Property:DescriptionTib

From Bodhicitta

This is a property of type Text.

Showing 20 pages using this property.
D
བརྗོད་བྱ། ཕར་ཕྱིན་དྲུག་ལས་སྦྱིན་པའི་སྐོར། གཟའ་ཉི་མའི་ཐད་གཏོང་གསུང་ཆོས། འཆད་པ་པོ། གྲུབ་པ་རིན་པོ་ཆེ།  +
བརྗོད་བྱ། ཕར་ཕྱིན་དྲུག་ལས་བཟོད་པའི་སྐོར། གཟའ་ཉི་མའི་ཐད་གཏོང་གསུང་ཆོས། འཆད་པ་པོ། གྲུབ་པ་རིན་པོ་ཆེ།  +
བརྗོད་བྱ། ཕར་ཕྱིན་དྲུག་ལས་བཟོད་པའི་སྐོར། གཟའ་ཉི་མའི་ཐད་གཏོང་གསུང་ཆོས། འཆད་པ་པོ། གྲུབ་པ་རིན་པོ་ཆེ།  +
བརྗོད་བྱ། ཕར་ཕྱིན་དྲུག་ལས་ཤེས་རབ་ཀྱི་་སྐོར། གཟའ་ཉི་མའི་ཐད་གཏོང་གསུང་ཆོས། འཆད་པ་པོ། གྲུབ་པ་རིན་པོ་ཆེ།  +
E
ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༥ ཉིན་ཏཱ་ཝན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་གྲངས་ ༨༥ ལ་ཕེབས་པའི་འཁྲུངས་སྐར་དུས་ཆེན་བརྩི་སྲུང་དང་འབྲེལ། རྒྱ་གར་ཧི་མ་ཅལ་མངའ་སྡེ་དྷ་རམ་ས་ལའི་བཞུགས་སྒར་ནས་དྲྭ་ལམ་བརྒྱུད་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་སྩལ་བའི་སྣང་བརྙན་བཞུགས།  +
རྒྱལ་དབང་ཀརྨ་པ་སྐུ་འཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་དགེ་བཤེས་གླང་རི་ཐང་པའི་མཛད་པའི་«བློ་སྦྱོང་ཚིག་བརྒྱད་མ་»ལ་བཀའ་ཁྲིད་གནང་བའི་སྣང་བརྙན་དུམ་ཚན་གཉིས་ལས་དང་པོ་འདི་ཡིན།  +
༸གོང་ས་མཆོག་ལ་མི་ཚེའི་ནང་གི་ཐུགས་བསྐྱེད་གཙོ་བོ་གསུམ་ཡོད། དང་པོ། འགྲོ་བ་མི་ཞིག་ཡིན་པའི་ངོས་ནས། ༸གོང་ས་མཆོག་གི་ཐུགས་བསྐྱེད་དང་པོ་ནི་བྱམས་བརྩེ་དང་། བཟོད་བཤེས། གུ་ཡངས། ཆོག་ཤེས། རང་ཅག་འགོག་སྡོམ་ལྟ་བུའི་འགྲོ་བ་མིའི་གཞི་རྩའི་རིན་ཐང་རྣམས་གོང་དུ་སྤེལ་རྒྱུ་དེ་ཡིན། འགྲོ་བ་མི་ཚང་མ་གཅིག་མཚུངས་ཡིན་དུས། ང་ཚོ་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད། ཐ་ན་ཆོས་ལུགས་ལ་དད་མོས་མེད་མཁན་ཚོས་ཀྱང་རང་གི་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་འབྱུང་བར་འགྲོ་བ་མིའི་རིན་ཐང་འདི་དག་གལ་ཆེ་བར་ངོས་འཛིན་བྱེད། ༸གོང་ས་མཆོག་གིས་འགྲོ་བ་མིའི་རིན་ཐང་འདི་དག་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་གསུངས་ཀྱི་ཡོད། ཁོང་གིས་འགྲོ་བ་མིའི་རིན་ཐང་འདི་དག་གི་གལ་གནད་སྐོར་གསུང་པ་དང་། ཁོང་དང་མཇལ་འཕྲད་བྱུང་བའི་སྐྱེ་བོ་ཀུན་ལ་འདི་དག་མཉམ་སྤྱོད་གནང་རྒྱུར་ཐུགས་བསྐྱེད་བརྟན་པོ་གནང་ཡོད། གཉིས་པ། ཆོས་ལུགས་ཉམས་ལེན་པ་ཞིག་གི་ངོས་ནས། ༸གོང་ས་མཆོག་གི་ཐུགས་བསྐྱེད་གཉིས་པ་ནི་ཆོས་ལུགས་ཕན་ཚུན་དབར་གྱི་མཐུན་སྒྲིལ་གོང་མཐོར་དང་། འཛམ་གླིང་གི་ཆོས་ལུགས་ཆེ་བ་དག་གི་ཁྲོད་དུ་ཕན་ཚུན་བསམ་ཤེས་ཇེ་ཆེར་གཏོང་རྒྱུ་དེ་ཡིན། ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་ཡོད་ཀྱང་། འཛམ་གླིང་གི་ཆོས་ལུགས་ཆེ་བ་ཚང་མར་འགྲོ་བ་མི་བཟང་པོ་ཞིག་སྐྱེད་སྲིང་བྱེད་པའི་ནུས་པ་གཅིག་མཚུངས་སུ་ཡོད། དེར་བརྟེན་ཆོས་ལུགས་ཚང་མས་ཕན་ཚུན་ལ་གུས་བརྩི་དང་། ཕན་ཚུན་གྱི་རིན་ཐང་ངོས་འཛིན་བྱ་རྒྱུ་ནི་གལ་ཆེན་པོ་རེད། བདེན་པ་གཅིག་དང་ཆོས་ལུགས་གཅིག་ཅེས་པ་ནི་མི་སྒེར་གྱི་ངོས་ནས་དོན་ལ་གནས་པ་ཞིག་ཡིན། འོན་ཀྱང་། སྤྱི་ཚོགས་ཤིག་ལ་མཚོན་ན། བདེན་པ་མང་པོ་དང་ཆོས་ལུགས་མང་པོ་ཡོད་དགོས་པ་ནི་མེད་དུ་མི་རུང་བ་ཞིག་ཡིན། གསུམ་པ། ༸གོང་ས་མཆོག་ནི་བོད་པ་ཞིག་ཡིན་པ་དང་ ‘ཏཱ་ལའི་བླ་མ་’ ཞེས་པའི་མཚན་བཞེས་ཡོད། དེར་བརྟེན། ཁོང་གི་ཐུགས་བསྐྱེད་གསུམ་པ་ནི་བོད་ཀྱི་ནང་པའི་རིག་གཞུང་སྟེ། ཞི་བདེ་དང་འཚེ་བ་མེད་པའི་རིག་གཞུང་དེ་ཉིད་མི་ཉམས་རྒྱུན་འཛིན་གནང་རྒྱུ་དེ་ཡིན།  +
དགེ་བཤེས་ལྷུན་གྲུབ་བཟོད་པས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དྲུག་པའི་ཚིགས་བཅད་དང་པོ་ནས་བདུན་པ་བར་ཏེ་བཟོད་པ་བསྒོམ་པའི་སྐོར་གྱི་གསུང་ཆོས་བཞུགས།  +
དགེ་བཤེས་ལྷུན་གྲུབ་བཟོད་པས་གང་ཟག་དང་ཆོས་ཀྱི་སྟོང་པ་ཉིད་ལ་བསམ་པའི་བཟོད་པ་སྟོན་པར་མཛད་པའི་སྣང་བསྙན།  +
དགེ་བཤེས་ལྷུན་གྲུབ་བཟོད་པ་མཆོག་གིས་རྙེད་པར་དཀའ་བའི་མི་ལུས་རིན་པོ་ཆེ་དང་གནོད་ལན་མི་འཁོད་པའི་བཟོད་པའི་སྐོར་ལ་གསུང་ཆོས་གནང་བའི་སྣང་བརྙན། །  +
དགེ་བཤེས་ལྷུན་གྲུབ་བཟོད་པ་མཆོག་གིས་ཚེ་འདི་དང་ཕྱི་མར་ཁོང་ཁྲོའི་ཉེས་དམིགས་ཀྱི་སྐོར་ལ་མུ་མཐུད་དུ་གསུང་ཆོས་གནང་བཞིན་ཡོད་པའི་སྣང་བརྙན།  +
དགེ་བཤེས་ལྷུན་གྲུབ་བཟོད་པ་མཆོག་གིས་ཁོང་ཁྲོའི་བློ་ལ་བཅོས་ཐབས་བྱེད་སྟངས་དང་གཉེན་པོ་བསྟེན་ཚུལ་སྐོར་ལ་གསུང་བཤད་གནང་བའི་སྣང་བརྙན།  +
