Property:DescriptionTib

From Bodhicitta

This is a property of type Text.

Showing 20 pages using this property.
M
སྔ་འགྱུར་རྙིང་མའི་མཁས་དབང་ཀུན་མཁྱེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་སྤྱོད་འགྲེལ་ཀེ་ཏ་ཀ་སོགས་སུ་རྗེ་ཙོང་ཁ་པ་ཡབ་སྲས་ཀྱིས་བཞེད་པའི་དབུ་མའི་ལྟ་གྲུབ་ལ་དགག་གཞག་སུན་འབྱིན་སྨྲས། དེའི་བརྒལ་ལན་དུ་མཁས་མཆོག་བློ་བཟང་རབ་གསལ་གྱིས་འཇམ་དབྱངས་དགོངས་རྒྱན་རིགས་པའི་གཟི་འབར་གདོང་ལྔའི་སྒྲ་དབྱངས་མཛད། དེའི་བརྒལ་ལན་དུ་ཀུན་མཁྱེན་མི་ཕམ་པས་གཞན་གྱིས་བརྩད་པའི་ལན་མདོར་བསྡུས་པ་རབ་གསལ་དེ་ཉིད་སྣང་བྱེད་ཞེས་མཛད། དེའི་བརྒལ་ལན་དུ་སླར་ཡང་མཁས་མཆོག་བློ་བཟང་རབ་གསལ་གྱིས་ཤེས་ལྡན་ཡིད་ཀྱི་གདུང་སེལ་རིགས་ལམ་ག་བུར་ཆུ་རྒྱུན་ཞེས་པ་མཛད་པ་དེ་ཀུན་མཁྱེན་མི་ཕམ་པས་ཚར་གཉིས་གཟིགས་རྗེས། ལན་དུ་དོན་རྟགས་ཨ་མཚར་ཙམ་ཞུ་བའི་ལན་རྗེས་མ་འདི་བཞིན་མཛད་པའོ།།  +
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བསྟན་པའི་མན་ངག་གྱི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་། དེའི་འགྲེལ་པ་དོན་གསལ་ཏེ། སློབ་དཔོན་སེངྒེ་བཟང་པོས་མཛད་པ་གཉིས་ཀའི་དཀའ་གནད་རྣམ་པར་བཤད་པ་ཞིག་ཡིན།  +
N
སྤྱོད་འཇུག་ཤེས་རབ་ལེའུའི་ཚིག་དོན་གོ་སླ་བར་རྣམ་པར་བཤད་པའི་ལེགས་བཤད་ནོར་བུ་ཀེ་ཏ་ཀ་འདི་ནི། རྩོམ་པ་པོས་བོད་དུ་བཞུགས་པའི་རྒྱ་འགྲེལ་ཐམས་ཅད་དང་། བོད་ཀྱི་མཁས་པས་བརྩམས་པའི་ལེགས་བཤད་ཕལ་ཆེ་བ་ཀུན་ཀྱང་གཟིགས་ཤིང་། དེ་དག་གི་དོན་ལེགས་པར་ཐུགས་ལ་འཆར་བར་བྱས་ཏེ་བརྩམས་པ་ཞིག་ཡིན། འགྲེལ་པ་འདིར་གཞུང་ཚིག་གི་དགོངས་དོན་རྣམས་ལུང་རིགས་རྣམ་དག་གིས་གསལ་བར་བྱས་ཤིང་། སྐབས་འགར་བོད་མཁས་པ་གཞན་གྱི་འགྲེལ་ཚུལ་འགའ་ལ་དོན་མཐུན་གྱི་དགག་པ་ཡང་མཛད་ཡོད།  +
བྱམས་དང་སྙིང་རྗེ་ལ་བློ་སྦྱང་ཚུལ། མྱོང་ཐོག་ནས་ངོ་སྤྲད་པ།  +
