Property:TmlnDescriptionTib
From Bodhicitta
This is a property of type Text.
T
དཀོན་མཆོག་འབྱུང་གནས་ཀྱི་སློབ་མ་ཡིན། ཁོང་ལ་སློབ་མ་སེངྒེ་བ་རྒྱལ་བའི་རྡོ་རྗེ་ཞེས་པ་ཞིག་ཡོད་པར་གྲགས། +
བོད་ཀྱི་འདུལ་བའི་འགྲེལ་བྱེད་མཁས་པ་རྩེ་གྲས་ནང་ནས་གཅིག་ཡིན། དུས་རབས་ ༡༣ པའི་སྟོད་ཙམ་ལ། དེང་དུས་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་ལམ། མོན་ཡུལ་གྱི་གྲོང་ཁྱེར་རྟ་དབང་གི་བྱང་དུ་ཡོད་པའི་ས་གནས་མཚོ་སྣ་ཞེས་པར་སྐུ་ཁྲུངས། +
སྐྱིད་སྟོན་ཤཀྱཱ་འབུམ། མཆོག་ལྡན་ལེགས་པའི་བློ་གྲོས། བྱང་སེམས་རྒྱལ་བ་ཡེ་ཤེས་དང་རོང་པ་ཤེས་རབ་སེངྒེའི་སློབ་མ་དང་། ཀུན་མཁྱེན་དོལ་པོ་པ་དང་རྒྱལ་བ་ཀློང་ཆེན་པའི་བླ་མ་ཞིག་ཡིན། +
གཙང་དུ་ཁྲོ་ཕུ་ཞེས་པའི་ས་ཁུལ་དུ། ཤབ་སྨད་སྒོམ་གནས་ཞེས་པའི་དགོན་པ་དང་འབྲེལ་བའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། ཇོ་ནང་གི་མཁན་ཐོག་ལྔ་པ་ཕྱོགས་ལས་རྣམ་རྒྱལ་ (༡༣༠༦-༡༣༨༦)། བཅུ་གཉིས་གསར་མ་གྲགས་པ་ཤེས་རབ་ (༡༣༡༠-༡༣༧༠)། གངས་དཀར་བླ་མ་གཉིས་པ་རིན་ཆེན་བཟང་པོ་ (༡༣༡༧-༡༣༨༣) དང། བུ་སྟོན་རང་ཉིད་ཀྱི་རྗེས་སུ་ཞྭ་ལུའི་མཁན་པོ་མཛད་པའི་བླ་མ་གྲགས་པ་རྒྱལ་མཚན་ (༡༣༦༥-༡༤༤༨) སོགས་རང་དང་དུས་རབས་མཉམ་པའི་མཁས་དབང་འབུར་དུ་ཐོན་པ་མང་པོ་ཞིག་གི་བླ་མ་ཡིན། +
ཀུན་མཁྱེན་དོལ་པོ་པའི་སློབ་མ་གཙོ་བོ་བཅུ་བཞིའི་ནང་ནས་གཅིག་ཡིན། མདོ་སྔགས་སྤྱི་དང་། བྱེ་བྲག་བྱམས་ཆོས་སྡེ་ལྔ་དང་དུས་འཁོར་གྱི་རྒྱུད་ལ་མཁས་པར་བསྔགས། དུས་འཁོར་གྱི་རྒྱུད་དང་འགྲེལ་ཆེན་དྲི་མེད་འོད་ཀྱི་འགྱུར་ལ་བསྐྱར་བཅོས་རྫོགས་པར་མཛད། སྐུ་ཚེའི་སྨད་དུ་ས་བཟང་དགའ་ལྡན་དགོན་པར་གདན་བཞུགས་ཀྱིས་འཆད་ཁྲིད་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། +
ཁོང་ནི་ས་སྐྱ་ཕུལ་བྱུང་བྲག་སྐྱར་སྐུ་འཁྲུངས། རིན་ཆེན་བཀྲ་ཤིས་དཔལ་འབར། རིན་ཆེན་དཔལ་བཟང་། རིན་ཆེན་རྡོ་རྗེ། ཀུན་དགའ་རྒྱལ་མཚན། གཞོན་ནུ་རྒྱལ་མཚན། བྱང་སེམས་རིན་ཆེན། ནམ་མཁའ་བསོད་ནམས། བསོད་ནམས་གྲགས་པ། རིན་ཆེན་བསོད་ནམས་གྲགས་པ། ཤེས་རབ་འབུམ་བཅས་ཀྱི་སློབ་མ་དང་། འགྲོ་མགོན་དཔལ་ལྡན་ཡེ་ཤེས། རེད་མདའ་བ་གཞོན་ནུ་བློ་གྲོས། འཇམ་དབྱངས་དོན་ཡོད་རྒྱལ་མཚན། གཉག་ཕུ་བ་བསོད་ནམས་བཟང་པོ། རྒྱལ་བ་རིན་ཆེན། བྱང་ཆུབ་རྩེ་མོ། སངས་རྒྱས་དཔལ། ཚུལ་ཁྲིམས་དཔལ་བ། སངས་རྒྱས་རིན་ཆེན་རྒྱལ་མཚན། ནམ་མཁའ་རྣལ་འབྱོར། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་བཅས་ཀྱི་བླ་མ་ཡིན། +
སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱི་སློབ་མ། སྣར་ཐང་དགོན་གྱི་མཁན་རབས་བརྒྱད་པ་ཡིན། +
ཀུན་མཁྱེན་དོལ་པོ་པའི་སློབ་མ་གཙོ་བོ་བཅུ་བཞིའི་ནང་ནས་གཅིག་ཡིན། ལེགས་སྦྱར་གྱི་སྐད་ལ་མཁས་ཤིང་། དུས་འཁོར་གྱི་རྒྱུད་དང་འགྲེལ་ཆེན་དྲི་མེད་འོད་གཉིས་གསར་དུ་རྫོགས་པར་བསྒྱུར། ཀུན་མཁྱེན་དོལ་པོ་པས་རང་ཉིད་ཀྱི་རྒྱལ་ཚབ་དང་། ཇོ་ནང་གི་གདན་སའི་ཁྲི་འཛིན་ལྔ་པར་མངའ་གསོལ་མཛད། ཇོ་ནང་ལུགས་ཀྱི་མཆོད་རྟེན་གྱི་ཐིག་རྩ་དང་བཟོ་བཀོད་སྒྱུ་རྩལ་སོགས་ལ་གནད་ཆེའི་ཁ་སྣོན་ཡང་རྒྱ་ཆེར་མཛད། +
སློབ་དཔོན་འདི་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བླ་མ་ཡིན་ལ། བོད་དུ་བླ་མ་གསེར་གླིང་པ་ཞེས་ཡོངས་སུ་གྲགས་པ་ཡིན། +
གསང་ཕུ་སྣེ་ཐོག་དགོན་དུ་གཏོགས་པའི་བཀའ་གདམས་པའི་མཁས་དབང་ཞིག་ཡིན། བྱམས་ཆོས་སྡེ་ལྔ་ལ་མཁས་པར་གྲགས། ཀུན་མཁྱེན་དོལ་པོ་བ་དང་མཁས་མཆོག་བུ་སྟོན་གཉིས་དང་དུས་མཉམ་དང་། ས་སྐྱའི་མཁས་དབང་གཡག་སྡེ་པཎ་ཆེན་དང་། རྒྱལ་བ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་གཉིས་ཀྱི་བླ་མ་ཡིན། +
རིན་ཆེན་བཟང་པོའི་སློབ་དཔོན། གངས་དཀར་བླ་མ་གཉིས་པ་ཡིན། (༡༣༡༧ ལ་འཁྲུངས། ༡༣༨༣ ལ་འདས།) +
རྩོམ་པ་པོ་འགངས་ཆེན་ཞིག་ཡིན་རུང་། རྩོམ་ཡིག་མང་པོ་ཞིག་པར་སྐྲུན་ཞུ་རྒྱུ་བྱུང་མེད། རྒྱལ་རབས་གསལ་བའི་མེ་ལོང་ངམ། མཚན་བསྡུས་པར་གསལ་བའི་མེ་ལོང་ཞེས་པ་དེ་ནི་ཁོང་གི་རྩོམ་ཡིག་གྲགས་ཆེ་བ་ཞིག་ཡིན། རྒྱུད་སྡེ་སྤྱི་དང་། བྱེ་བྲག་དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་གསུང་རྩོམ་དུ་མ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྡུས་དོན་དང་རྣམ་བཤད་ཀྱང་མཛད་ཡོད། +
མཆིམས་བློ་བཟང་གྲགས་པ་དང་གཞོན་ནུ་སེངྒེའི་སློབ་མ་དང་། སྙན་གྲགས་བཟང་པོ། མཁན་ཆེན་གྲུབ་པ་ཤེས་རབ། སྙག་ཕུ་བ་བསོད་ནམས་དབང་ཕྱུག རི་ཁྲོད་པ་བསོད་ནམས་རྒྱ་མཚོ། ཙོང་ཁ་པ་བློ་བཟང་གྲགས་པ་བཅས་ཀྱི་དགེ་བའི་བཤེས་གཉེན་ཡང་ཡིན། +
བོད་མདོ་སྨད་ཨ་མདོ་ཙོང་ཁའི་ཡུལ་དུ་སྐུ་བལྟམས། དབུས་གཙང་གི་མཁས་པ་ལྔ་བཅུ་ལྷག་གི་ཞབས་ལ་བཏུགས་ནས་གསན་བསམ་རྒྱ་ཆེར་མཛད། བོད་རྒྱུད་ནང་བསྟན་གྱི་ཡ་གྱལ་དཔལ་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་བྱེད་ཡིན། +
