་ལྡན་ས་སྐྱའི་ཉེ་འཁོར་དུ་ཡབ་དཀོན་མཆོག་དཔལ་དང་ཡུམ་འབུམ་སྒྲོན་གྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཐེག་པ་ཆེན་པོའི་རིགས་སད་པས་སེམས་ཅན་གྱི་སྡུག་བསྔལ་ལ་མ་བཟོད་པར་བཤུམས་པ་དང་། གྲང་ངར་གྱིས་ཉེན་པའི་ཤིང་བུའི་ཕུང་པོ་ལའང་རང་གི་གོས་བཀབ་ནས་སྐྱོབ་པར་མཛད་པ་སོགས་སྙིང་རྗེ་ཆེན་པོའི་མངའ་བདག་ཅན་དུ་གྱུར། མདོ་སྔགས་ཀྱི་གཞུང་ལུགས་མ་ལུས་པ་ཐོགས་པ་མེད་པར་མཁྱེན་ཅིང་། ཚུལ་ཁྲིམས་རྣམ་པར་དག་པས་བསྟན་པའི་རྒྱལ་མཚན་འཛིན་པར་མཛད། ལྷག་པར་དུ་བདག་གཞན་མཉམ་བརྗེ་དང་། བྱང་ཆུབ་ཀྱི་སེམས་ཉམས་བཞེས་ཀྱི་སྙིང་པོར་མཛད་པས་མཁས་གྲུབ་ཀུན་གྱིས་སངས་རྒྱས་གཉིས་པ་ལྟ་བུར་བཀུར་བའི་འགྲོ་བའི་དཔལ་མགོན་ཡིན་པར་ཁུམས། གང་ཉིད་ཀྱི་མཛད་པ་མཐར་ཕྱིན་ཏེ། མཐར་ས་གཡོ་བ་དང་འཇའ་འོད་ཀྱི་སྣང་བ་སོགས་ངོ་མཚར་བའི་ལྟས་བཟང་པོ་དུ་མ་དང་བཅས་ཏེ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །  +
འདི་ནི་རྒྱལ་སྲས་ཐོགས་མེད་རིན་པོ་ཆེས་ཇོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མན་ངག། བྱང་ཆུབ་ཀྱི་སེམས་གཉིས་ལ་བློ་སྦྱོང་བའི་ཚུལ་ཡི་གེར་བཀོད་པ་བློ་སྦྱོང་དོན་བདུན་མ་ཞེས་གྲགས་པ་དེ་ཡི་དོན་ཆ་རགས་རིམ་ཙམ་ཞིག་སྔོན་གྱི་གཏམ་རྒྱུད་དང་གསུང་སྒྲོས་ཁྱད་པར་ཅན་རྣམས་དང་སྦྱར་ནས། རྣལ་འབྱོར་གྱི་དབང་ཕྱུག་རྫེ་བཙུན་མི་རས་པས་བྱིནས་གྱིས་རླབས་གནས་མཆོག་འབྲོག་ལ་ཕྱི་གངས་ཀྱི་རྭ་བའི་དབེན་གནས་བདུད་འདུལ་ཕུག་མོ་ཆེ་སྦྱར་བ་ཞིག་གོ།།  +
སྤྱོད་འཇུག་ལས་དགུ་པ་ཤེས་རབ་ལེའུ་རྩ་བར་བཟུང་ཞིང་། མཁས་པ་ཆེན་པོ་འཇམ་དབྱངས་བསོད་ནམས་རྩེ་མོའི་ལེགས་བཤད་ཀྱིས་ཁོག་ཕུབས་ཏེ། རང་གཞན་ཀུན་གྱིས་འཛིན་བདེ་བའི་ཕྱིར་ཚིག་ལེའུར་བྱས་ནས་བརྩམས་པའི་འགྲེལ་པ་ཞིག་ཡིན།  +
རྒྱ་གར་འཕགས་ཡུལ་དུ་མཚན་དང་སྙན་གྲགས་ཆེ་བའི་སློབ་དཔོན་ཆེན་པོ་རྒྱལ་སྲས་ཞི་བའི་ལྷའི་རྣམ་ཐར་དུ་མ་ཞིག་བཞུགས་པ་ལས་འདིར་བུ་སྟོན་རིན་ཆེན་གྲུབ་པ་མཛད་པ་འདི་ཡིན་ནོ། །  +