༧རྗེ་འཇིག་རྟེན་གསུམ་གྱི་མགོན་པོའི་གསུང་གི་སྙིང་པོ་ཐ་དག་གཅིག་ཏུ་བསྡུས་པ། དམ་ཆོས་དགོངས་པ་གཅིག་པ་ལས། བྱང་སེམས་གནད་བསྡུས་ཀྱི་ཚོགས་ཀྱི་རྡོ་རྗེ་གསུང་ཉེར་བཞི་པོ་མྱོང་ཐོག་ནས་བཤད་པ། འཆད་པ་པོ་སྐྱབས་རྗེ་ནུབ་པ་རིན་པོ་ཆེ་མཆོག་ནི། ད་ལྟ་འཚོ་ཞིང་བཞུགས་པའི་སྦས་པའི་རྣལ་འབྱོར་པ། ཉམས་རྟོགས་ཕུན་སུམ་ཚོགས་པའི་མཁས་གྲུབ་གཉིས་ལྡན་ཞིག་ཡིན།  +
P
སློབ་དཔོན་ཞི་བ་ལྷས་མཛད་ཅིང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ནི། བོད་ཀྱི་ནང་བསྟན་ཆོས་བརྒྱུད་ཚང་མས་ཤིན་ཏུ་བཀུར་ཞིང་གཅེས་པར་འཛིན་པའི་ལེགས་བཤད་རྨད་དུ་འབྱུང་བ་ཞིག་ཡིན། གཞུང་འདིར་རང་ཅག་རྣམས་ཀྱི་རྒྱུད་ལ་སྙིང་རྗེ་དང་ཤེས་རབ་ཀྱི་ཡོན་ཏན་སྐྱེ་བར་བྱེད་པའི་ཐབས་གསལ་བར་བསྟན་ཡོད། དུས་རབས་བཅུ་དགུ་པའི་ནང་བྱོན་པའི་སྦས་པའི་རྣལ་འབྱོར་པ་ཆེན་པོ་རྫ་དཔའ་སྤྲུལ་རིན་པོ་ཆེ་མཆོག་ལ་མཚོན་ན། ཕྱིའི་སྣང་ཚུལ་སྤྲང་པོའི་ཚུལ་དུ་བཞུགས་ནས། ནང་གི་ཉམས་ལེན་སྤྱོད་འཇུག་ཁོ་ན་མཛད་ཅིང་། གཞན་དོན་ཡང་གཞུང་འདི་ཉིད་འཆད་ཁྲིད་ཀྱིས་གནང་བར་གྲགས། དེ་བཞིན་༸གོང་ས་མཆོག་གིས་ཀྱང་། གལ་སྲིད་ཁོང་གི་ཐུགས་རྒྱུད་ལ་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་ཡོན་ཏན་རེ་ཡོད་ན། དེ་སྤྱོད་འཇུག་གི་རྨང་གཞི་ལ་བརྟེན་ནས་བྱུང་བ་རེད་ཅེས་གསུངས་ཡོད། ད་རེས་བརྙན་འཕྲིན་འདིར་སྐྱབས་རྗེ་མཁན་ཆེན་ཁྲང་མགུ་རིན་པོ་ཆེ་མཆོག་གིས། སློབ་དཔོན་ཞི་བ་ལྷའི་གཞུང་དེ་ཡི་ལེའུ་དྲུག་པ་སྟེ། བཟོད་པའི་སྐོར་བཀའ་སློབ་ལམ་སྟོན་གནང་ཡོད། ([https://www.youtube.com/watch?v=wA1OIX-DTPQ Source Accessed Oct 8, 2021])  +
སློབ་དཔོན་ཞི་བ་ལྷས་མཛད་ཅིང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ནི། བོད་ཀྱི་ནང་བསྟན་ཆོས་བརྒྱུད་ཚང་མས་ཤིན་ཏུ་བཀུར་ཞིང་གཅེས་པར་འཛིན་པའི་ལེགས་བཤད་རྨད་དུ་འབྱུང་བ་ཞིག་ཡིན། གཞུང་འདིར་རང་ཅག་རྣམས་ཀྱི་རྒྱུད་ལ་སྙིང་རྗེ་དང་ཤེས་རབ་ཀྱི་ཡོན་ཏན་སྐྱེ་བར་བྱེད་པའི་ཐབས་གསལ་བར་བསྟན་ཡོད། དུས་རབས་བཅུ་དགུ་པའི་ནང་བྱོན་པའི་སྦས་པའི་རྣལ་འབྱོར་པ་ཆེན་པོ་རྫ་དཔའ་སྤྲུལ་རིན་པོ་ཆེ་མཆོག་ལ་མཚོན་ན། ཕྱིའི་སྣང་ཚུལ་སྤྲང་པོའི་ཚུལ་དུ་བཞུགས་ནས། ནང་གི་ཉམས་ལེན་སྤྱོད་འཇུག་ཁོ་ན་མཛད་ཅིང་། གཞན་དོན་ཡང་གཞུང་འདི་ཉིད་འཆད་ཁྲིད་ཀྱིས་གནང་བར་གྲགས། དེ་བཞིན་༸གོང་ས་མཆོག་གིས་ཀྱང་། གལ་སྲིད་ཁོང་གི་ཐུགས་རྒྱུད་ལ་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་ཡོན་ཏན་རེ་ཡོད་ན། དེ་སྤྱོད་འཇུག་གི་རྨང་གཞི་ལ་བརྟེན་ནས་བྱུང་བ་རེད་ཅེས་གསུངས་ཡོད། ད་རེས་བརྙན་འཕྲིན་འདིར་སྐྱབས་རྗེ་མཁན་ཆེན་ཁྲང་མགུ་རིན་པོ་ཆེ་མཆོག་གིས། སློབ་དཔོན་ཞི་བ་ལྷའི་གཞུང་དེ་ཡི་ལེའུ་དྲུག་པ་སྟེ། བཟོད་པའི་སྐོར་བཀའ་སློབ་ལམ་སྟོན་གནང་ཡོད། ([https://www.youtube.com/watch?v=b-HxHS_REyQ Source Accessed Oct 8, 2021])  +
སློབ་དཔོན་ཞི་བ་ལྷས་མཛད་ཅིང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ནི། བོད་ཀྱི་ནང་བསྟན་ཆོས་བརྒྱུད་ཚང་མས་ཤིན་ཏུ་བཀུར་ཞིང་གཅེས་པར་འཛིན་པའི་ལེགས་བཤད་རྨད་དུ་འབྱུང་བ་ཞིག་ཡིན། གཞུང་འདིར་རང་ཅག་རྣམས་ཀྱི་རྒྱུད་ལ་སྙིང་རྗེ་དང་ཤེས་རབ་ཀྱི་ཡོན་ཏན་སྐྱེ་བར་བྱེད་པའི་ཐབས་གསལ་བར་བསྟན་ཡོད། དུས་རབས་བཅུ་དགུ་པའི་ནང་བྱོན་པའི་སྦས་པའི་རྣལ་འབྱོར་པ་ཆེན་པོ་རྫ་དཔའ་སྤྲུལ་རིན་པོ་ཆེ་མཆོག་ལ་མཚོན་ན། ཕྱིའི་སྣང་ཚུལ་སྤྲང་པོའི་ཚུལ་དུ་བཞུགས་ནས། ནང་གི་ཉམས་ལེན་སྤྱོད་འཇུག་ཁོ་ན་མཛད་ཅིང་། གཞན་དོན་ཡང་གཞུང་འདི་ཉིད་འཆད་ཁྲིད་ཀྱིས་གནང་བར་གྲགས། དེ་བཞིན་༸གོང་ས་མཆོག་གིས་ཀྱང་། གལ་སྲིད་ཁོང་གི་ཐུགས་རྒྱུད་ལ་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་ཡོན་ཏན་རེ་ཡོད་ན། དེ་སྤྱོད་འཇུག་གི་རྨང་གཞི་ལ་བརྟེན་ནས་བྱུང་བ་རེད་ཅེས་གསུངས་ཡོད། ད་རེས་བརྙན་འཕྲིན་འདིར་སྐྱབས་རྗེ་མཁན་ཆེན་ཁྲང་མགུ་རིན་པོ་ཆེ་མཆོག་གིས། སློབ་དཔོན་ཞི་བ་ལྷའི་གཞུང་དེ་ཡི་ལེའུ་དྲུག་པ་སྟེ། བཟོད་པའི་སྐོར་བཀའ་སློབ་ལམ་སྟོན་གནང་ཡོད། ([https://www.youtube.com/watch?v=mZEyg_eNBO0 Source Accessed Oct 8, 2021])  +
