Property:TmlnDescriptionTib

From Bodhicitta

This is a property of type Text.

Showing 20 pages using this property.
T
མཚན་གནས་གཞན་ཀིཿལུང་མཁན་ཞེས་ཀྱང་གྲགས། ཁོང་ལ་སློབ་མ་མཁན་པོ་ངག་དགའ་ཞེས་པ་ཞིག་ཡོད་པར་མངོན། བསྔོ་བའི་བཤད་པ་རྒྱ་མཚོའི་ཆུ་ཐིག་ཞེས་བྱ་བ་བརྩམས།  +
དུས་རབས་ ༡༡ པར་བྱོན་པའི་རྒྱ་གར་གྱི་མཁས་པ་ཆེན་པོ་ཞིག་ཡིན། བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་འདི་སོགས་བསྟན་བཅོས་མང་པོ་བརྩམས། ཁོང་གིས་བསྒྱུར་བའི་བསྟན་བཅོས་ཡང་མང་པོ་ཡོད།  +
འཇམ་མགོན་ཀོང་སྤྲུལ། དཔལ་སྤྲུལ་རིན་པོ་ཆེ། ཀུན་མཁྱེན་མི་ཕམ་སོགས་ཀྱི་སློབ་མ་དང་། རྨེ་བ་མཁན་ཆེན་བསོད་ནམས་མགོན་པོའི་བླ་མ་ཡིན།  +
བདུད་འཇོམས་གླིང་པའི་སྲས་ཆེ་བ་དང་། ཀློང་ཆེན་སྙིང་ཐིག་གི་བརྒྱུད་འཛིན་གཙོ་བོ་ཞིག་ཡིན། སྐུ་གོང་མས་ཕྱག་བཏབ་པའི་གདན་ས་རྡོ་གྲུབ་དགོན་ལ་ཉམས་གསོ་ལེགས་པར་མཛད། སྐུ་ཚེ་སྨད་ལ་དུས་ཕལ་ཆེར་དགོན་པ་དང་ཉེ་བའི་རི་ཁྲོད་དུ་དབེན་པ་བསྟེན་ཅིང་བཞུགས།  +
དཔལ་ལྡན་འབྲས་སྤུངས་ཀྱི་མཁས་དབང་འདི་ནི། དགེ་རྒན་རྡོ་རྗེ་འབུམ། དྲུང་གསར་བླ་མ་བློ་བཟང་དཔལ་ལྡན་ཚུལ་ཁྲིམས། རྒྱལ་རོང་བླ་མ་དཀོན་མཆོག་བཟང་པོ་དང་། ཀུན་དགའ་སྙན་གྲགས་རྒྱ་མཚོ་རྣམས་ཀྱི་སློབ་མ་དང་། རྭ་ཧོར་སྤྲུལ་སྐུ་འཇམ་དབྱངས་གྲུབ་པའི་དབང་པོ། བྱམས་པ་མཐུ་སྟོབས། སྙན་དགོན་སྤྲུལ་སྐུ་མདོ་སྔགས་ཆོས་ཀྱི་རྒྱ་མཚོ་སོགས་ཀྱི་བླ་མ་ཡིན།  +
སྤྱི་ལོ་ ༡༨༦༨ ལོར་མདོ་ཁམས་སྡེ་དགེར་འཁྲུངས། སྡེ་དགེ་དགོན་ཆེན་དགོན་པའི་མཁན་ཁྲིར་འཁོད། ངག་དབང་ཕུན་ཚོགས་དོན་གྲུབ་དང་། རྫོང་གསར་མཁྱེན་བརྩེ་ ༢ པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་བླ་མ་ཡིན།  +
དུས་རབས་ ༡༩ པའི་སྨད། ༢༠ པའི་སྟོད་ཙམ་དུ་བྱོན་པའི་མཁས་དབང་རྨད་དུ་བྱུང་བ་ཞིག་ཡིན། འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཀོང་སྤྲུལ་བློ་གྲོས་མཐའ་ཡས། བླ་མ་མི་ཕམ་ལ་སོགས་པ་དུས་རབ་ ༡༩ པར་བྱོན་པའི་མཁས་པའི་དབང་པོ་རྣམས་ཀྱི་དངོས་སློབ་དང། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་བདག་འཛིན་བཅོམ་པའི་སྨན་ཆེན་ཞེས་བྱ་བའི་གཞུང་རྩོམ་པ་པོ་ཡིན།  +
