Property:DescriptionTib

From Bodhicitta

This is a property of type Text.

Showing 20 pages using this property.
B
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། ཚིགས་བཅད་ ༡༣ པ་ནས་ ༡༤ པ་བར། འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༢ ཚེས་ ༠༩) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས། སྤྱོད་འཇུག་ལེའུ་དང་པོའི་ཚིགས་བཅད་ ༡༣ པ་དང་ ༡༤ པས། བྱང་སེམས་བསྐྱེད་པའི་ཕན་ཡོན་བསྟན་པའི་དཔེ་ལྔ་ལས། བཞི་པ་སྐྱེལ་མ་དཔའ་བོའི་དཔེ་དང་། གསུམ་པ་བསྐལ་པའི་མེ་ཡི་དཔེ་གཉིས་གསུངས་པ་ལ་འགྲེལ་བཤད་གནང་ཡོད། ཚིགས་བཅད་༡༤ པར་མདོ་གཞན་དུ་གསུངས་པའི་དཔེ་ཡང་གླེངས་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༤༩-༥༡ བར་གཟིགས།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། (དྲི་བ་དྲིས་ལན་ ༠༦ པ།) འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༢ ཚེས་ ༡༢) ༈ བརྙན་འཕྲིན་འདིར། དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ཀྱིས་རིན་པོ་ཆེ་མཆོག་ལ། སྤྱོད་འཇུག་ལེའུ་དང་པོའི་ཚིགས་བཅད་ ༠༩ པ་དང་ ༡༠ པ་དང་། དེ་ལས་གཞན་པའི་བརྗོད་བྱ་སྣ་ཚོགས་དང་འབྲེལ་བའི་དོགས་འདྲིས་ཞུས་པར་གསུང་ལན་གནང་ཡོད།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། ཚིགས་བཅད་ ༡༥ པ་ནས་ ༡༦ པ་བར། འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༢ ཚེས་ ༡༧) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས་བྱང་ཆུབ་སེམས་ཀྱི་དབྱེ་བ་དང་། བྱང་སེམས་སྐྱེད་པར་བྱེད་པའི་རྒྱུ་ལྔ་ཡི་སྐོར་ལ་གསལ་བཤད་བསྡུས་ཙམ་གསུངས་ཡོད། དེ་ཡང་སྨོན་འཇུག་གི་སེམས་བསྐྱེད་གཉིས་པོ་སྤྱོད་འཇུག་ལེའུ་དང་པོའི་ཚིགས་བཅད་ ༡༥ ནས་ ༡༦ བར་གསུངས་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༥༡-༡༦ བར་གཟིགས།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། ཚིགས་བཅད་ ༡༧ པ་ནས་ ༡༩ པ་བར། འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༢ ཚེས་ ༢༧) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས་སྤྱོད་ལེ་དང་པོའི་ཚིགས་བཅད་ ༡༧-༡༩ ལས་འཕྲོས་ཏེ། སྨོན་འཇུག་སེམས་བསྐྱེད་གཉིས་ཀྱི་འགྲེལ་བཤད་དང་། ཕན་ཡོན་གྱི་ཁྱད་པར་གསལ་བཤད་མཛད་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༥༥-༥༦ བར་གཟིགས།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། མཚན་དོན་དང་འགྱུར་ཕྱག། སློབ་དཔོན་ཞི་བ་ལྷའི་ལོ་རྒྱུས་བཅས་ཀྱི་དོན་འགྲེལ། འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༠ ཚེས་ ༢༡)  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། ཚིགས་བཅད་ ༡། འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༠ ཚེས་ ༢༡) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས་སྤྱོད་འཇུག་ལེའུ་དང་པོའི་ཚིགས་བཅད་དང་པོ་ལས། ཚིགས་རྐང་དང་པོ་གཉིས་ཏེ། འགྱུར་ཕྱག་གི་སྐོར་དོན་འགྲེལ་གནང་ཡོད།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། ཚིགས་བཅད་ ༠༡-༠༣། འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༠ ཚེས་ ༣༠) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས་སྤྱོད་འཇུག་ལེའུ་དང་པོའི་ཚིགས་བཅད་དང་པོ་ལས། ཚིགས་རྐང་མཐའ་མ་གཉིས་དང་། ཚིགས་བཅད་ ༠༢-༠༣ བཅས་ཀྱི་དོན་འགྲེལ་གནང་ཡོད།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། (དྲི་བ་དྲིས་ལན་ ༠༡།) འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༠ ཚེས་ ༣༡) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས་དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ལ། ཆོས་ཐུན་སྔ་མ་གཉིས་སུ་ཀུན་སློང་དང་། སྤྱོད་འཇུག་གི་མཚན་བྱང་། མཆོད་བརྗོད་དང་རྩོམ་པ་པོའི་སྐོར་དོན་འགྲེལ་གསུངས་པ་ལ་དོགས་འདྲི་ཞུས་པར་གསུང་ལན་གནང་ཡོད།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། ཚིགས་བཅད་ ༠༤ པ། འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༠ ཚེས་ ༣༡) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས་ཐོག་མར་《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་》འི་གཞུང་གི་ཁོག་དབུབ་སྤྱི་བཤད་མདོར་ཙམ་གསུངས་རྗེས། ལེའུ་དང་པོའི་རྩ་བའི་ཚིགས་བཅད་བཞི་པ། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ།། སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ།། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན།། ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར།། ཞེས་པའི་དོན་གྲེལ་དང་སྦྲགས་ཏེ། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྩ་ཆེན་པོ་ཡིན་པ་དང་། ལུས་རྟེན་དེ་ལྟར་ཐོབ་པ་ལ་དགའ་བ་བསྒོམ་འོས་ལ། ཆུད་ཟོས་སུ་གཏང་མི་རུང་བ་དང་། ད་རེས་གོ་སྐབས་བཟང་པོ་དེ་ལྟར་ཡོད་པའི་དུས་སུ་རང་གཞན་གཉིས་ཀའི་དོན་ལ་འབད་དགོས་ཚུལ་བཀའ་སློབ་གནང་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༤༣-༤༥ བར་ཡིན།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། ཚིགས་བཅད་ ༠༥ པ། འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༡ ཚེས་ ༠༥) ༈ བརྙན་འཕྲིན་སྔོན་མའི་ནང་རིན་པོ་མཆོག་གིས་བྱང་ཆུབ་ཏུ་སེམས་སེམས་བསྐྱེད་པའི་ལུས་རྟེན་གྱི་སྐོར་གསུངས་ནས། བརྙན་འཕྲིན་ (༦) འདིར་ལེའུ་དང་པོའི་རྩ་ཚིགས་ལྔ་པ། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན།། གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར།། དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན།། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་།། ཞེས་པ་ལས་འཕྲོས་ཏེ་སེམས་རྟེན་གྱི་སྐོར་གསུངས་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༤༥-༤༦ བར་ཡིན།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། ཚིགས་བཅད་ ༠༦ པ། འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༡ ཚེས་ ༡༢) ༈ བརྙན་འཕྲིན་འདིར་རིན་པོ་མཆོག་གིས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ལེའུ་དང་པོ་བྱང་ཆུབ་སེམས་ཀྱི་ཕན་ཡོན་བསྟན་པའི་ཚིགས་བཅད་དྲུག་པ་ལ་དོན་འགྲེལ་གནང་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༤༦ པར་གཟིགས།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། (དྲི་བ་དྲིས་ལན་ ༠༢ པ།) འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༡ ཚེས་ ༠༧) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས་དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ལ། སྤྱོད་འཇུག་ལེའུ་དང་པོའི་ཚིགས་བཅད་དང་པོ་གསུམ་དང་། དེ་བཞིན་བརྗོད་བྱ་འགའ་ཞིག་དང་འབྲེལ་བའི་དོགས་འདྲིས་ཞུས་པར་གསུང་ལན་གནང་ཡོད།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུའི་ཚིགས་བཅད་དང་པོའི་དོན་འགྲེལ། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༣ ཚེས་ ༡) ༈ བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ཅིང་བརྟན་པར་བྱ་བའི་ཕྱིར། ཐོག་མར་རྒྱུད་ལ་དགེ་བའི་བག་ཆགས་བཟང་པོ་བསྐྲུན་དགོས་པས། བརྙན་འཕྲིན་འདིར་རིན་པོ་ཆེ་མཆོག་གིས་སྤྱོད་འཇུག་ལེའུ་གཉིས་པ་ལས། ཚིགས་བཅད་དང་པོ་མཆོད་པ་འབུལ་བའི་ཡན་ལག་བསྟན་པའི་དོན་འགྲེལ་གནང་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༦༥-༦༦ བར་གཟིགས།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། ཚིགས་བཅད་ ༢༦ པའི་དོན་འགྲེལ། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༣ ཚེས་ ༢༤) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས། སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༢༦ པ་ལས་འཕྲོས་ཏེ། སངས་རྒྱས་སོགས་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་དོན་འགྲེལ་གནང་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༦༩-༧༠ བར་གཟིགས།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། (དྲི་བ་དྲིས་ལན་ ༤། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༥ ཚེས་ ༥) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་ལ་དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ནས། སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༢༤ ནས་ ༢༥ པའི་བར་བསྟན་པའི་ཕྱག་འཚལ་བའི་ཡན་ལག་གི་སྐོར་དོགས་འདྲིས་ཞུས་པར་གསུང་ལན་གནང་ཡོད།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། ཚིགས་བཅད་ ༢༧ ནས་ ༣༡ བར་གྱི་དོན་འགྲེལ། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༥ ཚེས་ ༡༡) ༈ བརྙན་འཕྲིན་འདིར་རིན་པོ་ཆེ་མཆོག་གིས། སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༢༧ ནས་ ༣༡ བར་བསྟན་པ་ལྟར། སྡིག་པ་བཤགས་པའི་ཡན་ལག་གི་སྐོར་དོན་འགྲེལ་གནང་ཞིང། འཕྲོ་ལུས་རྣམས་ཆོས་ཐུན་རྗེས་མར་མུ་མཐུད་ནས་གསུངས་ཡོད། ཆོས་ཐུན་འདི་ནང་། སྒོ་གསུམ་གྱིས་བསགས་པའི་སྡིག་པ་ལ་སྡིག་པ་ཡིན་པར་ཤེས་ཤིང་། འགྱོད་སེམས་དྲག་པོའི་སྟོབས་ལ་བརྟེན་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར་བཤག་ཚུལ་གསུངས་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༩༥-༡༠༡ བར་གཟིགས།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། ཚིགས་བཅད་ ༣༢ ནས་ ༤༦ བར་གྱི་དོན་འགྲེལ། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༥ ཚེས་ ༡༨) ༈ བརྙན་འཕྲིན་འདིར་རིན་པོ་ཆེ་མཆོག་གིས། ཐོག་མར་ཆོས་ཐུན་སྔ་མ་མུ་མཐུད་ནས། འགྱོད་པའི་སྟོབས་ཀྱི་སྐོར་གསུངས་རྗེས། སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༣༢ ནས་ ༤༦ པ་ལས་འཕྲོས་ཏེ། ཚེ་མི་རྟག་ཅིང་ངེས་པ་མེད་པའི་ཚུལ་ལ་བསམ་སྟེ། ད་ལྟ་ཉིད་དུ་སྡིག་སྒྲིབ་སྦྱོང་བའི་ལས་ལ་འབད་དགོས་པའི་དྲན་སྐུལ་ནན་པོ་གསུངས་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༡༠༡-༡༠༧ བར་གཟིགས།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། (དྲི་བ་དྲིས་ལན། ༥) འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༣ ཚེས་ ༩) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་ལ། དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ཀྱིས། སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༢༦ པར་སྐྱབས་སུ་འགྲོ་བའི་ཡན་ལག་བསྟན་པ་དང་འབྲེལ་བའི་དོགས་འདྲིས་ཞུས་པར་གསུང་ལན་གནང་ཡོད།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། ཚིགས་བཅད་ ༤༧ ནས་ ༥༣ བར་གྱི་དོན་འགྲེལ། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༥ ཚེས་ ༢༧) ༈ བརྙན་འཕྲིན་འདིར་རིན་པོ་ཆེ་མཆོག་གིས། སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༤༧-༥༣ པ་ལས་འཕྲོས་ཏེ། གཉེན་པོ་སྟོབས་བཞི་ཡི་གཉིས་པ་རྟེན་གྱི་སྟོབས་གསུངས་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༧༥-༧༩ བར་གཟིགས།  +
བཤད་བྱའི་གཞུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཉིས་པ་སྡིག་པ་བཤགས་པའི་ལེའུ། (དྲི་བ་དྲིས་ལན་ ༦། འཆད་པ་པོ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བཤད་ཡུལ། སྤྱོད་འཇུག་དྲ་ལམ་བཤད་གྲྭ། (༢༠༡༡ ཟླ་ ༦ ཚེས་ ༡) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་ལ་དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ནས། སྤྱོད་ལེ་གཉིས་པའི་ཚིགས་བཅད་ ༢༧ ནས་ ༤༦ བར་དང་། དེ་བཞིན་གཞན་དོགས་འདྲིས་སྣ་ཚོགས་ཞུས་པ་ལ་གསུང་ལན་གནང་ཡོད།  +