སློབ་དཔོན་ཞི་བ་ལྷས་མཛད་ཅིང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ནི། བོད་ཀྱི་ནང་བསྟན་ཆོས་བརྒྱུད་ཚང་མས་ཤིན་ཏུ་བཀུར་ཞིང་གཅེས་པར་འཛིན་པའི་ལེགས་བཤད་རྨད་དུ་འབྱུང་བ་ཞིག་ཡིན། གཞུང་འདིར་རང་ཅག་རྣམས་ཀྱི་རྒྱུད་ལ་སྙིང་རྗེ་དང་ཤེས་རབ་ཀྱི་ཡོན་ཏན་སྐྱེ་བར་བྱེད་པའི་ཐབས་གསལ་བར་བསྟན་ཡོད། དུས་རབས་བཅུ་དགུ་པའི་ནང་བྱོན་པའི་སྦས་པའི་རྣལ་འབྱོར་པ་ཆེན་པོ་རྫ་དཔའ་སྤྲུལ་རིན་པོ་ཆེ་མཆོག་ལ་མཚོན་ན། ཕྱིའི་སྣང་ཚུལ་སྤྲང་པོའི་ཚུལ་དུ་བཞུགས་ནས། ནང་གི་ཉམས་ལེན་སྤྱོད་འཇུག་ཁོ་ན་མཛད་ཅིང་། གཞན་དོན་ཡང་གཞུང་འདི་ཉིད་འཆད་ཁྲིད་ཀྱིས་གནང་བར་གྲགས། དེ་བཞིན་༸གོང་ས་མཆོག་གིས་ཀྱང་། གལ་སྲིད་ཁོང་གི་ཐུགས་རྒྱུད་ལ་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་ཡོན་ཏན་རེ་ཡོད་ན། དེ་སྤྱོད་འཇུག་གི་རྨང་གཞི་ལ་བརྟེན་ནས་བྱུང་བ་རེད་ཅེས་གསུངས་ཡོད། ད་རེས་བརྙན་འཕྲིན་འདིར་སྐྱབས་རྗེ་མཁན་ཆེན་ཁྲང་མགུ་རིན་པོ་ཆེ་མཆོག་གིས། སློབ་དཔོན་ཞི་བ་ལྷའི་གཞུང་དེ་ཡི་ལེའུ་དྲུག་པ་སྟེ། བཟོད་པའི་སྐོར་བཀའ་སློབ་ལམ་སྟོན་གནང་ཡོད། ([https://www.youtube.com/watch?v=mZEyg_eNBO0 Source Accessed Oct 8, 2021])  +
སློབ་དཔོན་ཞི་བ་ལྷས་མཛད་ཅིང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ནི། བོད་ཀྱི་ནང་བསྟན་ཆོས་བརྒྱུད་ཚང་མས་ཤིན་ཏུ་བཀུར་ཞིང་གཅེས་པར་འཛིན་པའི་ལེགས་བཤད་རྨད་དུ་འབྱུང་བ་ཞིག་ཡིན། གཞུང་འདིར་རང་ཅག་རྣམས་ཀྱི་རྒྱུད་ལ་སྙིང་རྗེ་དང་ཤེས་རབ་ཀྱི་ཡོན་ཏན་སྐྱེ་བར་བྱེད་པའི་ཐབས་གསལ་བར་བསྟན་ཡོད། དུས་རབས་བཅུ་དགུ་པའི་ནང་བྱོན་པའི་སྦས་པའི་རྣལ་འབྱོར་པ་ཆེན་པོ་རྫ་དཔའ་སྤྲུལ་རིན་པོ་ཆེ་མཆོག་ལ་མཚོན་ན། ཕྱིའི་སྣང་ཚུལ་སྤྲང་པོའི་ཚུལ་དུ་བཞུགས་ནས། ནང་གི་ཉམས་ལེན་སྤྱོད་འཇུག་ཁོ་ན་མཛད་ཅིང་། གཞན་དོན་ཡང་གཞུང་འདི་ཉིད་འཆད་ཁྲིད་ཀྱིས་གནང་བར་གྲགས། དེ་བཞིན་༸གོང