Property:DescriptionTib

From Bodhicitta

This is a property of type Text.

Showing 20 pages using this property.
B
སྤྱི་ལོ་༢༠༢༤ ཟླ་བ་༠༩ པའི་ཚེས་ ༢༢། གཟའ་ཉི་མའི་དྲ་ཐོག་ཐད་གཏོང་གསུང་ཆོས། འཆད་པ་པོ་སྒྲུབ་པ་རིན་པོ་ཆེ། བརྗོད་བྱ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ལེའུ་བརྒྱད་པ་བསམ་གཏན་བསྟན་པ། ཚིགས་བཅད་ ༣༤-༤༧།  +
སྤྱི་ལོ་༢༠༢༤ ཟླ་བ་༡༠ པའི་ཚེས་༠༦། གཟའ་ཉི་མའི་དྲ་ཐོག་ཐད་གཏོང་གསུང་ཆོས། འཆད་པ་པོ་སྒྲུབ་པ་རིན་པོ་ཆེ། བརྗོད་བྱ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ལེའུ་བརྒྱད་པ་བསམ་གཏན་བསྟན་པ། ཚིགས་བཅད་ ༤༧-༥༩།  +
སྤྱི་ལོ་༢༠༢༤ ཟླ་བ་༡༠ པའི་ཚེས་༢༠། གཟའ་ཉི་མའི་དྲ་ཐོག་ཐད་གཏོང་གསུང་ཆོས། འཆད་པ་པོ་སྒྲུབ་པ་རིན་པོ་ཆེ། བརྗོད་བྱ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ལེའུ་བརྒྱད་པ་བསམ་གཏན་བསྟན་པ། ཚིགས་བཅད་ ༦༠-༧༠།  +
རྒྱ་གར་གྱི་མཁས་པ་དགེ་སློང་ཤེས་རབ་འབྱུང་གནས་བློ་གྲོས་ (༩༥༠-༡༠༣༠) ཀྱིས་མཛད་པའི་སྤྱོད་འཇུག་གི་ཚིག་འགྲེལ་འདི་ནི་རྒྱ་འགྲེལ་ཀུན་ལས་རྩ་ཆེ་ཤོས་སུ་གྲགས། འདིར་བསྔོ་བའི་ལེའུ་མ་གཏོགས་པའི་ལེའུ་དགུ་དང་། གཞུང་གི་དཀའ་གནད་རྣམས་སྐབས་ཐོབ་སོ་སོར་གསལ་བར་བཀྲལ་ཡོད།  +
རྒྱ་གར་གྱི་སློབ་དཔོན་ཤྲཱི་བི་བྷཱུ་ཏེ་ཙནྡྲས་(༡༡༥༠-༡༢༢༥)འགྲེལ་བྱེད་གཞན་རྣམས་ཀྱིས་འཕགས་པའི་དགོངས་པ་ལོན་པར་གཟིགས་ནས། དགོངས་པ་ཇི་བཞིན་གསལ་བར་བྱ་བའི་ཕྱིར་འགྲེལ་གཞུང་འདི་བརྩམས་ཤིང་། བོད་སྐད་དུ་རང་འགྱུར་དུ་མཛད་པར་གྲགས། འགྲེལ་པའི་དབུར་སློབ་དཔོན་ཞི་བ་ལྷའི་རྣམ་ཐར་མདོར་བསྡུས་ཤིག་ཀྱང་བཞུགས་ཡོད།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བཅུ་པ་བསྔོ་བའི་ལེའུ།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བཅུ་པ་བསྔོ་བའི་ལེའུའི་ཚིགས་སུ་བཅད་པ་དང་པོ།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བཅུ་པ་བསྔོ་བའི་ལེའུའི་ཚིགས་སུ་བཅད་པ་ ༢ ནས་ ༡༠ བར།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བཅུ་པ་བསྔོ་བའི་ལེའུའི་ཚིགས་སུ་བཅད་པ་ ༡༡ ནས་ ༡༧ བར།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བཅུ་པ་བསྔོ་བའི་ལེའུའི་ཚིགས་སུ་བཅད་པ་ ༡༨ ནས་ ༣༠ བར།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བཅུ་པ་བསྔོ་བའི་ལེའུའི་ཚིགས་སུ་བཅད་པ་ ༣༡ ནས་ ༤༠ བར།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བཅུ་པ་བསྔོ་བའི་ལེའུའི་ཚིགས་སུ་བཅད་པ་ ༤༡ ནས་ ༤༧ བར།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བཅུ་པ་བསྔོ་བའི་ལེའུའི་ཚིགས་སུ་བཅད་པ་ ༤༩ ནས་ ༥༨ བར། འདི་ནི་སྤྱོད་འཇུག་བསྔོ་བའི་ལེའུའི་འཆད་ཁྲིད་ཀྱི་བརྙན་འཕྲིན་མཐའ་མ་ཡིན།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས་ཀུན་སློང་གི་སྐོར། འཆད་པ་པོ་རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། ༢༠༡༠ ཕྱི་ཟླ་ ༡༠ ཚེས་ ༡༩།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། (དྲི་བ་དྲིས་ལན ༠༣ པ།) འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༡ ཚེས་ ༡༨) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས་དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ལ། སྤྱོད་འཇུག་ལེའུ་དང་པོའི་ཚིགས་བཅད་ ༠༤ པ་དང་ ༠༥ པ་དང་། གཞན་བརྗོད་བྱ་འགའ་ཞིག་དང་འབྲེལ་བའི་དོགས་འདྲིས་ཞུས་པར་གསུང་ལན་གནང་ཡོད། གསལ་བཤད། བརྙན་འཕྲིན་འདི་དྲི་བ་དྲིས་ལན་གྱི་ཆོས་ཐུན་གསུམ་པ་ཡིན། ཆོས་ཐུན་འདི་ནང་བསྩལ་བའི་གསུང་ལན་རྣམས་དུམ་བུ་གཉིས་སུ་བགོ་བཤའ་བརྒྱབ་ཡོད། དང་པོ་བརྙན་འཕྲིན་ཡིན་པར་དྲི་བ་གསུམ་ལ་ལན་གསུངས་ཡོད། གཉིས་པ་སྒྲ་འཕྲིན་ཡིན་པར་མུ་མཐུད་དྲི་བ་ལྷག་མ་རྣམས་ལ་ལན་གསུངས་ཡོད། བརྙན་དང་སྒྲ་འཕྲིན་འདི་གཉིས་གཟིགས་པའམ་གསན་པར་འདོད་ན་དྲ་ཐག་འདིར་སྣུན། [https://dvox5jdzkt9hx.cloudfront.net/bodhicharyavatara/audio/Chapter1_audio/Englis  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། ཚིགས་བཅད་ ༠༧ པ་ནས་ ༠༨ པ་བར། འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༡ ཚེས་ ༡༨) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས་སྤྱོད་འཇུག་ལེའུ་དང་པོའི་ཚིགས་བཅད་ ༠༧ པ་དང་ ༠༨ པའི་དོན་འགྲེལ་གནང་ཡོད། ཚིགས་བཅད་འདི་གཉིས་ཀྱི་བརྗོད་བྱ་ནི། ཚིགས་བཅད་དྲུག་པ་ལྟར་མུ་མཐུད་བྱང་སེམས་ཀྱི་ཕན་ཡོན་བསྟན་པ་ཡིན། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༤༦-༤༧ བར་གཟིགས།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། (དྲི་བ་དྲིས་ལན་ ༠༤ པ།) འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༡ ཚེས་ ༢༢) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས་དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ལ། སྤྱོད་འཇུག་ལེའུ་དང་པོའི་ཚིགས་བཅད་ ༠༧ པ་དང་། དེ་བཞིན་གཞན་བརྗོད་བྱ་སྣ་ཚོགས་དང་འབྲེལ་བའི་དོགས་འདྲིས་ཞུས་པར་གསུང་ལན་གནང་ཡོད།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། ཚིགས་བཅད་ ༠༩ པ་ནས་ ༡༠ པ་བར། འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༡ ཚེས་ ༢༦) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས། སྤྱོད་འཇུག་ལེའུ་དང་པོ་ལས་ཚིགས་བཅད་ ༠༩ པ་དང་ ༡༠ པའི་དོན་འགྲེལ་གནང་བ་དེ་ནི། ཚིགས་བཅད་ ༠༦ པ་ནས་དབུ་བརྩམས་པའི་བྱང་སེམས་ཀྱི་ཕན་ཡོན་བསྟན་པའི་འཕྲོས་ཡིན། དེ་ཡང་ཚིགས་བཅད་ ༠༩ པས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་མོས་པའི་བློ་མཆོག་ཏུ་གྱུར་པ། རིན་ཆེན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་བརྟེན་ནས། རྟེན་གི་གང་ཟག་རང་གི་ངོ་བོ་དང་རིན་ཐང་ཇེ་མཐོར་འགྲོ་ཚུལ་བསྟན་པ་དང་། ཚིགས་བཅད་ ༡༠ པ་ནས་བརྩམས་ཏེ་བྱང་སེམས་བསྐྱེད་པའི་ཕན་ཡོན་ལྔ་བཤད་པ་སོགས་ལ་དོན་འགྲེལ་གནང་ཡོད། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༤༧-༤༨ བར་གཟིགས།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། (དྲི་བ་དྲིས་ལན་ ༠༥ པ།) འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༡ ཚེས་ ༢༨) ༈ བརྙན་འཕྲིན་འདིར། དྲ་ལམ་བཤད་གྲྭའི་སློབ་ཕྲུག་རྣམས་ཀྱིས་རིན་པོ་ཆེ་མཆོག་ལ། སྤྱོད་འཇུག་ལེའུ་དང་པོའི་ཚིགས་བཅད་ ༠༧ པ་དང་ ༠༨ པ་དང་། དེ་ལས་གཞན་པའི་བརྗོད་བྱ་སྣ་ཚོགས་དང་འབྲེལ་བའི་དོགས་འདྲིས་ཞུས་པར་གསུང་ལན་གནང་ཡོད། དྲི་བའི་ནང་གི་གཅིག་ནི་བསྐལ་པའི་དུས་ཡུན་གྱི་སྐོར་ཡིན་པ་ལ་རིན་པོ་ཆེ་མཆོག་གིས་ལན་མཛད་པ་བརྙན་འཕྲིན་འདིར་ཚུད་ཡོད་པ་ལྟར་དང། ཟུར་དུ་གསལ་བཤད་གནང་བ་ནི། སྤྱིར་བསྐལ་པ་ཞེས་པ་ལ་བསྐལ་པ་དང་བསྐལ་ཆེན་གཉིས་ཡོད། བསྐལ་ཆེན་གཅིག་ནང་བསྐལ་བརྒྱད་བཅུ་ཡོད། འཇིག་རྟེན་ཁམས་ཀྱི་གནས་ཚད་བསྐལ་ཆེན་གཅིག་ཡིན། བསྟན་བཅོས་འདི་ཡི་གནས་ཚད་ཀྱང་བསྐལ་པའི་དབྱེ་བ་འདི་གཉིས་ལས་གང་རུང་ཞིག་ཡིན་ངེས། ཅེས་གསུངས་སོ།།  +
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ལས། ཚིགས་བཅད་ ༠༧ པ་ནས་ ༠༨ པ་བར། འཆད་པ་པོ། རི་མགུལ་སྤྲུལ་སྐུ། བཤད་ཡུལ། བྱང་ཆུབ་སྤྱོད་པའི་དྲ་ལམ་བཤད་གྲྭ། (༢༠༡༠ ཟླ་ ༡༢ ཚེས་ ༠༣) ༈ བརྙན་འཕྲིན་འདིར། རིན་པོ་ཆེ་མཆོག་གིས། སྤྱོད་འཇུག་ལེའུ་དང་པོའི་ཚིགས་བཅད་ ༠༧ པ་དང་ ༠༨ པས། བྱང་སེམས་བསྐྱེད་པའི་ཕན་ཡོན་བསྟན་པའི་དཔེ་ལྔ་ལས། གཉིས་པ་ཡིད་བཞིན་གྱི་ནོར་བུ་དང་། གསུམ་པ་དཔག་བསམ་གྱི་ཤིང་གི་དཔེ་གཉིས་གསུངས་པ་ལ་འགྲེལ་བཤད་གནང་ཡོད། དང་པོ་གསེར་འགྱུར་གྱི་རྩི་ཡི་དཔེ་ནི་ཚིགས་བཅད་སྔ་མའི་སྐབས་བཤད་ཟིན་ཅིང་། འདི་དང་འབྲེལ་ཡོད་ལྟ་ཀློག་མངག་འོས་པ་ནི། མཁན་ཆེན་ཀུན་དཔལ་གྱིས་མཛད་པའི་འགྲེལ་པ་《འཇམ་དབྱངས་བླ་མའི་ཞལ་ལུང་》 ཤོག་གྲངས་ ༤༨-༤༩ བར་གཟིགས།  +