Property:DescriptionTib

From Bodhicitta

This is a property of type Text.

Showing 20 pages using this property.
B
འདི་ནི་ཆོས་ཐམས་ཅད་དང་ཐེག་པ་ཀུན་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་ཉིང་ཁུ། ཐེག་པ་བརྒྱད་ལས་འདས་པའི་ཡང་རྩེ་རྫོགས་པ་ཆེན་པོ་ཀུན་བྱེད་ཨ་ཏིའི་ཐེག་པའི་སྙིང་པོ་དོན་གྱི་གདམས་པ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་སེམས་ལུང་རིན་ཆེན་སྒྲོན་མེའི་ལུང་བཞིན་བཀོད་པ་ཞིག་གོ།  +
འདི་ནི་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་དཔལ་མགོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་དེ། ཤིང་རྟའི་སྲོལ་འབྱེད་གཉིས་ཀྱིས་ལེགས་པར་ཕྱེ་བའི་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ལྟ་སྒོམ་སྤྱོད་པ་བོགས་འདོན་སྲུང་ཐབས་དང་སྤྱོད་ལམ་རྣམ་བཞིར་སྐྱོང་ཚུལ་སོགས་རྒྱ་ཆེར་བཤད་པའི་མན་ངག་གི་གཞུང་ཞིག་གོ།  +
འདི་ནི་སྔ་དྲོ་ནམ་ལངས་ནས་ཕྱི་དྲོ་སྲོད་མ་འཁོར་གྱི་བར་ཉིན་ཞག་གཅིག་དང་སྲོད་ནས་སྔ་དྲོའི་བར་མཚན་མོ་གཅིག་སྟེ། ཉིན་མཚན་གཉིས་པོར་ཐུན་བརྒྱད་བརྒྱད་དུ་བྱས་ཏེ་བྱང་སེམས་བསྒོམ་པའི་ཚུལ་བསྟན་པའི་མན་ངག་ཞིག་གོ།  +
འདི་ནི་རང་རྒྱུད་བྱིན་རླབས་ཀྱིས་བརླན་ཅིང་ཆོས་ཀྱི་སྣོད་ཡང་དག་པར་བསྒྱུར་བའི་ཕྱིར། འདྲེན་མཆོག་ཤཱཀྱའི་ཏོག། རྗེ་བཙུན་འཇམ་པའི་དབྱངས། འཕགས་མཆོག་ཀླུ་སྒྲུབ། དཔལ་ལྡན་ཟླ་བ་གྲགས་པ་དང་རིག་པའི་ཁུ་བྱུག་ཆེ་ཆུང་གཉིས་ལ་སོགས་པ་བྱང་ཆུབ་ལམ་གྱི་རིམ་པའི་ཟབ་མོ་ལྟ་བའི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་འདེབས་བགྱིས་པ་ཞིག་གོ།  +
འདི་ནི་རང་རྒྱུད་བྱིན་རླབས་ཀྱིས་བརླན་ཅིང་ཆོས་ཀྱི་སྣོད་ཡང་དག་པར་བསྒྱུར་བའི་ཕྱིར། སྟོན་པ་བཅོམ་ལྡན་འདས། རྒྱལ་ཚབ་བྱམས་པ་མགོན་པོ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན་དང་འཕགས་པ་རྣམ་གྲོལ་སྡེ་ལ་སོགས་པ་བྱང་ཆུབ་ལམ་གྱི་རིམ་པའི་རྒྱ་ཆེན་སྤྱོད་པའི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་འདེབས་བགྱིས་པ་ཞིག་གོ།  +