ཨོ་རྒྱན་བསྟན་འཛིན་ནོར་བུའི་སློབ་མ་དང་། རྫོགས་ཆེན་ཤྲཱི་སེང་ཧའི་བཤད་གྲྭའི་མཁན་རབས་བཅུ་དགུ་པ་ཡིན། རྫོར་གསར་ཁམས་བྱེ་བཤད་གྲྭ་ཕྱག་བཏབ་ནས་མཁན་རབས་དང་པོའི་ཐུགས་འགན་བཞེས། བཀའ་བརྒྱུད། རྙིང་མ། ས་སྐྱ་གསུམ་གྱི་སྐྱེས་ཆེན་གྲངས་ལས་འདས་པ་རྗེས་སུ་བཟུང་། ཁོང་དང་ཁོང་གི་སློབ་བརྒྱུད་ཀྱིས་བཤད་གྲྭ་བརྒྱ་ཙམ་ཕྱག་བཏབ་ནས། རྒྱ་གཞུང་པོད་བཅུ་གསུམ་འཆད་ཉན་གྱི་སྲོལ་བཟང་རྒྱ་ཆེར་སྤེལ།  +
རྫ་དཔལ་སྤྲུལ་རིན་པོ་ཆེའི་སྲས་ཀྱི་ཐུ་བོའི་ནང་གི་གཅིག་དང་། ཁོང་གི་རྣམ་ཐར་འབྲི་བ་པོ་གཙོ་བོ་ཡིན། དེ་བཞིན་འཇུ་མི་ཕམ་རྣམ་རྒྱལ་གྱི་ཡང་སློབ་མ་གཙོ་བོའི་གྲས་ཤིག་ཡིན་ཅིང་། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ལ་འགྲེལ་པ་སྤུས་ལེགས་ཤིག་བརྩམས་པས་གྲགས་པ་ཆེ་ཡང་། རྫ་དཔལ་སྤྲུལ་རིན་པོ་ཆེའི་དྲུང་ནས་སྤྱོད་འཇུག་གསན་ནས་ཁོང་གི་གསུང་རྒྱུན་གཙོར་བཞག་གིས་སྤྱོད་འཇུག་ལ་འགྲེལ་པ་མཛད་པས་མཚན་གྱི་སྙན་པ་ཆེས་ཆེར་གྲགས། ཀ་ཐོག་དགོན་གྱི་བཤད་གྲྭའི་མཁན་རབས་དང་པོའི་བཞུགས་ཁྲིར་མངའ་གསོལ་ཞུས། ཁོང་གི་རྗེས་ལ་མཁན་པོ་ངག་དབང་དཔལ་བཟང་ངམ། མཚན་གཞན་མཁན་པོ་ངག་ཆུང་བཤད་གྲྭའི་མཁན་རབས་གཉིས་པའི་བཞུགས་ཁྲིར་མངའ་གསོལ་ཞུས།  +
མཁན་ཆེན་པདྨ་ཚེ་དབང་རྒྱ་མཚོའི་སློབ་མ་དང་། འབྲུག་སྤྲུལ་ ༥ པ་པདྨ་མཐུ་སྟོབས་རྡོ་རྗེ། གཏེར་སྟོན་ ༤ པ་དབང་ཆེན་རྒྱས་པའི་རྡོ་རྗེ། འཇིགས་མེད་ཡེ་ཤེས་སྙིང་པོ་ལ་སོགས་པའི་བླ་མ་ཡང་ཡིན།  +
དཔལ་ཡུལ་ཆོས་བརྒྱུད་དུ་གཏོགས་པའི་རྩོམ་པ་པོ་འགངས་ཆེན་ཞིག་ཡིན།  +
མདོ་སྔགས་གཉིས་ཀར་མཁས་པར་གྲགས། གཙོ་བོར་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་ཏུ་གཏོགས། རྩིས་རིག་པའི་རིགས་གཅིག་རྐང་འཛིན་དུ་གྱུར། རྩིས་ཀྱི་རེའུ་མིག་བྲི་བར་ཤིན་ཏུ་མཁས། ཕྱི་དྲོའི་ཁ་ཟས་དང་་བཅས་པ་སྤངས་ཤིང་དམ་ཆོས་འདུལ་བའི་བསླབ་བྱ་རྣམས་གཙིགས་གྱིསབཟུང་།  +