འདི་ནི་རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར་རིན་ཆེན་ཕྲེང་བ་སྟེ། གང་ཉིད་ལྷོ་ཕྱོགས་སཽར་ཥྚར་མའི་ཡུལ་དུ་རྒྱལ་པོའི་སྲས་སུ་འཁྲུངས་ཚུལ་དང་། ཕྱིས་སུ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཕེབས་ནས་སློབ་གཉེར་གནང་ཚུལ། སྤྱོད་ལམ་ཐ་མལ་པ་ལྟར་བསྟན་པས་གཞན་གྱིས་བྷུ་སུ་ཀུ་འདུ་ཤེས་གསུམ་པ་ཞེས་བཏགས་ཚུལ་དང་། མཐར་དགེ་འདུན་གྱི་དབུས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་ཏེ་ནམ་མཁར་འཕགས་པ་སོགས་ངོ་མཚར་བའི་གཏམ་བདུན་གྱི་སྐོར་གསལ་བར་སྣང་།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་གསུམ་པ། བདུན་པ། བརྒྱད་པ། བཅུ་པ་རྣམས་སུ་བདག་གཞན་བརྗེ་བའི་སྒོ་ནས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་མན་ངག་གསུངས་པ་དག་ཟུར་དུ་ཕྱུང་པ་ཞིག་ཡིན།  +
ཟིན་བྲིས་འདི་ནི། རྒྱལ་ཚབ་དར་མ་རིན་ཆེན་གྱིས་རྗེ་ཙོང་ཁ་པའི་དྲུང་ནས་ཤེར་ལེ་གསན་སྐབས་བཀོད་པ་ཞིག་ཡིན། འདི་ཡི་དབུ་ཞབས་བར་སྐབས་འགར་ཁ་སྐོང་ཕྲན་ཚེགས་རེ་མཛད་པ་མ་གཏོགས། ཕལ་ཆེར་རྗེ་འདི་ཉིད་ཀྱིས་མཛད་པའི་སྤྱོད་འགྲེལ་རྒྱལ་སྲས་འཇུག་ངོགས་ཀྱི་ཤེར་ལེའི་འགྲེལ་པ་རང་འཇགས་བཞག་ཡོད།  +
འདི་ནི་ཤེར་ལེ་ཀེ་ཏ་ཀ་སོགས་སུ་ཀུན་མཁྱེན་མི་ཕམ་རྣམ་རྒྱལ་གྱིས་རྗེ་ཡབ་སྲས་ཀྱི་གཞུང་རྣམས་ཕྱོགས་སྔར་བྱས་ཏེ་མི་མཐུནཔའི་དགག་བཞག་མཛད་པའི་འགག་བསྡུས་ཀྱི་གཞུང་རྣམས་དམིགས་བསལ་འདུ་བཀོད་དེ་ཆེ་ལོངས་ཙམ་དུ་འགོག་པའི་རྩོད་ལན་གྱི་གཞུང་ཞིག་ཡིན།  +
S
རྒྱུ་འབྲས་མན་ངག་བདུན་དང་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་སྟངས། ༢༠༢༥ ཟླ་ ༡༠ ཚེས་ ༣ ཉིན་བཀའ་འབྲེལ་བཞིན་ཐའེ་ཝན་དད་ལྡན་ཆོས་ཞུ་ཚོར་ནང་ཆོས་ངོ་སྤྲོད་སྩལ་བ་ལས་དྲངས། ཤར་ཕྱོགས་པས།  +
བལ༌ཡུལ༌བཀའ༌བརྒྱུད༌སྨོན༌ལམ༌ཐེངས༌བཅུ༌དགུ༌པའི༌ཐོག ༧སྐྱབས༌རྗེ༌གྲུབ༌དབང༌སངས༌རྒྱས༌མཉན༌པ༌རིན་པོ་ཆེ༌མཆོག༌ནས། བློ་སྦྱོང་དོན་བདུན་མའི་ཉམས་ལེན་གནད་འགག་དྲིལ་ནས་སྐལ་བཟང་རྣམས་ལ་ཞལ་གདམས་སུ་སྤེལ་བ༌བཞུགས༌སོ། ། 29—31, 2018  +
འདི་ནི་སྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པ་རང་ཉིད་ཀྱིས་ལེན་ཐབས་ཇོ་བོ་ཆེན་པོས་མཛད་པ་གཞིར་གཟུང་ཞིག་གོ།  +