འདི་ནི་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་བསྐུལ་བའི་ངོར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་སྐྱེས་བུ་གསུམ་གྱི་ཉམས་ལེན་ལམ་གྱི་རིམ་པའི་རྣམ་གཞག་མཐའ་དག་གི་དོན་དྲིལ་ཞིང་། ཕྱི་ནང་གསང་གསུམ་མདོ་སྔགས་ཀྱི་ཆོས་ཚུལ་མ་ཚང་བ་མེད་པར་བསྟན་པའི་བསྟན་བཅོས། བྱང་ཆུབ་ལམ་གྱི་སྒྲོན་མེ་ཞེས་བྱ་བའི་རྩ་གཞུང་མཛད་པ་དེ་ཡི་བརྗོད་བྱའི་དོན་རྣམས་༧སྐྱབས་རྗེ་སངས་རྒྱས་མཉན་པ་རིན་པོ་ཆེས་ས་བཅད་དང་ཕལ་སྐད་གོ་བདེའི་ལམ་ནས་བསྡུས་པར་སྦྱར་བ་ཞིག་གོ།  +
འདི་ནི་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་དེ། ཐེག་ཆེན་ཤིང་རྟའི་སྲོལ་གཉིས་ལས་བྱུང་བའི་བྱང་སྡོམ་འབོག་ཆོག་གི་ཚུལ་གཉིས། རྩོད་པ་མེད་པའི་བཀའ་དང་བསྟན་བཅོས་ལས་ཇི་ལྟར་བྱུང་བ་བཞིན་བྲིས་པ་ཞིག་གོ།  +
འདི་ནི་བྱང་ཆུབ་སེམས་དཔའི་བསླབ་བྱའི་བརྒྱུད་པའི་ཁུངས་དང་། ཕན་ཡོན་དང་། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ཇི་ལྟར་བླང་བའི་ཚུལ་དང་། བསླབ་བྱ་དངོས་ཏེ་དོན་ཚན་སྙིང་པོ་བདུན་དུ་བསྡུས་ཏེ་བཤད་པ་ཞིག་གོ།  +
བྱང་ཆུབ་སེམས་དཔའི་བསླབ་པའི་སྐོར་འདི་ནི་ཀུན་མཁྱེན་དོལ་པོ་པའི་གསུང་འབུམ་དུ་བཞུགས་པའི་མ་དཔེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་ཞེས་བྱ་བ་ལས་ཟུར་དུ་ཕྱུང་བའོ།།  +
འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུ་དང་། དེ་ཉིད་ཀྱི་འགྲེལ་པ་སློབ་དཔོན་ས་མུ་དྲ་མེ་གྷ་དང་། ཛི་ན་པུ་ཏྲས་མཛད་པ་དང་། སྡོམ་པ་ཉི་ཤུ་པ་དང་། དེའི་འགྲེལ་པ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ་དང་། སློབ་དཔོན་དེ་ཉིད་དང་། དགྲ་ལས་རྒྱལ་བའི་གསང་པ་དང་། ཇོ་བོ་རྗེ་དང་། རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་དང་། མཁན་པོ་འཆིམས་ནམ་མཁའ་གྲགས་རྣམས་ཀྱིས་མཛད་པའི་ཆོ་གའི་ཡི་གེ་ལ་བརྟེན་སྦྱར་བ་ཞིག་གོ།  +
སྤྱོད་འཇུག་ལེའུ་བཅུ་པོའི་ཚིག་དོན་རྣམས་རྩོམ་པ་ལ་འཇུག་པ་གཞུང་གི་དོན་དང་། བརྩམ་པར་བྱ་བ་སྐབས་ཀྱི་དོན་དང་། མཐར་ཕྱིན་པ་མཇུག་གི་དོན་ཏེ་སྤྱི་དོན་གསུམ་གྱི་སྒོ་ནས་ལུང་རིགས་དུ་མས་རྣམ་པར་ཕྱེ་སྟེ་བཤད་ཡོད།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་འགྲེལ་འདིར། གཞུང་གི་ཚིག་དོན་རྣམས་ས་བཅད་དང་ལུང་རིག་མན་ངག་གསུམ་གྱི་སྒོ་ནས་ལེགས་པར་བཀྲལ་ཡོད།  +