་ས་མཆོག་གིས་ཀྱང་། གལ་སྲིད་ཁོང་གི་ཐུགས་རྒྱུད་ལ་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་ཡོན་ཏན་རེ་ཡོད་ན། དེ་སྤྱོད་འཇུག་གི་རྨང་གཞི་ལ་བརྟེན་ནས་བྱུང་བ་རེད་ཅེས་གསུངས་ཡོད། ད་རེས་བརྙན་འཕྲིན་འདིར་སྐྱབས་རྗེ་མཁན་ཆེན་ཁྲང་མགུ་རིན་པོ་ཆེ་མཆོག་གིས། སློབ་དཔོན་ཞི་བ་ལྷའི་གཞུང་དེ་ཡི་ལེའུ་དྲུག་པ་སྟེ། བཟོད་པའི་སྐོར་བཀའ་སློབ་ལམ་སྟོན་གནང་ཡོད། ([https://www.youtube.com/watch?v=YxcX_M99ZDE Source Accessed Oct 8, 2021])  +
ཤེར་ལེའི་འགྲེལ་པ་འདིར། ལེའུའི་ཚིགས་སུ་བཅད་པ་སྤྱི་དང་། བྱེ་བྲག་དཀའ་བའི་གནས་རྣམས་གསལ་ཞིང་རྒྱས་པར་བཀྲལ་ཡོད།  +
R
ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ནི། འཇམ་དཔལ་དབྱངས་ཀྱི་རྣམ་པར་རོལ་པ་ཉིད་དུ་ཡོངས་སུ་གྲགས། ཁྱད་པར་དུ་བསྐལ་པ་དཔག་ཏུ་མེད་པ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་ལེགས་པར་བསླབས་ཤིང་། གསུང་རབ་ཀྱི་དགོངས་དོན་གསལ་བར་བྱེད་པའི་བཤད་པ་དང་། དབེན་པར་རྩེ་གཅིག་ཏུ་སྒྲུབ་པ་ལ་བརྩོན་པའི་ཡང་དག་འཇོག་སྟེ། འཁོར་ལོ་གཉིས་ཀྱི་སྒོ་ནས་ཐེག་པ་ཆེན་པོའི་བསྟན་པའི་སྲོག་ཤིང་བཟུང་བར་མཛད། མགོན་པོ་གང་གིས་བསྟན་པའི་སྣང་བ་མི་གསལ་བའི་ཡུལ་གྱི་སྐྱེ་བོ་རྣམས་ལ། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་བཟང་ཉིན་མོ་ལྟར་གསལ་བར་མཛད་པས། འགྲོ་བའི་བླ་མ་དང་འཇིག་རྟེན་གྱི་མགོན་པོ་ཞེས་བསྔགས་པའི་མེ་ཏོག་འཐོར། རྗེ་འདིའི་སྐྱེས་རབས་ཀྱི་ཕྲེང་བ་ནི་འཕགས་ཡུལ་དུ་སློབ་དཔོན་ཆེན་པོ་ཞི་བ་ལྷ་དང་། བོད་དུ་ཨ་རོ་ཡེ་ཤེས་འབྱུང་གནས་སུ་གྱུར་པ་སོགས་དུ་མ་མཆིས། ལྷག་པར་དུ་སྐུ་ཚེ་འདིར་འགྲོ་བ་དཔག་ཏུ་མེད་པ་ལ་དཀར་པོའི་ས་བོན་འདེབས་པའི་ཆེད། ངོ་མཚར་ཅན་གྱི་ཡི་གེ་དྲུག་མའི་རྡོ་འབུམ་ཆེན་མོ་བཞེངས་པ་དང་། སྤྱོད་འཇུག་གཙོ་བོར་གྱུར་པའི་དམ་ཆོས་ཀྱི་ཆར་ཆེན་ཕབ་སྟེ་བསྟན་པའི་སྣང་བ་གསལ་བར་མཛད། རྡོ་འབུམ་འདི་ནི