སྤྱི་ལོ་ ༡༣༦༢ སམ་ ༡༣༦༤ གང་རུང་ལ་གཙང་གི་མྱང་སྟོད་རི་ནང་ཞེས་པའི་སར་སྐུ་བལྟམས། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། རིན་ཆེན་རྒྱལ་མཚན། རིན་ཆེན་རྡོ་རྗེ། རེད་མདའ་བ་གཞོན་ནུ་བློ་གྲོས་བཅས་ཀྱི་དངོས་སློབ་ཡིན། ཕྱི་ལོ་༡༤༡༩ ལོར་རྗེ་ཙོང་ཁ་པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་པའི་རྗེས་སུ་ཁོང་དགའ་ལྡན་དགོན་པའི་མཁན་པོར་མངའ་གསོལ་ཞིང་། སྐུའི་བཀོད་པ་མ་བསྡུས་ཀྱི་བར་དགའ་ལྡན་ཁྲི་པ་ཞེས་ཡོངས་སུ་གྲགས་པའི་མཚན་གནས་དང་འགན་དབང་བདག་གིར་བཞེས། +
མཚན་གཞན་རོང་སྟོན་སྨྲ་བའི་སེངྒེར་ཡང་གྲགས། དཔལ་ལྡན་ས་སྐྱ་པའི་མཁས་པ་གངས་ཅན་མཛེས་པའི་རྒྱན་དྲུག་གི་ཁོངས་ནས་གཉིས་པར་བགྲངས། ཁྱད་པར་མདོ་ཕྱོགས་ལ་མཁྱེན་པ་ཕུལ་དུ་ཕྱིན་པར་བསྔགས། ཐོག་མར་གསང་ཕུ་ནེའུ་ཐོག་ཏུ་གསན་སྦྱངས་མཛད་རྗེས་དེ་ཉིད་དུ་འཆད་ཁྲིད་ཀྱང་མཛད། སྤྱི་ལོ་ ༡༤༣༦ ལོར་ཆོས་གྲྭ་ཆེན་པོ་འཕན་ཡུལ་ན་ལེནྡྲ་ཕྱག་བཏབ། +
བོ་དོང་པའི་གདན་ས་ཨེ་ཆོས་ཀྱི་འབྱུང་གནས་དགོན་གྱི་མཁན་རབས་ཉེར་གསུམ་པ་ཡིན། དེ་ཉིད་འདུས་པའི་མན་ངག་སོགས་གསུང་རྩོམ་པོད་བརྒྱ་ཕྲག་ལྷག་བཞུགས། རྗེ་ཙོང་ཁ་པའི་སློབ་མ་རྒྱལ་བ་དགེ་འདུན་གྲུབ་(ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་)དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ཀྱི་ཡོངས་འཛིན་ཡང་ཡིན། +
སྤྱི་ལོ་ ༡༣༨༢ ལོར་དཔལ་ས་སྐྱ་དགོན་དུ་འཁྲུངས། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། སངས་རྒྱས་དཔལ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ཀུན་དགའ་རྒྱལ་མཚན། སྐྱབས་མཆོག་དཔལ་བཟང་དང་བཀྲ་ཤིས་རིན་ཆེན་སོགས་ཀྱི་དངོས་སློབ་དང་། ངོར་མཁན་ཆེན་བརྒྱད་པ་མུས་ཆེན་སངས་རྒྱས་རིན་ཆེན་སོགས་ཀྱི་ཡོངས་འཛིན་ཡིན། +
མཁས་གྲུབ་རྗེའི་སློབ་མ་གཙོ་བོའི་ནང་ནས་གཅིག་དང་། རི་བོ་དགེ་ལྡན་པའི་མཁས་པ་སྔ་རབས་པའི་གྲས་ཤིག་ཡིན། གཞུང་ལུགས་རབ་འབྱམས་ལ་གསན་སྦྱོང་སློབ་གཉེར་རྒྱ་ཆེར་མཛད་པས། སྐུ་ན་གཞོན་དུས་ནས་མཁས་པའི་གྲགས་པ་ཐོབ། +
རྒྱ་གར་འཕགས་པའི་ཡུལ་གྱི་སློབ་དཔོན་ཆེན་པོ་དང་མཁས་པ་གྲགས་ཅན་ཞིག་ཡིན་ལ། ཝི་ཀྲ་མ་ཤཱི་ལ་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་གཙོ་བོ་ཞིག་ཀྱང་ཡིན། དེར་མ་ཟད་རྒྱུན་དུ་དགོན་པའི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་བྱེད་པ་དང་། ཆོས་འཆད་དང་སློབ་ཁྲིད་སྐབས་དག་གཙང་ལ་བསྔགས་བརྗོད་ཕུལ་བཞིན་ཡོད། མི་་ལོ་ངོ་བཅུ་ཕྲག་ལྷག་ཙམ་བོད་དུ་བཞུགས་པ་དང་་། ཁོང་གི་སློབ་མ་རྣམས་ཀྱིས་བོད་དུ་བཀའ་གདམས་པའི་ཆོས་བརྒྱུད་དབུ་བཙུགས་མཛད་ཡོད། +