དགེ་བཤེས་ལྷུན་གྲུབ་བཟོད་པ་མཆོག་གིས་ཁྲོ་བ་སྡོམ་པའི་ཕན་ཡོན་སྐོར་གསུང་པའི་སྣང་བརྙན།  +
དགེ་བཤེས་ལྷུན་གྲུབ་བཟོད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ་ལེའུ་དྲུག་པའི་རྣམ་བཤད་ལེགས་པར་གྲུབ་པ་གསུང་པའི་སྣང་བརྙན།  +
དགེ་བཤེས་ལྷུན་གྲུབ་བཟོད་པས་ཁོང་ཁྲོའི་ཉེས་དམིགས་དང་། དེའི་གཉེན་པོ་བཟོད་པ་རྣམ་པ་གསུམ་ལ་ཇི་ལྟར་བསླབ་པའི་ཚུལ་གསུངས་ཏེ། ཁོང་གིས་ལེའུ་དྲུག་པའི་ཚིགས་བཅད་བརྒྱད་པ་ནས་ཉེར་གཅིག་པའི་བར་བཀའ་ཁྲིད་གནང་ངོ་། །  +
དགེ་བཤེས་ལྷུན་གྲུབ་བཟོད་པ་མཆོག་གིས་སློབ་མ་རྣམས་དང་ལྷན་དུ་དྲི་བ་དྲིས་ལན་དང་བགྲོ་གླེང་གནང་བའི་སྣང་བརྙན།  +
༢༠༡༤ ལོའི་ཟླ་བ་བཅུ་གཅིག་པར་དགེ་བཤེས་བཟོད་པ་མཆོག་གིས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་དང་པོ་གསུམ་གྱི་གནད་དོན་སྤྱི་ཆིངས་སུ་བསྟན་པ་དང་། གཞན་གཅེས་འཛིན་གྱི་ཕན་ཡོན་དང་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་ཚུལ་སྐོར་གྱི་ཞལ་གདམས་ཀྱང་གནང་ངོ་། །  +
ཕྱི་ལོ་ ༢༠༡༤ ཟླ་ ༡༡ པར། དགེ་བཤེས་བཟོད་པ་ལགས་ཀྱིས་རྒྱལ་སྲས་ལག་ལེན་ལ་འཇུག་པ་ལས་ལེའུ་དང་པོ་གསུམ་གྱི་སྤྱི་དོན་གསུང་བཤད་གནང་བ་དང་། གཞན་གཅེས་འཛིན་གྱི་ཕན་ཡོན་དང་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་ཚུལ་སྐོར་གྱི་གདམས་ངག་ཀྱང་སྩལ་ཏོ།།  +
ཟླ་བ་ ༡༡ པའི་སྤྱི་ལོ་ ༢༠༡༤ ལོར། དགེ་བཤེས་བཟོད་པ་ལགས་ཀྱིས་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་དང་པོ་གསུམ་གྱི་གནད་དོན་སྤྱི་ཆིབས་སུ་གསུངས་པ་དང་། གཞན་གཅེས་འཛིན་གྱི་ཕན་ཡོན་དང་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་ཚུལ་གྱི་གདམས་པ་ཡང་བསྩལ་ཏོ། །  +
ཟླ་བ་ ༡༡ པའི་སྤྱི་ལོ་ ༢༠༡༤ ལོར། དགེ་བཤེས་བཟོད་པ་ལགས་ཀྱིས་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་དང་པོ་གསུམ་གྱི་གནད་དོན་སྤྱི་ཆིབས་སུ་གསུངས་པ་དང་། གཞན་གཅེས་འཛིན་གྱི་ཕན་ཡོན་དང་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་ཚུལ་གྱི་གདམས་པ་ཡང་བསྩལ་བའི་སྣང་བརྙན་བཞུགས།  +