Property:TmlnDescriptionTib
From Bodhicitta
This is a property of type Text.
B
དོལ་པོ་པས་ཇོ་ནང་དུ་རི་ཆོས་ངེས་དོན་རྒྱ་མཚོ་དང་ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་དང་འབྲེལ་བའི་ཆོས་སྐོར་གཞན་ཡང་མཛད་ཅིང་ཇོ་ནང་པའི་གྲུབ་མཐའ་སྤེལ་བར་བྱེད་དོ། ། +
བུ་སྟོན་རིན་ཆེན་གྲུབ་ནས་མཁས་པའི་དཔྱད་ཞིབ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་མཐའ་གྲུབ་པར་མཛད། +
སློབ་དཔོན་རྟ་དབྱངས་ཀྱིས་ཐེག་པ་ཆེན་པོའི་དད་པ་བསྐྱེད་པའི་བསྟན་བཅོས་དང་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་སྒོམ་པའི་ཡི་གེ་མཛད་པར་གྲགས། +
རོང་སྟོན་ཤེས་བྱ་ཀུན་རིག་ནས་སློབ་དཔོན་པདྨའི་ངང་ཚུལ་གྱིས་མཛད་པའི་སྒོམ་རིམ་ཐོག་མཐའ་བར་གསུམ་ཀྱི་འགྲེལ་པ་སོགས་བྱང་ཆུབ་སེམས་སྐོར་གྱི་གཞུང་འགྲེལ་མན་ངག་རྣམས་མཛད། +
ཙོང་ཁ་པ་བློ་བཟང་གྲགས་པས་རྭ་སྒྲེང་དུ་བྱང་ཆུབ་ལམ་རིམ་ཆེན་པོ་བརྩམས་ནས་ལམ་རིམ་གྱི་ཆོས་ཚུལ་དར་སྤེལ་རྒྱ་ཆེར་མཛད། +
ཙོང་ཁ་པ་བློ་བཟང་གྲགས་པས་དགེ་ལྡན་པའི་གདན་ས་དང་པོ་དང་གཙོ་བོ་དགའ་ལྡན་ཕྱག་བཏབ། +
བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། མངོན་རྟོགས་རྒྱན་དང་། དབུ་མ་ལ་འཇུག་ལ་སོགས་པའི་བྱང་ཆུབ་སེམས་སྟོན་པའི་གཞུང་གི་འགྲེལ་པ་དང་བསྟན་བཅོས་མང་དུ་བརྩམས། +
རྒྱལ་ཚབ་དར་མ་རིན་ཆེན་ནས་རྗེ་བློ་བཟང་གྲགས་པས་གནང་པའི་བཀའ་ཆོས་གཞི་བཟུང་བྱས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་མཛད། +
ཤཱཀྱ་མཆོག་ལྡན་གྱིས་ས་པཎ་གྱི་སྡོམ་གསུམ་རབ་དབྱེའི་བལ་གཏམ་སོགས་ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་དང་འབྲེལ་བའི་གཞུང་ལུགས་མཛད། +
གོ་རམས་པ་བསོད་ནམས་སེངྒེས་སྡོམ་གསུམ་རབ་དབྱེའི་སྤྱི་དོན་ལ་སོགས་པ་བྱང་ཆུབ་སེམས་དང་འབྲེལ་བའི་གཞུང་དང་འགྲེལ་པ་མང་དུ་མཛད། +
ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་འཁྲུངས་ཤིང་ཁོང་གིས་བྱང་ཆུབ་སེམས་དང་འབྲེལ་བའི་གཞུང་འགྲེལ་དང་། མན་ངག་ སྒོམ་ཚུལ་སོགས་མང་དུ་བརྩམས། +
མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱིས་སྡོམ་གསུམ་རྣམ་ངེས་བརྩམས། +
དཔའ་བོ་གཙུག་ལག་ཕྲེང་བས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་རྒྱས་པ་བརྩམས། +
སངས་རྒྱས་ཕལ་པོ་ཆེའི་ཆ་ཤས་ལོ་ཙཱ་བ་འཇིག་རྟེན་བདེ་ལེགས་ཀྱིས་རྒྱ་ནག་གི་སྐད་དུ་བསྒྱུར། +
འབྲུག་ཆེན་པདྨ་དཀར་པོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འབྲུ་འགྲེལ་དང་། སྡོམ་གསུམ་རྒྱན་ལ་སོགས་པའི་བྱང་ཆུབ་སེམས་དང་འབྲེལ་བའི་ཆོས་དཔེ་མང་དུ་མཛད། +
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ལམ་རིམ། བློ་སྦྱོང་། ཕྱག་ཆེན་དང་། སེམས་བསྐྱེད་ཉམས་ལེན་སྐོར་ཆོས་དཔེ་རྣམས་མཛད། +
འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་ལམ་རིམ་སྐོར་དང་གཞུང་འགྲེལ་མང་དུ་བརྩམས་ཤིང་། སྤྱི་ལོ་ ༡༧༠༩ ་ལ་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་བཏབ། +
འཇིགས་མེད་གླིང་པ་འཁྲུངས་ཤིང་། ཁོང་གིས་ཡོན་ཏན་རིན་པོ་ཆེའི་མཛོད་ལ་སོགས་པའི་བསྟན་བཅོས་རྣམས་མཛད། +
ལྕང་སྐྱ་རོལ་པའི་རྡོ་རྗེས་བྱང་ཆུབ་སེམས་བསྐྱེད་ཚུལ། བློ་སྦྱོང་། ལམ་རིམ། བྱང་ཆུབ་སེམས་པའི་སྡོམ་པ་དང་བསླབ་བྱ་ལ་སོགས་པའི་སྐོར་བསྟན་བཅོས་མང་དུ་མཛད། +
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་བྱང་ཆུབ་སེམས་བསྒོམ་ཚུལ་དང་ལམ་རིམ་སྐོར་དང་གཞུང་འགྲེལ་རྣམས་མཛད། +