Property:DescriptionTib

From Bodhicitta

This is a property of type Text.

Showing 20 pages using this property.
B
རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་དོན་ལུང་རིག་རྣམ་དག་དང་མཁས་པའི་གསུང་ལ་བརྟེན་ནས་གསལ་བར་བཀྲལ་བའི་འགྲེལ་པ་འདི་ནི། རྩོམ་པ་པོས་རང་གི་སློབ་མ་རྣམས་ཀྱི་རྒྱུད་བསྐུལ་བའི་ཕྱིར་སྦྱར་བ་ཞིག་ཡིན།  +
འགྲེལ་པ་འདི་རྩ་བའི་ས་བཅད་གསུམ་དུ་ཕྱེ་ཡོད། དང་པོ་ནི་དཀོན་མཆོག་གསུམ་རྗེས་སུ་དྲན་པ་དང་། གཉིས་པ་ནི་འབྲས་བུ་བྱང་ཆུབ་ཏུ་འཁྲིད་པའི་ལམ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་ཚུལ། གསུམ་པ་ནི་བྱང་ཕྱོགས་སོ་བདུན་གྱི་འབྲས་བུ་བཤད་པ་བཅས་ཡིན། ས་བཅད་དང་པོའི་སྐབས་སུ་དཀོན་མཆོག་གསུམ་དང་སྐུ་གསུམ་གྱི་རྣམ་གཞག་རྒྱས་པར་གསུངས་ཡོད། ས་བཅད་གཉིས་པའི་སྐབས་སུ་ལུང་དང་རིགས་པའི་སྒོ་ནས་སྤྱོད་འཇུག་གི་གཞུང་དངོས་ལེགས་པར་བཀྲལ་ཡོད། མཐར་ས་བཅད་གསུམ་པའི་སྐབས་སུ་བྱང་ཕྱོགས་སོ་བདུན་གྱི་ལམ་བགྲོད་པ་ལས་འབྱུང་བའི་འབྲས་བུ་སྐུ་གསུམ་གྱི་རྣམ་གཞག་རྣམས་ཞིབ་རྒྱས་ངང་གསུངས་ཡོད།  +
དུས་གསུམ་བདེ་བར་གཤེགས་པ་སྲས་དང་བཅས་པའི་བགྲོད་པ་གཅིག་པུའི་ལམ་མཆོག་ལས་བཏུས་ཤིང་ཐེག་ཆེན་བྱང་ཆུབ་སྤྱོད་པའི་ཕྱོགས་སུ་གཏོགས་པའི་གཞུང་འདིར། དཀོན་མཆོག་གསུམ་གྱི་རྣམ་པར་ཐར་པ་རྗེས་སུ་དྲན་ཞིང་བྱང་ཆུབ་སྤྱོད་པའི་གཞུང་གི་འགྲེལ་པ་གསལ་བའི་མེ་ལོང་དང་། དྲན་པ་ཉེ་བར་བཞག་པ་བཞི་སོགས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་གྱི་སྒོ་ནས་རྒྱལ་བ་སྲས་དང་བཅས་པའི་སྐུ་དང་ཡེ་ཤེས་མངོན་དུ་གྱུར་ཚུལ་སོགས། རང་གཞན་བྱང་ཆུབ་ཀྱི་ལམ་ལ་བདེ་བླག་ཏུ་འཇུག་པའི་ཕྱིར་གསལ་བར་བསྟན་པའོ།།  +
འདི་ནི་རྫ་དཔལ་དགེ་སྤྲུལ་སྐུ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་རྒྱུན་ཇི་ལྟ་བ་བཞིན། ཐུགས་སྲས་སེམས་དཔའ་ཆེན་པོ་ལུང་རྟོགས་བསྟན་པའི་ཉི་མ་ལས་རིམ་པར་བརྒྱུད་པའི་བྱང་སྡོམ་བླང་ཆོག་འདི་ཉིད། དཔལ་ཡུལ་པདྨ་ནོར་བུའི་མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་གླང་པོས་པར་བསྐྲུན་མཛད་པ་ལ། བྱ་བྲལ་སངས་རྒྱས་རྡོ་རྗེས་སླར་ཡང་ཡིག་ནོར་ཞུས་དག་དང་། འདོན་ཆ་སོགས་ཁོངས་སུ་བསྡུས་པ་རྣམས་ཀྱང་ཀུན་གྱིས་ཤར་འདོན་བདེ་བའི་ཕྱིར་ནག་འགྲོས་སུ་བཀོད་ཅིང་། ཡིག་ཆུང་གསལ་བྱེད་ཀྱིས་ཀྱང་བརྒྱན་ཏེ་སྦྱར་བ་ཞིག་གོ།  +
འདི་ནི་ཇོ་བོ་ཆེན་པོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་རྗེ་བཙུན་སངས་རྒྱས་མཉན་པ་གྲུབ་ཐོབ་ཀྱི་བར་ལྐོག་ཁྲིད་དུ་གདམས་པ་དེ་ཉིད། དགེ་སློང་ཀུན་ཏུ་བཟང་པོ་ལ་ན་ཚ་འཆི་ནད་ཀྱི་གདུང་བས་ཚེ་ཕྱི་མའི་གཡང་ས་ཆེན་པོ་ཡིད་ལ་ཤར་ནས་ཅི་བྱ་གཏོལ་དང་བྲལ་བའི་སྨྲེ་སྔགས་ཀྱིས་གཟིར་བའི་ཚེ། སློབ་དཔོན་མི་བསྐྱོད་རྡོ་རྗེས་ལག་ལེན་དུ་གདམས་པ་ཞིག་ཡིན།  +
འདི་ནི་བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བའི་རྩ་དང་ཡན་ལག་གི་ཉེས་ལྟུང་སོགས་ཀྱི་ནོངས་པ་འབྱུང་ཚེ། རྒྱ་ཆེན་སྤྱོད་པའི་ལུགས་ལྟར་བཤགས་ཡུལ་གྱི་དྲུང་དུ་ནོངས་པ་མཐོལ་བཤགས་ཀྱིས་སྡོམ་ནོངས་ཕྱིར་བཅོས་བགྱི་བའི་ཐབས་ཤིག་གོ།  +
འདི་ནི་སྟོན་མཆོག་ཐུབ་པའི་དབང་ནས་མགོན་པོ་བྱམས་པ་ཐོགས་མེད་དབྱིག་གཉེན་དང་འཕགས་པ་རྣམ་གྲོལ་སྡེ་སོགས་རྒྱ་བོད་ཀྱི་སེམས་བསྐྱེད་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་བ་ཚིགས་སུ་བཅད་པ་ཞིག་གོ།  +
༧ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་རྣམ་བཞིའི་འཁོར་ཚོགས་རྒྱ་མཚོ་ལ་སྨོན་ལམ་ཐམས་ཅད་ཀྱི་རྒྱལ་པོ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ལྗགས་ཁྲིད་རང་ཉིད་ཀྱི་གདམས་ངག་བདུད་རྩི་མངར་མོས་ཟུར་བརྒྱན་ཏེ་གསུངས་པ་ཇི་བཞིན་ཟིན་བྲིས་སུ་བཀོད་པའོ།།  +
C
སྤྱི་ལོ་ ༢༠༠༩ ཟླ་བ་༠༩ པའི་ཚེ་༢༩ ཡི་ཕྱི་དྲོ། གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ། ༧འཇམ་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ནས། ཕྱག་ཆེན་ཉམས་ལེན་མཛད་བཞིན་པའི་སྒྲུབ་གྲྭ་བ་རྣམས་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་བཀའ་དྲིན་བསྐྱངས་པའི་སྣང་བརྙན།  +
D
དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ནི། རྗེ་སྒམ་པོ་པ་བསོད་ནམས་རིན་ཆེན་གྱིས་རྗེ་མི་ལའི་དྲིན་ལ་བརྟེན་ནས་རང་གཞན་གྱི་དོན་དུ་མཛད། འདིར་བླ་མེད་བྱང་ཆུབ་ཀྱི་ལམ་བགྲོད་པ་ལ་རྒྱུ་བདེ་གཤེགས་སྙིང་པོ་དང༌། རྟེན་མི་ལུས་རིན་ཆེན༌། རྐྱེན་དགེ་བའི་བཤེས་གཉེན། ཐབས་དེའི་གདམས་ངག