Property:TmlnDescriptionTib
From Bodhicitta
This is a property of type Text.
T
དུས་རབས་ ༡༦ པར་བྱོན་པའི་འགྲོ་མགོན་བཀའ་བརྒྱུད་པའི་མཁས་དབང་ཞིག་ཡིན། ཁོང་གིས་རྒྱ་གར་འཕགས་པའི་ཡུལ་དང་བོད་གངས་ཅན་གྱི་ལྗོངས་སུ་དམ་པའི་ཆོས་ཀྱི་འཁོར་ལོ་བསྒྱུར་བ་རྣམས་ཀྱི་བྱུང་བ་སྤྱི་དང་། བྱེ་བྲག་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཆོས་འབྱུང་ལོ་རྒྱུས་གསལ་བར་བྱེད་པའི་གསུང་རྩོམ་གྲགས་ཆེན། ཆོས་འབྱུང་མཁས་པའི་དགའ་སྟོན་ཞེས་བྱ་བ་བརྩམས། དེ་བཞིན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་ཤིན་ཏུ་རྒྱས་པ། ཤོག་གྲངས་ ༩༧༥ ཅན་འདི་ཉིད་ཀྱང་མཛད་པས་མཚན་གྱི་སྙན་པ་ཀུན་ལ་ཁྱབ། ད་ལྟ་ཡང་ཀརྨ་བཀའ་བརྒྱུད་པའི་བཤད་གྲྭ་རྣམས་སུ་སྤྱོད་འགྲེལ་འདི་ཉིད་རྩ་འཛིན་གྱིས་གསན་སྦྱོང་མཛད་བཞིན་ཡོད། +
རིག་གནས་བསྐྱར་གསོ་བའི་མཁས་དབང་ཉུང་ཤས་ནང་གི་གཅིག་ཡིན། རྣམ་དཔྱོད་དང་མཁས་པའི་ཡོན་ཏན་༧རྒྱལ་མཆོག་ལྔ་པ་ཆེན་པོ་དང་འགྲན་ནུས། ཁོང་གིས་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའི་གོ་རིམ་རྣམ་གཞག་ལེགས་པར་བསྒྲིགས་ཤིང་གཏན་ཕབ། +
དུས་རབས་ ༡༧ པའི་སྟོད་ལ་འཁྲུངས། སྟག་ཚང་རྗེ་དྲུང་ལྔ་པ་བ་སོ་ངག་དབང་ཆོས་ཀྱི་དབང་ཕྱུག་དང་། ༧རྒྱལ་དབང་ ༥ པ་ངག་དབང་བློ་བཟང་རྒྱ་མཚོའི་སློབ་མ་ཡིན། དགེ་སློང་དང་དགེ་སློང་མའི་སྤང་ལྟུང་བསླབ་བྱ་སོགས་དང་འབྲེལ་བའི་བརྗེད་བྱང་གི་ཡི་གེ་འགའ་ཞིག་མཛད་པ་པོད་གཅིག་བཞུགས། +
བློ་བཟང་ཡེ་ཤེས། བློ་བཟང་རྣམ་རྒྱལ། ཕུར་ལྕོག་ངག་དབང་བྱམས་པ། དཔལ་ལྡན་ཡེ་ཤེས། ངག་དབང་ནམ་མཁའ་བཟང་པོ། ཐོས་བསམ་གླིང་ཆོས་རྗེ་ཚེ་བརྟན་རྣམ་རྒྱལ། དུས་འཁོར་བ་ཡོན་ཏན་དར་རྒྱས། དུས་འཁོར་བ་ཡེ་ཤེས་དཔལ་བཅས་ཀྱི་སློབ་མ་དང་། ༧རྒྱལ་མཆོག་ ༨ པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཡིན། +
སྤྱི་ལོ་ ༡༧༦༢ ལོར་ཨ་མདོ་འབོ་རའི་རྒྱ་སྒར་ཐང་ཞེས་པའི་ས་གནས་སུ་འཁྲུངས། དགུང་ལོ་བཅུ་གཅིག་པ་ལ་རབ་དུ་བྱུང་། ཉེར་གཉིས་ལོན་པ་དང་དབུས་སུ་བྱོན་ནས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། གུང་ཐང་འཇམ་དཔལ་དབྱངས་བཤེས་གཉེན་དུ་བསྟེན། དགུང་ལོ་ཉེར་ལྔ་པ་ལ་གཞུང་ནས་ཆོས་འཁོར་རྒྱལ་གྱི་མཁན་པོར་བསྐོས། རྒྱལ་མཁན་པོ་ཞེས་པའི་མཚན་དེ་ནས་ཆགས། བཀའ་པོད་ལྔའི་སློབ་གཉེར་རྫོགས་ནས་དགེ་བཤེས་ལྷ་རམས་ཐོན། +
སོག་ཡུལ་ཁལ་ཁ་ཞེས་པའི་ས་གནས་སུ་འཁྲུངས། བློ་བཟང་དགེ་ལེགས་བསྟན་འཛིན། ཚེ་དབང་སྐྱབས་མཆོག བསོད་ནམས་རྒྱ་མཚོ། ཆོས་ཀྱི་རྡོ་རྗེ་བཅས་ཀྱི་སློབ་མ་དང་། བསྐལ་བཟང་ཡེ་ཤེས། བློ་བཟང་བསྟན་འཛིན་དཔལ་འབྱོར། བློ་བཟང་ཡོན་ཏན་དང་བསོད་ནམས་རྒྱ་མཚོ་རྣམས་ཀྱི་དགེ་བའི་བཤེས་གཉེན་ཡིན། +
འཇམ་དབྱངས་བཞད་པ་ ༣ པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་ཕྱག་དྲུང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་པ་གྲགས་ཆེན་ཞིག་ཡིན། དཀའ་བཅུ་བ་ཆེན་པོ་དཀོན་མཆོག་དཔལ་འཛིན། འཇམ་དབྱངས་བཞད་པ་ ༣ པ་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། མཚམས་པ་བློ་བཟང་དཀོན་མཆོག་དང། དཀོན་མཆོག་རྒྱལ་མཚན་སོགས་ཀྱི་སློབ་མ་དང་། པྲ་ཉེ་ ༤ པ་ངག་དབང་ཐུབ་བསྟན་རྒྱ་མཚོ། འཇམ་དབྱངས་བཞད་པ་ ༤ པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག། ཨ་མདོ་ཞྭ་དམར་ ༤ པ་དགེ་འདུན་བསྟན་འཛིན་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་ཡིན། +
དུས་རབས་ ༡༩ པའི་ནང་ཀློང་ཆེན་སྙིང་ཐིག་གི་བསྟན་པ་སྤེལ་བའི་སྐྱེས་ཆེན་གཙོ་བོ་དང་། ཤིན་ཏུ་གྲགས་ཆེ་བའི་ལམ་རིམ་གྱི་བསྟན་བཅོས། ཀུན་བཟང་བླ་མའི་ཞལ་ལུང་ཞེས་བྱ་བ་རྩོམ་པ་པོ་ཡིན། +
རཏྣ་གླིང་པའི་བརྒྱུད་པ་འཛིན་པའི་རྫོགས་ཆེན་གྱི་རྣལ་འབྱོར་པ། གྲུབ་དབང་ཚོགས་གཉིས་ཀྱི་སློབ་མ། གྲུབ་ཆེན་གླིང་རྗེ་རས་པ་དང་། གུ་རུ་ཐུགས་སྲས་རྒྱལ་བ་མཆོག་དབྱངས་གཉིས་ཀྱི་ཡང་སྲིད་ཡིན། +
ཉག་ལ་པདྨ་བདུདའདུལ་ (༡༨༡༦–༡༨༧༢) གྱི་དངོས་སློབ་ཅིག་ཡིན། +