འདི་ནི་སྟོན་མཆོག་ཐུབ་པའི་དབང་པོ། མགོན་པོ་མ་ཕམ་པ། དགེ་བའི་བཤེས་གཉེན་དོན་སྡིངས་པ། འཁོར་བ་འཇིག་དངོས་དཔལ་ཕག་མོ་གྲུ་པ། ཀླུ་སྒྲུབ་གཉིས་པ་རྗེ་འཇིག་རྟེན་གསུམ་གྱི་མགོན་པོ་དང་། སྣུབས་སྟོན་ཆེན་པོ་སོགས་ལས་བརྒྱུད་པའི་སེམས་བསྐྱེད་ཀྱི་སྡོམ་པའི་འབོགས་ཆོག་ཤིན་ཏུ་རྒྱས་པ། འབྲི་གུང་ཐུགས་སྐྱེད་ཆེན་མོར་གྲགས་པ་སྟེ། རྗེ་འཇིག་རྟེན་གསུམ་གྱི་མགོན་པོའི་ཕྱག་བཞེས་ཇི་བཞིན་བསྒྲིགས་པ་ཞིག་གོ།  +
འདི་ནི་སྨོན་འཇུག་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་དང་བསླབ་བྱ་ཕན་ཡོན་སོགས་གསལ་བར་བསྟན་པའི་སེམས་བསྐྱེད་ཀྱི་ཆོ་ག་ཞིག་གོ།  +
འདི་ནི་སེམས་བསྐྱེད་ཞུ་བ་དང་སྦྱང་བ་ལ་མཆོད་པ་གཙོ་ཆེ་བར་གསུངས་པ་ལྟར། ཡན་ལག་བདུན་པ་དང་མཎྡལ་སོགས་ཀྱི་མཆོད་པའི་སྤྲིན་ཕུང་རྒྱ་ཆེ་བ་བཤམ་ཞིང་དབུལ་བ་ལ་འཇུག་པའི་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་དམིགས་རིམ་དང་འདོན་ཆ་སོགས་ལེགས་པར་བསྒྲིགས་པའི་ཕྱག་ལེན་ཤིན་ཏུ་བསྡུས་ཤིང་འཇུག་བདེ་བ་ཞིག་ཡིན་ནོ།།  +
འདི་ནི་ཐུན་མོང་སྐྱབས་འགྲོའི་སྡོམ་པ་དང་། བྱེ་བྲག་བསྙེན་གནས་ཀྱི་སྡོམ་པ་སྔོན་དུ་བཏང་ནས། སྨོན་འཇུག་བྱང་ཆུབ་སེམས་ཀྱི་སྡོམ་པ་ལེན་པའི་ཆོ་ག་རྒྱས་པ། སྐྱབས་བསྙེན་བྱང་སྡོམ་གསུམ་གྱི་བསླབ་བྱ་དང་ཕན་ཡོན་སོགས་ལུང་དང་གླིང་གཞི་སྣ་ཚོགས་ཀྱིས་གསལ་བར་བྱས་པ་ཞིག་གོ།།  +
འདི་ནི་འཇིག་རྟེན་གསུམ་གྱི་མགོན་པོ་དཔལ་ལྡན་ཕག་མོ་གྲུ་པས། དལ་འབྱོར་དོན་ལྡན་བྱ་བའི་ཕྱིར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་པ་དང་། ཚུལ་ཁྲིམས་བསྲུང་ཞིང་ཏིང་ངེ་འཛིན་སྒོམ་པ་དང་། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས་རྒྱས་འདེབས་པ་སྟེ་དོན་ཚན་ལྔ་དང་འབྲེལ་བའི་ཞལ་གདམས་གསུངས་པ་ཞིག་གོ།  +
འདི་ནི་གང་ཞིག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་ནས་དངོས་སམ་བརྒྱུད་ནས་སེམས་ཅན་གྱི་དོན་བྱ་བ་མ་གཏོགས་པའི་ལས་གཞན་མེད་པས། བྱས་ཚད་གཞན་དོན་དུ་འགྱུར་མིན་བདག་གཞན་གཉིས་དང་། སེམས་ཅན་མཐོ་དམན་དང་། སེམས་ཅན་མང་ཉུང་དང་། ཚེ་འདི་ཕྱི་སོགས་ཀྱི་སྒོ་ནས་བརྟག་ཅིང་དཔྱད་པའི་ཚུལ་དགུ་ཡོད་པ་རེ་རེ་ལ་ཟིན་བྲིས་བགྱིས་པ་ཞིག་གོ།  +