འབྲས་བུ་སངས་རྒྱས་ཀྱི་སྐུ། འཕྲིན་ལས་རྟོག་མེད་ཀྱི་འགྲོ་དོན་མཛད་པ་སྟེ། དོན་དྲུག་གི་སྒོ་ནས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཆ་ཚང་བར་བསྟན། སྤྱིར་ཆོས་ཐམས་ཅད་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་འདུས་ཤིང་། དེ་གཉི་ག་རང་བཞིན་སྟོང་པ་ཉིད་ཡིན་ནའང་། འཁྲུལ་པ་ཡོད་མེད་ཀྱི་སྒོ་ནས་སྡུག་བསྔལ་དང་གྲོལ་བའི་ཁྱད་པར་འབྱེད། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རྒྱུ་བདེ་གཤེགས་སྙིང་པོས་ཁྱབ་པས་འབད་པ་བྱས་ན་བྱང་ཆུབ་མི་ཐོབ་པ་མི་སྲིད། དེས་ན་རྙེད་པར་དཀའ་བའི་མི་ལུས་རིན་ཆེན་འདི་ལ་བརྟེན་ནས་དགེ་བའི་བཤེས་གཉེན་བསྟེན་ཞིང་། ཐར་པའི་ལམ་གྱི་གདམས་ངག་རྣམས་ཉམས་སུ་བླངས་ཏེ་བླ་མེད་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་པར་བྱ་དགོས་པ་སོགས་ཚང་ལ་མ་ནོར་བར་བསྟན།  +
དབུ་མའི་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པའི་བཀའ་སྲོལ། འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་ལེན། དཔལ་ལྡན་ཞི་བ་ལྷ་ལས་ནས་པཎྜི་ཏ་ཆེན་པོ་པུ་ཎྱ་ཤྲཱི་མི་ཏྱཱ་ལས་བརྒྱུད་པ། དཔལ་ས་སྐྱ་པ་ཆེན་པོའི་གསུང་བཞིན་བཀོད་པ་ཞིག་གོ།  +
དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་འཆད་ཁྲིད། གཟའ་ཉི་མའི་ཐད་གཏོང་གསུང་ཚོས།  +
དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་འཆད་ཁྲིད། གཟའ་ཉི་མའི་ཐད་གཏོང་གསུང་ཚོས།  +
བྱང་སེམས་ཀྱི་སྡོམ་པ་དང་འགལ་བའི་རྩ་ལྟུང་བཅོ་བརྒྱད་དང་ཉེས་བྱས་ཞེ་དྲུག་།  +
བྱང་སེམས་ཀྱི་སྡོམ་པ་དང་འགལ་བའི་རྩ་ལྟུང་བཅོ་བརྒྱད་དང་ཉེས་བྱས་ཞེ་དྲུག་།  +
བློ་སྦྱོང་གི་ཉམས་ལེན་ཚེ་གཅིག་ཏུ་བསྒྲིལ་ནས་ཇི་ལྟར་ཉམས་སུ་ལེན་ཚུལ། - བློ་སྦྱོང་གི་འཕོ་བ་དང་དེའི་སྟོབས་ལྔ།  +
བརྗོད་བྱ། ཕར་ཕྱིན་དྲུག་ལས་བསམ་གཏན་གྱི་སྐོར། གཟའ་ཉི་མའི་ཐད་གཏོང་གསུང་ཆོས། འཆད་པ་པོ། གྲུབ་པ་རིན་པོ་ཆེ།  +
བརྗོད་བྱ། ཕར་ཕྱིན་དྲུག་ལས་བརྩོན་འགྲུས་ཀྱི་སྐོར། གཟའ་ཉི་མའི་ཐད་གཏོང་གསུང་ཆོས། འཆད་པ་པོ། གྲུབ་པ་རིན་པོ་ཆེ།  +
བརྗོད་བྱ། ཕར་ཕྱིན་དྲུག་ལས་ཚུལ་ཁྲིམས་ཀྱི་་སྐོར། གཟའ་ཉི་མའི་ཐད་གཏོང་གསུང་ཆོས། འཆད་པ་པོ། གྲུབ་པ་རིན་པོ་ཆེ།  +
བརྗོད་བྱ། ཕར་ཕྱིན་དྲུག་ལས་སྦྱིན་པའི་སྐོར། གཟའ་ཉི་མའི་ཐད་གཏོང་གསུང་ཆོས། འཆད་པ་པོ། གྲུབ་པ་རིན་པོ་ཆེ།  +