དཀའ་འགྲེལ་འདི་ཡི་རྩོམ་པ་པོ་མི་གསལ་ཡང་། སློབ་དཔོན་ཞི་བ་ལྷས་མཛད་པའི་བསླབ་བཏུས་ལ་ཁུངས་གཏུགས་ནས་བྲིས་པར་མངོན། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་སོགས་དབུ་མ་རྩ་ཤེས་ཀྱི་ཕྱག་འཚལ་བའི་ཚིགས་སུ་བཅད་པ་གཉིས་ཀྱི་དོན་འགྲེལ་ནས་འགྲེལ་པའི་དབུ་བརྩམས། ལེའུ་གཉིས་པ་དང་གསུམ་པ་གཅིག་ཏུ་བྱས་པས་བརྒྱད་པ་ཤེས་རབ་ལེའུ་དང་དགུ་པ་བསྔོ་བའི་ལེའུར་གྱུར། ལེའུ་འགའ་ཞིག་རྒྱས་ལ་འགའ་ཞིག་བསྡུས་པར་བཀྲལ། བསྔོ་ལེའི་རྩ་ཚིག་བཀོད་པ་ཙམ་ལས་འགྲེལ་པ་དམིགས་བསལ་མེད། +
གཙང་རྟ་ནག་གི་སྨད་ཆར། ཐང་སྤེ་ཞེས་བྱ་བའི་ཡུལ་གྱི་ནང་ཚན་དཀྱིལ་ཁང་ཞེས་པར་སྐུ་བལྟམས། པཎ་ཆེན་བློ་བཟང་བསྟན་པའི་ཉི་མ་དང་། སྔགས་ཆེན་དཔལ་ལྡན་གྲགས་པའི་སློབ་མ་དང་། སེང་ཆེན་བློ་བཟང་བསྟན་འཛིན་དཔལ་འབྱོར། ལ་ཕྱི་བ་བློ་བཟང་ཆོས་ཀྱི་རྒྱ་མཚོ། ལྷ་ཆོས་མཁན་ཁྲི་གྲུབ་དབང་སྤྲུལ་སྐུ་བློ་བཟང་བརྩོན་འགྲུས་རྒྱ་མཚོ་སོགས་ཀྱི་བླ་མ་ཡིན། +
སྤྱི་ལོ་ ༡༨༢༣། ཤིང་ལུག་ལོར་མི་ཉག་གི་ཡུལ་དུ་འཁྲུངས། རྫ་དཔལ་སྤྲུལ་རིན་པོ་ཆེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྫོགས་ཆེན་གྲུབ་དབང་ ༤ པ་མི་འགྱུར་ནམ་མཁའི་རྡོ་རྗེ། ཨོ་རྒྱན་བསྟན་འཛིན་ནོར་བུ། གཏོར་རུ་མཁན་པོ་སྐལ་ལྡན་རྒྱ་མཚོ་བཅས་ཀྱི་སློབ་མ་དང་། མི་ཉག་མཁན་པོ་ཨ་དཔལ། གླག་བླ་བསོད་ནམས་ཆོས་གྲུབ། དགེ་བཤེས་ཨ་དཔལ། ངོར་པ་དཔོན་སློབ་བློ་གཏེར་དབང་པོ། བ་ཐུར་མཁན་པོ་ཐུབ་བསྟན་ཆོས་འཕེལ། འཇམ་དཔལ་བདེ་བའི་ཉི་མ་སོགས་ཀྱི་བླ་མ་ཡིན། +
དུས་རབས་ ༡༩ པར་བྱོན་པའི་མཁས་དབང་། དགེ་ལྡན་པའི་གདན་ས་འབྲས་སྤུངས་བློ་གསལ་གླིང་གི་ཁོངས་གཏོགས་ཤིག་ཡིན། ཀུན་མཁྱེན་འཇམ་མགོན་མི་ཕམ་རྒྱ་མཚོས་ (༡༨༤༦-༡༩༡༢) སྤྱོད་འཇུག་ཤེར་ལེ་ནོར་བུ་ཀེ་ཏ་ཀ་སོགས་སུ། དབུ་མའི་ལྟ་གྲུབ་དང་སྟོང་ཉིད་ཀྱི་ལྟ་བའི་ཐད། གཞན་ལུགས་དགག་གཞག་མཛད་པ་ལ། ཁོང་གིས་རྩོད་ལན་བློ་དམན་སྙིང་གི་གདུང་སེལ་ག་བུར་ཐིགས་པའི་སྤུན་ཟླ་ཞེས་བྱ་བའི་བརྒལ་ལན་གྱི་བསྟན་བཅོས་འདི་བཞིན་བརྩམས། +
ཨ་མདོ་བླ་བྲང་བཀྲིས་འཁྱིལ་ནས་ཡིན་པའི་རི་བོ་དགེ་ལྡན་པའི་མཁས་དབང་གྲགས་ཆེན་ཞིག་ཡིན། སྤྱི་ལོ་ ༡༨༤༠ ལོར་ཨ་མདོ་དཔའ་རི་རྫོང་དུ་སྐུ་བལྟམས། ༧རྒྱལ་མཆོག་སྐུ་ཕྲེང་ ༡༣ པའི་ཡོངས་འཛིན་མཛད། ཨ་མདོ་ཞྭ་དམར ༠༤ པ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་ཆོས་གྲོགས་ཐུགས་ཉེ་བ་ཞིག་ཡིན། ཁོང་གིས་ཀུན་མཁྱེན་འཇམ་མགོན་མི་ཕམ་རྒྱ་མཚོས་ (༡༨༤༦-༡༩༡༢) མཛད་པའི་སྤྱོད་འཇུག་ཤེས་རབ་ལེའུའི་འགྲེལ་པ་ནོར་བུ་ཀེ་ཏ་ཀ་ལ་ཀླན་ཀ་བགྱིས་པའི་རྩོད་པ་དང་རྩོད་ལན་གྱི་གླེགས་བམ་རྒྱས་བསྡུས་བཞི་ཙམ་སྔ་ཕྱིར་བྲིས། +
