Property:TmlnDescriptionTib
From Bodhicitta
This is a property of type Text.
B
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་ལེའུ་དང་པོར་ "བྱང་ཆུབ་ཀྱི་སེམས་དེས་ཀྱང་རློམ་སེམས་སུ་མི་བགྱིད་པ་དེ་ལྟར་བསླབ་པར་བྱའོ།།" ཞེས་བྱང་ཆུབ་སེམས་ཀྱི་ཐ་སྙད་གསུངས། +
གླང་རི་ཐང་པས་བློ་སྦྱོང་ཚིགས་བརྒྱད་མ་བརྩམས། +
མ་གཅིག་ལབ་སྒྲོན་གྱིས་གཅོད་ཀྱི་བསྟན་པ་སྤེལ་ཞིང་། དམ་པ་སངས་རྒྱས་ནས་ཞི་བྱེད་ཀྱི་ཆོས་ཚུལ་དར་རྒྱས་མཛད་དེ་བྱང་ཆུབ་ཀྱི་སེམས་སྤེལ། +
སྒམ་པོ་པ་བསོད་ནམས་རིན་ཆེན་གྱིས་དྭགས་ལྷ་སྒམ་པོ་ཕྱག་བཏབ་ཅིང་དེ་ཙམ་ན་དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་བརྩམས། +
ས་ཆེན་ཀུན་དགའ་སྙིང་པོས་འཇམ་དཔལ་དབྱངས་ནས་ཞེན་པ་བཞི་བྲལ་གྱི་གདམས་པ་ཐོབ་པར་བཤད། +
ཕག་གྲུ་རྡོ་རྗེ་རྒྱལ་པོས་ཕག་གྲུ་གདན་ས་ཐེལ་དུ་ཆོས་གཞི་མཛད་ཅིང་སྡོམ་པ་ཉི་ཤུའི་འགྲེལ་པ་དང་། ཉིད་ཀྱི་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། སེམས་བསྐྱེད་མུ་ཏིག་ཕྲེང་ཆེན་སོགས་མཛད། +
འཆད་ཁ་བ་ཡེ་ཤེས་རྡོ་རྗེ་ཡིས་བློ་སྦྱོང་དོན་བདུན་མ་བརྩམས། +
གཏུམ་སྟོན་བློ་གྲོས་གྲགས་ནས་སྣར་ཐང་གི་གདན་ས་ཕྱག་བཏབ་ཅིང་། ཕྱིས་འདི་ཉིད་བཀའ་གདམས་ཀྱི་ཀློག་སྤོང་གི་ཆོས་སྡེ་གཙོ་བོ་ཞིག་ཏུ་གྱུར། +
རྒྱ་དམར་བྱང་ཆུབ་གྲགས། ཆ་པ་ཆོས་ཀྱི་སེང་གེ་དང་། གཙང་ནག་པ་བརྩོན་འགྲུས་སེང་གེ་ལ་སོགས་པ་གསང་ཕུའི་མཁས་པ་རྣམས་ནས་བྱང་ཆུབ་སེམས་ཀྱི་སྐོར་འཆད་རྩོད་རྩོམ་གསུམ་མང་དུ་མཛད། +
འཇིག་རྟེན་གསུམ་མགོན་ནས་འབྲི་གུང་མཐིལ་ཕྱག་བཏབ་ཅིང་། དེ་ཙམ་ན་ཕྱག་ཆེན་ལྔ་ལྡན་མཛད་པ་དང་། སློབ་མ་ཤེས་རབ་འབྱུང་གནས་ཀྱིས་དམ་ཆོས་དགོངས་པ་གཅིག་པ་བསྡུ་སྒྲིག་མཛད། +
ས་སྐྱ་བསོད་ནམས་རྩེ་མོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་པ་དང་། སྐུ་མཆེད་ཆུང་བ་གྲགས་པ་རྒྱལ་མཚན་ནས་བྱང་ཆུབ་སེམས་དང་འབྲེལ་བའི་ཆོས་དཔེ་དུ་མ་མཛད། +
སངས་རྒྱས་ཕལ་པོ་ཆེ་ཡི་ཁོངས་གཏོགས་སྡོང་པོ་བཀོད་པའི་མདོ་ལ་སོགས་པ་བྱང་ཆུབ་སེམས་སྟོན་པའི་ཐེག་པ་ཆེན་པའི་མདོ་རྣམས་དར་འགོ་བཙུགས། +
གཙང་པ་རྒྱ་རས་ཀྱིས་འབྲུག་དགོན་པ་ཕྱག་བཏབ་ནས་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་ཕྱོགས་མཐར་ཁྱབ་ཅིང་། སྟོད་སྨད་བར་འབྲུག་གི་རྗེས་འཇུག་རྣམས་ནས་བྱང་ཆུབ་སེམས་ཀྱི་འཆད་ཉན་སྒོམ་སྒྲུབ་རྒྱ་ཆེར་སྤེལ། +
ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་སྡོམ་གསུམ་རབ་དབྱེ་དང་། ཐུབ་པ་དགོངས་གསལ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཆོ་ག་སོགས་བྱང་ཆུབ་སེམས་དང་འབྲེལ་བའི་བསྟན་བཅོས་མང་དུ་མཛད། +
དུས་རབས་ ༡༣ ་པའི་ཕྱེད་ཕྱི་མ་ལ་མཆིམས་ནམ་མཁའ་གྲགས། དེའི་སློབ་མ་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་དང་། དེའི་སློབ་མ་བཅོམ་ལྡན་རིག་པའི་རལ་གྲི་སོགས་མཁས་གྲུབ་མང་པོས་སྣར་ཐར་དུ་བྱང་ཆུབ་སེམས་ཀྱི་ཆོས་ཚུལ་དར་རྒྱས་རྒྱ་ཆེར་མཛད། +
ཆོས་རྒྱལ་འཕགས་པས་ཆུ་མིད་ཆོས་འཁོར་སྐབས་འདུས་པ་བདུན་ཁྲི་ཙམ་བྱང་ཆུབ་སེམས་སྡོམ་བསྩལ་ཞིང་། ཁོང་གིས་རྒྱ་ནག་སེ་ཆེན་རྒྱལ་པོའི་ཆོས་གནས་བླ་མ་མཛད། +
ཐོགས་མེད་བཟང་པོ་འཁྲུངས། ཁོང་གི་ཕྱག་ཤུལ་གཙོ་བོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་དང་། བློ་སྦྱོང་དོན་བདུན་མའི་འགྲེལ་པ། དེ་བཞིན་རང་ཉིད་ཀྱི་རྩོམ་གཞུང་རྒྱལ་བའི་སྲས་ཀྱི་ལག་ལེན་སོ་བདུན་མ་མཛད། +
ཆོས་ཀྱི་འོད་ཟེར་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོག་པོའི་སྐད་དུ་བསྒྱུར། +
ཀློང་ཆེན་རབ་འབྱམས་འཁྲུངས་ཤིང་། ཁོང་ནས་རིམ་པས་བསྟན་བཅོས་མཛོད་ཆེན་བདུན་དང་རང་གྲོལ་སྐོར་གསུམ། ངལ་གསོ་སྐོར་གསུམ་སོགས་བརྩམས་ནས་རྫོགས་པ་ཆེན་པོའི་ཆོས་ཀྱི་རྣམ་གཞག་གསལ་རྒྱས་མཛད། +
ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེས་དོན་དམ་སེམས་བསྐྱེད་སྟོན་པའི་ཐེག་ཆེན་དང་གསང་སྔགས་ཀྱི་གཞུང་དུ་མ་མཛད། +