སྐུ་ཞབས་ཕེ་ཌྲིག་ལི་ལནྜ་ལྟར་ན། སློབ་དཔོན་དགེ་བའི་ལྷ་དེ་ཉིད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་ལེགས་པར་སྦྱར་བ་རྩོམ་པ་པོ་ཡིན་པ་ཙམ་མ་གཏོགས་ཁོང་གི་སྐོར་ལ་ཤེས་རྟོགས་བྱུང་མེད་ལ། འགྲེལ་པ་དེ་ཡང་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལྟ་བུའི་རྣམ་བཤད་ཞིབ་རྒྱས་དང་ལུང་འདྲེན་མང་པོས་བརྒྱན་མེད་ཅེས་བཤད།  +
སྤྱི་ལོ་༡༨༨༩ ལོར་འཁྲུངས། ཀུན་མཁྱེན་མི་ཕམ་རྣམ་རྒྱལ་མཚོའི་སློབ་མ་ཞིག་ཡིན།  +
མཁས་པ་གྲགས་ཆེན་འདི་ཉིད་ཨ་མདོ་རེབ་གོང་གི་ས་ཁུལ་དཔྱི་ས་ཞེས་པར་འཁྲུངས། རྫོང་སྔོན་བློ་གྲོས་ཚང་། གཙང་དགེ་བཤེས་ཚང་། ཞྭ་དམར་པཎྜི་ཏ་བྱམས་པ་བློ་བཟང་། རྫོགས་གེ་བློ་བཟང་རྒྱ་མཚོ། ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་བླ་མར་བསྟེན། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་སྙན་བརྒྱུད་ཀྱི་བརྒྱུད་པ་འཛིན་པ་གཙོ་བོར་གྱུར། སྤྲུལ་སྐུ་འཇམ་དབྱངས་ཕྲིན་ལས་དབང་པོ། རྫོང་དཀར་འཇིགས་མེད་ཤེས་རབ་བདག་པ། སྤྲུལ་སྐུ་འཇིགས་མེད་ཕྲིན་ལས་ལྷུན་གྲུབ། སྣང་སོ་སྐུ་ཀེ། ཁ་སོ་ལྕོག་སྤྲུལ་སོགས་ཁོང་གི་སློབ་མ་ཡིན།  +
སྤྱོད་འཇུག་གི་མཆན་འགྲེལ་མཛད་པ་པོ་ཞིག་ཡིན།  +
སྤྱི་ལོ་༡༩༢༠ ལོར་འཁྲུངས། རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཆོས་ཁྲིར་འཁོད། རྡོ་གྲུབ་སྐུ་ཕྲེང་ ༤ པ་འཇིགས་མེད་ཕྲིན་ལས་དཔལ་འབར། ཨ་གྲོ་ངག་དབང་ནོར་བུ། མཁན་ཆེན་ལྷ་སྒང་། གླིང་ལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ་སོགས་ཀྱི་སློབ་མ་དང་། གཏིང་སྐྱེས་མགོན་བྱང་ ༡༠ པ་ཨོ་རྒྱན་འཇིགས་མེད་ཕྲིན་ལས་ཀུན་ཁྱབ། སྨིན་གླིང་མཁོ་སྤྲུལ། རྒྱལ་སྲས་སྤྲུལ་སྐུ་སོགས་ཀྱི་བླ་མ་ཡིན།  +