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ནང་བཅུད་ཡིག་འབྲུ་དྲུག་མ་རུ་བསྡུས་པའི་བྱིན་རླབས་ཀྱི་གནད་དུ་གསུངས། མདོར་ན་སྐུ་ཚེ་ཧྲིལ་པོར་སྦས་པའི་བརྟུལ་ཞུགས་བསྐྱངས་ཏེ་ཅི་མཛད་ཐམས་ཅད་བྱང་ཆུབ་ཀྱི་སྤྱོད་པ་ལས་མི་འདའ་ཞིང་། བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཁོ་ན་ཐུགས་དམ་གྱི་རྩ་བར་འཛིན་པའི་བདག་ཉིད་ཆེན་པོ་ཡིན་པར་མངོན།  +
རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ནི། རབ་བྱུང་བཅུ་བཞི་པའི་ས་འབྲུག་ལོར་ཁམས་རྫ་ཆུ་ཁའི་རྒྱལ་ཐོག་ཅེས་པའི་གདུང་ལས་སྐུ་འཁྲུངས་ཤིང་། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་སྤྲུལ་སྐུར་ངོས་བཟུང་གནང་། སྐུ་ཚེ་ཧྲིལ་པོར་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་ཁོ་ནས་རྣམ་ཐར་བསྐྱངས་ཏེ། རྫོགས་ཆེན་གྱི་རྟོགས་པ་ནམ་མཁའ་དང་མཉམ་པ་བརྙེས། ལྷག་པར་དུ་སྤྱོད་འཇུག་དང་རྒྱུད་གསང་བ་སྙིང་པོ། ཀློང་ཆེན་སྙིང་ཐིག་གི་ཆོས་རྒྱུན་རྣམས་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་པ་ལ་སླར་ཡང་གསོས་བཏབ་སྟེ་བསྟན་པའི་སྲོག་ཤིང་ཆེན་པོར་གྱུར། ཁོང་གི་བརྩམས་ཆོས་རྣམས་ནི་མཁས་པས་བརྟགས་ན་དོན་བཟང་བ། བླུན་པོས་ཉན་ཡང་གོ་སླ་བ། སྐྱེ་བོ་མཐའ་དག་གི་ཡིད་འཕྲོག་པ། གནད་འདུས་ལ་འཛིན་བདེ་བའི་བསྟན་བཅོས་ཁྱད་པར་ཞིག་ཡིན་པར་མངོན།  +
རྒྱལ་སྲས་ཞི་བ་ལྷ་ནི་ལྷོ་ཕྱོགས་ཀྱི་རྒྱལ་པོའི་རིགས་སུ་སྐུ་འཁྲུངས་ཤིང་། རྗེ་བཙུན་འཇམ་དབྱངས་ཀྱིས་དངོས་སུ་རྗེས་སུ་བཟུང་བ་ལ་བརྟེན་ནས། རྒྱལ་པོའི་དཔལ་འབྱོར་ནི་སྦྲུལ་གདུག་གི་ཚང་ཚིང་ལྟ་བུར་གཟིགས་ཏེ་རྒྱལ་སྲིད་སྤངས་ནས་དཔལ་ལྡན་ནཱ་ལེནྡྲར་ཕེབས་ཏེ་བསྙེན་པར་རྫོགས་ཤིང་ཆགས་བྲལ་གྱི་རྒྱལ་མཚན་འཛིན་པར་མཛད། ཕྱི་ཚུལ་དུ་བཟའ་བཏུང་དང་གཉིད་ལ་སོགས་པ་མཛད་པས་བྷུ་སུ་ཀུ་ཞེས་པའི་མིང་དུ་གྲགས་ཀྱང་། ནང་དུ་འཇམ་དབྱངས་ཀྱི་གསུང་གི་བཅུད་དང་ལྡན་པའི་རྡོ་རྗེའི་ཐུགས་མངའ་བ་ཡིན་པར་བསྟན། གཞན་གྱིས་མ་རངས་པར་ཆོས་སྟོན་