མཚོ་སྔོན་ཧར་གེར་འཁྲུངས། སྐུ་འབུམ་དུས་འཁོར་གྲྭ་ཚང་དང་། སྐུ་འབུམ་སྨན་པ་གྲྭ་ཚང་གཉིས་ཀྱི་སློབ་དཔོན་གཙོ་བོའི་ཐུགས་འགན་བཞེས། ཤིང་ཟ་པཎྜི་ཏ་བློ་བཟང་བསྟན་པའི་དབང་ཕྱུག་དང་། ཉཱ་སྐྱ་ལྷ་རམས་པ་གཉིས་བླ་མར་བསྟེན། ཡང་ཀྱཱ་ཞབས་དྲུང་ངག་དབང་བློ་བཟང་ཚུལ་ཁྲིམས་ཕུན་ཚོགས་ཁོང་གི་སློབ་མ་ཡིན། +
དཔལ་ཇོ་ནང་པའི་མཁས་གྲུབ་གཉིས་ལྡན་གྱི་མཁས་པ་གྲགས་ཆེན་ནང་གི་གཅིག་ཡིན། བསྟི་གནས་གཙོ་བོ་འཛམ་ཐང་དུ་མཛད། རྒྱ་གར་གི་སློབ་དཔོན་ཟླ་བ་གྲགས་པ། གྲུབ་ཆེན་ནཱ་རོ་པ། ཇོ་ནང་གོང་མ་ཏཱ་ར་ནཱ་ཐ་དང་རྗེ་བཙུན་ཀུན་དཀའ་གྲོལ་མཆོག་བཅས་ཀྱི་རྣམ་སྤྲུལ་ཡིན་པར་གྲགས། +
སྔ་འགྱུར་རྙིང་མའི་རྩོམ་པ་པོ་མཁས་པ་མཚན་སྙན་ཅན་ཞིག་ཡིན། ཁོང་གི་ཐུགས་བསྐྱེད་ལས་སྔ་འགྱུར་རྙིང་མའི་ཕྱོགས་སུ་གཞུང་ལུགས་དགོངས་འགྲེལ་ལ་འཆད་རྩོད་རྩོམ་པའི་སྲོལ་བཟང་ཚུགས། མདོ་ཁམས་སུ་གནས་གཞི་མཛད། རིས་མེད་རིང་ལུགས་བདག་གིར་བཞེས་པའི་བཀའ་བརྒྱུད་ཀྱི་མཁས་དབང་འཇམ་མགོན་ཀོང་སྤྲུལ་དང་། ས་སྐྱའི་མཁས་དབང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་སོགས་པ་སློབ་མ་ཁྱད་པར་ཅན་མང་པོ་བསྐྱངས། +
ངོར་ཐར་རྩེ་དགོན་ནས་ཡིན་པའི་ས་སྐྱའི་བླ་མ་རིས་མེད་རིང་ལུགས་འཛིན་པ་རྩ་ཆེ་ཞིག་ཡིན། འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་ལུང་རྟོགས་བསྟན་པའི་ཉི་མ་གཉིས་ཀྱི་སློབ་མ་དང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། གཞན་ཕན་ཆོས་ཀྱི་སྣང་བ། ཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་རྣམས་ཀྱི་བླ་མ་ཡིན། +
རྒྱ་སྤྲུལ་དང་པོ་མདོ་སྔགས་བསྟན་འཛིན། དཔལ་ཡུལ་ཀརྨ་སྐུ་ཆེན་སྐུ་ཕྲེང་གསུམ་པ། ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ་བཅས་ཀྱི་སློབ་མ་ཞིག་ཡིན། +