སྤྱི་ལོ་༡༩༢༡ ལོར་མདོ་ཁམས་སུ་འཁྲུངས། ཁམས་བྱེ་རྫོང་སར་བཤད་གྲྭར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་མཁན་པོ་ཐུབ་བསྟན་རྒྱལ་མཚན་སོགས་ཀྱི་ཞལ་སྔ་ནས་ཆོས་བཀའ་ཡོངས་རྫོགས་གསན། ༡༩༤༥ ལོ་ནས་ལོ་ལྔ་རིང་རྫོང་སར་བཤད་གྲྭའི་སྐྱོར་དཔོན་མཛད་པ་དང་། དེ་ནས་རིམ་བཞིན་མདོ་སྲིབ་དགོན་དང་ཝ་རྭ་དགོན་གྱི་མཁན་པོ་སོགས་མཛད། ༡༩༨༢ ལོར་རྒྱ་གར་དུ་བྱོན་ནས། འབྲས་ལྗོངས་གནས་ནང་རྫོང་སར་བཤད་གྲྭ་བཙུགས། ༡༩༨༥ ལོར་ཧི་མ་ཅལ་མངའ་སྡེའི་སྦིར་དུ་བཤད་གྲྭ་གནས་སྤོས་ནས། ༢༠༠༨ ལོར་དགོངས་པ་མ་རྫོགས་བར་འཆད་རྩོད་རྩོམ་གསུམ་གྱིས་རིས་མེད་བསྟན་པ་སྤེལ་བའི་མཁས་དབང་ཞིག་ཡིན།  +
སྤྱི་ལོ ༡༩༢༢ ལོར་རྒྱལ་ཐང་རྫོང་རོང་ཡུལ་ནགས་སྟེར་དུ་སྐུ་འཁྲུངས། མཁས་གྲུབ་ཨ་བུ་རྡོ་རྗེ་འཆང་གི་ཞབས་ལ་གཏུགས་ཏེ་མཉེས་པར་མཛད། དགུང་ལོ་ཉེར་གཉིས་པར་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སྦྱངས། ཕ་བོང་ཁ་པ་གཉིས་པ་བདེ་ཆེན་སྙིང་པོ་དང་བསྟན་འཛིན་ཕྲིན་ལས་ཀུན་མཁྱེན་རྣམས་བླ་མར་བསྟེན། གསང་སྔགས་ཕོ་བྲང་། བྲག་རི། དགོན་གསར་སོགས་སུ་སྒོམ་སྒྲུབ་མཛད། གཞུང་ཆེན་གྱི་དཔེ་ཁྲིད་དང་། གསུང་རབ་དཔར་བརྐོ། རྟེན་གསུམ་བཞེངས་པ་སོགས་ཀྱིས་བསྟན་པ་ཉམས་པ་བསྐྱར་སློང་དང་མི་ཉམས་གོང་འཕེལ་སོགས་ཀྱི་མཛད་རྗེས་ཆེ་བར་བསྔགས།  +
སྤྱི་ལོ ༡༩༢༣ ལོར་མདོ་ཁམས་བཟང་ཤིང་གཞུང་དུ་སྐུ་འཁྲུངས། སྡེ་དགེ་ཁྲི་ཚོ་དགོན་དུ་ཆོས་ཞུགས་ཏེ། བྲག་ཡབ་བློ་གྲོས་རྒྱལ་མཚན་སོགས་བཤེས་གཉེན་དུ་བསྟེན་ནས་མདོ་སྔགས་གཞུང་ལུགས་ལ་མཁས་པར་གྱུར། ཁྲི་ཚོ་དགོན་གྱི་མཁན་རབས་སུ་གྱུར་ཅིང་མདོ་དབུས་ཁམས་གསུམ་དུ་འཆད་ཁྲིད་ཀྱིས་འགྲོ་དོན་བསྐྱངས། རྒྱ་གར་དུ་ཕེབས་རྗེས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་མཇལ་ནས་ཆོས་འབྲེལ་ཞུས། ༡༩༦༡ ལོར་ས་སྐྱའི་མཁས་དབང་གི་མཚན་གནས་བཞེས། འབྲས་ལྗོངས་ཀྱི་བོད་ཤེས་རིག་ཉམས་ཞིབ་ཁང་དུ་རྫོང་སར་མཁན་པོ་ཨ་པད་མཆོག་གི་སྐུ་ཚབ་ཏུ་མངའ་གསོལ་ཐོབ་ནས་ལོ་ཉི་ཤུའི་རིང་བསྟན་ཞབས་ཞུས་པ་སོགས་མཛད་རྗེས་ཆེ་བའི་མཁས་དབང་ཞིག་ཡིན།  +