Property:TmlnDescriptionTib
From Bodhicitta
This is a property of type Text.
B
ཡར་ཀླུང་བཙན་པོའི་སྲིད་དབང་ཉམས་པས་དམ་ཆོས་བོད་སྐད་ལ་འགྱུར་བ་དང་མང་ཚོགས་ཀྱི་ཆོས་འབྲེལ་ལས་རིམ་རྣམས་ཉམས་དམས་སུ་གྱུར། +
དཱ་ན་པ་ལས་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་ཐོག་མ་རྒྱ་ནག་གི་སྐད་དུ་འགྱུར་བར་མཛད། +
རྒྱ་ནག་གི་ལོ་ཙཱ་བ་ ཏིཡན་ ཤི་ཟའི་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་རྒྱ་ནག་གི་སྐད་དུ་བསྒྱུར། +
བཱི་ཀྲ་མ་ཤི་ལའི་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་རྒྱས་པ་དང་པོ་དེ་མཛད། +
དཱ་ན་པ་ལས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་བྱང་ཆུབ་སེམས་ཀྱི་འགྲེལ་པ་རྒྱ་ནག་གི་སྐད་དུ་འགྱུར་བར་མཛད། +
བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྱུར་ལེགས་བཅོས་མཛད་ཅིང་། ཆོས་གཞན་ཡང་མང་དུ་འགྱུར་ཏེ་བྱང་ཆུབ་སེམས་ཀྱི་ཆོས་ཚུལ་སྤེལ། +
ཇོ་བོ་རྗེ་ཨ་ཏི་ཤ་མར་མེ་མཛད་ཀྱིས་བླ་མ་བྱང་ཆུབ་བཟང་པོ། ན་རོ་པ། ཆོས་འཚོ་དང་། གསེར་གླིང་པ་ཆོས་ཀྱི་གྲགས་པ་སོགས་ལ་བྱང་ཆུབ་སེམས་སྦྱོང་མཛད། +
དུས་ཀྱི་འཁོར་ལོའི་ཆོས་སྐོར་བོད་དུ་འབྱོར་ཞིང་། བརྒྱུད་པ་ར་དང་བྲོ་གཉིས་ནས་རིམ་པར་བརྒྱུད་དེ་དར་ཁྱབ་བྱུང་། +
འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་རྒྱ་གར་དུ་ག་ཡ་དྷ་ར་དང་དཔའ་བོ་རྡོ་རྗེ་བསྟེན་ནས་བོད་དུ་ལམ་དང་འབྲས་བུའི་ཆོས་ཚུལ་གྱི་སྲོལ་གཏོད། +
འཕགས་པ་འཇིག་རྟེན་འདས་པར་སྨྲ་བའི་གཞུང་གཞི་ཆེན་པོ་ལས། བྱང་ཆུབ་སེམས་ཞེས་པའི་ཐ་སྙད་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་ཀྱི་གོ་དོན་བྱུང་། +
མར་པ་ཆོས་ཀྱི་བློ་གྲོས་རྒྱ་གར་དུ་ལན་མང་བྱོན་ཅིང་ ན་རོ་པ་དང་མེེ་ཏྲཱི་པ་སོགས་བསྟེན་ནས་སླར་ལོག་སྟེ་བོད་དུ་གསང་སྔགས་གཙོར་སྟོན་མཛད་དེ་ མར་པ་བཀའ་བརྒྱུད་ཀྱི་ཕྱག་སྲོལ་གཏོད། +
ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས། བསྟན་བཅོས་བྱང་ཆུབ་ལམ་གྱི་སྒྲོན་མ་དང་། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་སོགས་མཛད་ཅིང་། ཟབ་མོ་ལྟ་སྲོལ་དང་རྒྱ་ཆེན་སྤྱོད་སྲོལ་གྱི་བྱང་ཆུབ་སེམས་ཀྱི་ཆོས་བརྒྱུད་ཆུ་བོ་གཅིག་འདྲེས་སུ་སྤེལ། +
འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་རྭ་སྒྲེང་ཕྱག་བཏབ་ནས་ལྷ་ཆོས་བདུན་ལྡན་གྱི་ཇོ་བོ་བཀའ་གདམས་པའི་སྲོལ་གཏོད། +
རྔོག་ལེགས་པའི་ཤེས་རབ་ནས་གསང་ཕུ་ནེའུ་ཐོག་ཕྱག་བཏབ་ཅིང་ཆོས་གྲྭ་འདི་ཉིད་ཕྱིས་སུ་བྱང་ཆུབ་སེམས་ཀྱི་ཐོས་བསམ་སྒོམ་པའི་བསྟི་གནས་གཙོ་བོ་ཞིག་ཏུ་གྱུར། +
འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱ་དགོན་པ་ཕྱག་བཏབ་ནས་དཔལ་ས་སྐྱའི་ཆོས་བརྒྱུད་ཀྱི་སྲོལ་གཏོད། +
བཀའ་གདམས་པའི་བཤེས་གཉེན་པོ་ཏོ་བ་རིན་ཆེན་གསལ། སྤྱན་མངའ་བ་ཚུལ་ཁྲིམས་འབར་དང་། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་སོགས་ནས་ལམ་རིམ་དང་བློ་སྦྱོང་གི་ཆོས་སྐོར་རྣམས་དར་སྤེལ་རྒྱ་ཆེར་གནང་། པོ་ཏོ་བས་བེའུ་བུམ་སྔོན་པོ་དང་དཔེ་ཆོས་རིན་ཆེན་སྤུངས་པ་མཛད། +
རྔོག་བློ་ལྡན་ཤེས་རབ་ཀྱིས་མངོན་པར་རྟོགས་པའི་རྒྱན་ལ་སོགས་པའི་ཆོས་ཚུལ་མང་དུ་བསྒྱུར་ཞིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་བསླབ་པ་ཀུན་ལས་བཏུས་པ་སོགས་སྔར་གྱི་འགྱུར་རྣམས་ལེགས་བཅོས་བགྱིས་ཏེ་བྱང་ཆུབ་སེམས་སྐོར་གྱི་གཞུང་ལུགས་རྒྱ་བསྐྱེད་དང་གོང་འཕེལ་མཛད། +
རབ་ཞི་ཆོས་ཀྱི་བཤེས་གཉེན། པ་ཚབ་ཉི་མ་གྲགས། མར་པ་ཆོས་ཀྱི་བློ་གྲོས། ཁུ་མདོ་སྡེ་འབར་སོགས་སོ་སོ་ནས་ སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ བྱང་ཆུབ་སེམས་ཀྱི་འགྲེལ་པ་དེ་བོད་སྐད་དུ་འགྱུར་བར་མཛད། +
རོང་ཟོམ་ཆོས་ཀྱི་བཟང་པོས་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་ལ་སོགས་པའི་གཞུང་རྣམས་བརྩམས། +
ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་དུ་ནི་གུ་མ་དང་སུ་ཁ་སིདྡྷ་ལས་ཆོས་ཞུས་ཤིང་བོད་དུ་ནི་གུའི་ཆོས་སྤེལ་བས་ཤངས་པ་བཀའ་བརྒྱུད་གྱི་སྲོལ་གཏོད། +