སྤྱོད་འཇུག་ཤེར་ལེའི་དཀའ་འགྲེལ་འདི་ནི་རྩོམ་པ་པོས་ཀུན་མཁྱེན་མི་ཕམ་རྣམ་རྒྱལ་གྱི་གཞུང་གཟིགས་ཤིང་སྤོབས་པ་ཐོབ་པ་ལ་བརྟེན་ནས། རང་དང་རང་འདྲ་བ་དབུ་མའི་ལམ་ལ་གོམས་པར་བྱ་བའི་སླད་དུ། དགག་བཞག་གི་རྒྱ་སྐྱེད་བསྐྱུངས་ཏེ་རིང་ལུགས་དམ་པ་གོང་མའི་རྗེས་བརྗོད་ཙམ་དུ་ལུང་དང་རིགས་པས་བཀྲལ་བ་ཞིག་ཡིན།  +
སྤྱོད་འགྲེལ་འདི་ནི། གཙོ་བོར་སློབ་མ་གསར་བུ་བ་རྣམས་འཇུག་བདེ་བའི་ཕྱིར། གཞུང་དོན་རྣམས་ས་བཅད་དང་བཅས་གོ་བདེར་བཀྲལ་བ་ཞིག་ཡིན།  +
སྤྱོད་འཇུག་གི་མཆན་འགྲེལ་འདི་ནི། རྒྱ་གར་འཕགས་པའི་ཡུལ་གྱི་གནས་ལྔ་རིག་པའི་པཎྜི་ཏ་རྣམས་ཀྱི་ལེགས་བཤད་པ་ལ་གཞི་བྱས་ཤིང་། སྐུ་ཚེ་ཧྲིལ་པོར་སྤྱོད་འཇུག་གི་ཉམས་ལེན་ལ་བརྩོན་པས་ཆོས་དང་རང་རྒྱུད་གཅིག་ཏུ་འདྲེས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དཔལ་སྤྲུལ་ཆོས་ཀྱི་དབང་པོའི་ཞལ་རྒྱུན་དྲིན་ཅན་བླ་མའི་ཞལ་ནས་ཐོས་པས་ཟུར་བརྒྱན་ཏེ། མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ། ཤར་དཔལ་སྤུངས་ཀྱི་ཆོས་སྡེར་མཁན་ཆེན་གཞན་ཕན་ཆོས་ཀྱིས་སྣང་བས་མཛད་པ་ཞིག་ཡིན།  +
འགྲེལ་པ་འདི་ནི་མཁན་ཆེན་གཞན་དགས་མཛད་པའི་སྤྱོད་འཇུག་གི་མཆན་འགྲེལ་དེ་ལ་ཅུང་ཟད་ཁ་སྣོན་བྱས་པ་ཞིག་ཡིན།  +
འདི་ནི་སྤྱོད་འཇུག་གི་དགོངས་དོན་ཟབ་ཅིང་རྒྱ་ཆེ་དཔག་དཀའ་བ་དག་རྒྱ་ཆེ་བའི་སྤྲོས་པ་བསྐྱུང་ནས་གཞུང་གི་ཚིག་དོན་རྣམས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལེགས་པར་བཀྲལ་བའི་གཞུང་ལ་བརྟེན་ནས་དང་པོའི་ལས་ཅན་རྣམས་ཀྱི་ཆེད་དུ་གོ་སླ་བའི་ངག་གིས་བཤད་པ་ཞིག་ཡིན།  +
དགེ་སློང་ཆོས་ཀྱི་སེངྒེས་སྤྱོད་འཇུག་གི་བཤད་པ་མཛད་པ་ཚིགས་བསྡུས་པ་དང་། དོན་གོ་དཀའ་བར་གཟིགས་ཤིང་། ཤེས་རབ་ལེའུའི་ནང་དོན་ཡང་རྟོགས་སླ་བར་བྱ་བའི་ཕྱིར། དགེ་བསྙེན་བསོད་ནམས་རྩེ་མོས་སྤྱོད་འགྲེལ་ས་བཅད་དང་བཅས་པ་འདི་བཞིན་མཛད་པའོ།།  +
སྤྱོད་འགྲེལ་འདིར། མདོ་སྣ་ཚོགས་དང་དེ་དག་གི་དགོངས་འགྲེལ་དུ་གྱུར་བའི་བསྟན་བཅོས་བསླབ་བཏུས་དང་མདོ་བཏུས་ཀྱི་རྩ་འགྲེལ་ལ་གཞི་བྱས་ནས། མཁས་པ་དག་གི་གསུང་ལས་ཀྱང་ལེགས་ཆ་རྣམས་ལེན། ཉེས་ཆ་རྣམས་ལ་དཔྱད་པ་དང་བཅས། བརྗོད་བྱ་བྱང་ཆུབ་སེམས་ཀྱི་རྣམ་པར་གཞག་པ་གསལ་ཞིང་རྒྱས་པར་བཤད་ཡོད།  +
སློབ་གཉེར་བ་ཚེགས་མེད་དུ་འཇུག་ནུས་པ་དང་། ནང་དོན་བློ་ལ་འཛིན་བདེ་བའི་ཕྱིར། རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ་ལ། རྩ་ཚིགས་དང་ས་བཅད་རྣམས་འགྲེལ་གཞུང་དུ་ཐད་སྦྱར་གྱིས་བསྐྱར་བཟོ་བྱས་པ་ཞིག་ཡིན།  +