པར་བསྐུལ་བས། ཟབ་ཅིང་རྒྱ་ཆེ་བའི་སྤྱོད་འཇུག་གི་ཆོས་དབྱངས་སྒྲོག་བཞིན་དུ་རྫུ་འཕྲུལ་གྱིས་མཁའ་དབྱིངས་སུ་གཤེགས་པ་སོགས་ངོ་མཚར་བའི་མཛད་པ་མང་པོ་བསྟན། ཡང་རྒྱལ་སྲས་ཞི་བ་ལྷས་མུ་སྟེགས་པ་རྣམས་ཚར་བཅད་ཅིང་བསྟན་པའི་ཆོས་སྒོར་བཙུགས་པ་དང་། ཕོངས་པ་རྣམས་ལ་གཏོང་བའི་ཕྱག་གིས་དབུགས་འབྱིན་པ་སོགས་ཐུབ་བསྟན་ཉི་མ་ལྟར་གསལ་བར་མཛད་པའི་ཡོན་ཏན་རྣམས་གསལ་བར་བསྟན།  +
འདི་ནི་བློ་སྦྱོང་གི་གདམས་པ་གནད་བསྡུས་ཤིག་ཡིན། མ་དཔེར་རྒྱལ་སྲས་འཆད་ཁ་བའི་བློ་སྦྱོང་དོན་བདུན་མའི་རྩ་ཚིག་གི་མཇུག་དེ་མ་ཐག་ཏུ་བཞུགས། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ཞེས་པ་ཞིག་གིས་འགྲེལ་པ་མང་པོ་ལས་ལེགས་པའི་ཆ་རྣམས་བཏུས་ཏེ་བྲིས་ཞེས་མཆན་དུ་གསལ།  +
ཤེར་ལེའི་རྣམ་བཤད་འདི་ནི་གཞུང་གི་ཚིག་དོན་རྣམས་ས་བཅད་དང་བཅས་ཚིག་ཚོགས་ཉུང་ངུས་འགྲེལ་བ་ཞིག་ཡིན།  +
ཤེར་ལེའི་རྣམ་བཤད་འདི་ནི་གཞུང་གི་ཚིག་དོན་རྣམས་ས་བཅད་དང་བཅས་ཚིག་ཚོགས་ཉུང་ངུས་འགྲེལ་བ་ཞིག་ཡིན།  +
འདི་ནི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་རིན་ཆེན་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་། སྤྱོད་པ་ལམ་ཕར་ཕྱིན་དྲུག་གི་ལམ་ལ་ཞུགས་ནས། འབྲས་བུ་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྱིར་སྨོན་པ་ཚིགས་སུ་བཅད་པ་ཉེར་ཅིག་པ་ཞིག་གོ།  +
རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ནི། དུས་རབས་བདུན་པའི་མཇུག་དང་བརྒྱད་པའི་འགོ་སྟོད་ཙམ་དུ་རྒྱ་གར་ལྷོ་ཕྱོགས་ཡུལ་འཁོར་བཟང་པོ་ཞེས་བྱ་བར་རྒྱལ་པོ་དགེ་བའི་གོ་ཆའི་སྲས་སུ་འཁྲུངས། ཁོང་གཞོན་ནུའི་ཚེ་ནས་རིག་པའི་གནས་མང་པོ་ལ་མཁས་པར་བསླབས་ཤིང་། ཁྱད་པར་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞལ་གཟིགས། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ་མཚན་ལ་ཞི་བ་ལྷ་ཞེས་བཏགས། ཕྱིའི་སྤྱོད་པ་ལ་ཟ་ཉལ་འགྲོ་གསུམ་ལས་མི་མཛད་པར་སྣང་བས་ཀུན་གྱིས་བྷུ་སུ་ཀུ་ཞེས་འཕྱ་སྨོད་བྱས། འོན་ཀྱང་ཕྱིས་སུ་དགེ་འདུན་གྱི་དབུས་སུ་སྔར་མ་གྲགས་པའི་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞལ་འདོན་མཛད་སྐབས། ཤེར་ལེའུའི་མཚམས་ནས་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་སྟེ་སྐུ་མི་སྣང་བར་གྱུར་པ་སོགས་ངོ་མཚར་བའི་གྲུབ་རྟགས་བསྟན། ཁོང་གིས་མཛད་པའི་གྲགས་ཆེ་བའི་བསྟན་བཅོས་ནི། བསླབ་བཏུས་དང་། མདོ་བཏུས། སྤྱོད་འཇུག་བཅས་ཡིན་ལ། བསྟན་བཅོས་འདི་དག་ནི་བྱང་ཆུབ་སེམས་དཔའི་ཉམས་ལེན་གྱི་སྙིང་པོ་མ་ལུས་པ་བསྡུས་པའི་བསྟན་བཅོས་རིན་ཐང་བྲལ་བ་ཤ་སྟག་གོ། །གཞན་ཡང་ཞི་བ་ལྷས་མུ་སྟེགས་པ་དང་རྩེད་ཚེ་ཁོ་བོ་ཅག་ཕམ་ནས་ཆོས་སྐོར་བཙུགས་པ་དང་། མུ་གེས་ཉེན་པའི་སྐྱེ་བོ་མང་པོ་ཕོངས་པ་ལས་བསྐྱབས་པ་སོགས་བསྟན་འགྲོར་སྨན་པའི་དོན་ཆེན་མཛད་པ་བསྟན།  +
སངས་རྒྱས་ཀུན་གྱི་མཁྱེན་རབ་ཀྱི་རང་གཟུགས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་དངོས་སུ་རྗེས་སུ་བཟུང་ཞིང་། ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་བདག་ཉིད་དུ་གྱུར་པ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ནི། ལྷོ་ཕྱོགས་སཽ་ར་ཥྚྲའི་ཡུལ་དུ་རྒྱལ་པོ་དགེ་བའི་གོ་ཆའི་སྲས་སུ་འཁྲུངས། འཇམ་དཔལ་དབྱངས་ཀྱི་གསུང་གིས་བསྐུལ་ཏེ་འཁོར་བའི་ཕུན་ཚོགས་ལ་ཞེན་པ་ལོག་ནས་དཔལ་ནཱ་ལེནྡྲའི་ཆོས་གྲྭ་ཆེན་པོར་རབ་ཏུ་བྱུང་། ཐུན་མོང་གི་སྣང་ངོར་ཟ་ཉལ་འཆག་པ་གསུམ་ལས་མི་མཛད་པས་བྷུ་སུ་ཀུ་ཞེས་པའི་མཚན་བཏགས་ཀྱང་། དོན་དུ་ནང་གི་རྟོགས་པ་ནམ་མཁའ་ལྟར་ཡངས་པའི་རྣལ་འབྱོར་གྱི་སྤྱོད་པ་ཡིན་པར་ཁུམས། དགེ་འདུན་གྱི་དབུས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུང་བའི་ཚེ། ངོ་མཚར་བའི་ལྟས་དང་བཅས་ཏེ་ནམ་མཁར་འཕགས་ཏེ་སྐུ་མི་སྣང་བར་གྱུར་ཀྱང་། སྒྲ་མ་ཆད་པར་གཞུང་རྫོགས་པར་གསུངས་པ་དང་། གཞན་ཡང་བསྟན་འགྲོར་ཕན་པའི་མཛད་པ་རླབས་པོ་ཆེ་སོགས་ངོ་མཚར་བའི་མཛད་པ་བསམ་གྱིས་མི་ཁྱབ་པ་བསྟན།  +