Property:TmlnDescriptionTib
From Bodhicitta
This is a property of type Text.
B
འཆད་ཁ་བ་ཡེ་ཤེས་རྡོ་རྗེའི་བློ་སྦྱོང་དོན་བདུན་མ་དེ། ཀན་ མེཀ་ལོཌ་ནས་ཐོག་མར་དབྱིན་སྐད་དུ་འགྱུར་ཞིང་། དེའི་རྗེས་སུ་འགྱུར་གཞན་མང་དུ་བྱུང་། +
དགེ་བཤེས་ངག་དབང་དར་རྒྱས་དང་ཨེ་ལེཀས་ཛན་དར་ བར་ཟིན་སོགས་ནས་ རྒྱལ་སྲས་ལག་ལེན་སོ་བདུན་མ་ཐོག་མར་དབྱིན་སྐད་དུ་འགྱུར་ཞིང་། དེའི་རྗེས་སུ་འགྱུར་གཞན་མང་དུ་བྱུང་། +
འབྲུག་གི་རྗེ་མཁན་རེ་དགུ་པ་དགེ་འདུན་རིན་ཆེན་གྱིས་སྐྱབས་འགྲོ་དང་སེམས་བསྐྱེད། སྡོམ་གསུམ། བྱང་སྡོམ་བླང་ཆོག་དང་གཞུང་གི་འགྲེལ་པ་རྣམས་མཛད། +
ཧེལ་མུཊ་ ཨའི་མར་གྱིས་དཔེ་སྡུར་དང་དཔྱད་ཞིབ་བྱས་ཏེ་ཇོ་བོ་རྗེའི་བྱང་ཆུབ་ལམ་གྱི་སྒྲོན་མ་དཔེ་སྒྲིག་ཇར་མན་སྐད་དུ་སྐད་འགྱུར་མཛད། +
ས་སྐྱའི་མཁན་པོ་ཀུན་དགའ་དབང་ཕྱུག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། དབུ་མ་སྙིང་པོ། བློ་སྦྱོང་དོན་བདུན་མ་ལ་སོགས་པའི་འགྲེལ་པ་མཛད། +
ཀྲིས་ཤན་ ལིནཊ་ནར་གྱིས་བྱང་ཆུབ་སེམས་ཀྱི་འགྲེལ་པ་དབྱིན་སྐད་དུ་ཐོག་མར་འགྱུར་བ་དང་། དེའི་རྗེས་སུ་སྤྱི་ལོ་ ༢༠༠༧ ཐུབ་བསྟན་སྦྱིན་པས་བསྒྱུར། +
T
ཉམས་རྟོགས་ཕུལ་དུ་བྱུང་ཞིང་འཕགས་ཡུལ་བསྟན་འཛིན་ཀུན་གྱི་གཙུག་རྒྱན་ལྟ་བུའི་སློབ་དཔོན་ཆེན་པོ་ཞི་བ་ལྷའི་སྐུ་ཚེའི་མཛད་རྣམ་དང་ཞལ་གདམས་རྣམས་ནི། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་། དྲན་ཤེས་བག་ཡོད། གཏོང་སེམས། བཟོད་བསྒོམ། ཞི་ལྷག་སོགས་རྒྱལ་བའི་སྲས་ཀྱི་ལག་ལེན་ལ་འཇུག་པར་སྐྱེ་འགྲོ་ཡོངས་ལ་མིག་དཔེ་བླ་ན་མེད་པ་ཞིག་ཡིན། སློབ་དཔོན་གྱིས་བསྟན་བཅོས་ཆེན་པོ་གསུམ་བརྩམས་པར་གྲགས་ཀྱང་། ད་ལྟར་མཇལ་རུང་བ་ནི། ལེའུ་བཅུ་ལ་ཚིགས་བཅད་དགུ་བརྒྱ་ལྷག་ཙམ་ཡོད་པའི་སྤྱོད་འཇུག་དང་། མདོའི་ལུང་ཁུངས་རྒྱས་པར་བཀོད་པའི་བསླབ་བཏུས་གཉིས་ཡིན། གཞུང་བཟང་འདི་གཉིས་ཀྱི་བཤད་སྒྲུབ་ལ་བརྟེན་ནས་འཕགས་ཡུལ་ཙམ་མ་ཟད་བོད་ཀྱི་ཆོས་བརྒྱུད་ཡོངས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད། +
འདིའི་རྩོམ་པ་པོའི་མཚན་མི་གསལ་ཡང་། ཤེས་རབ་ལེའུའི་ཚིགས་བཅད་རེ་རེ་བཞིན་འགྲེལ་བཤད་དང་། ལྷག་པར་ལེའུའི་དཀའ་གནད་རྣམས་ལ་འགྲེལ་བཤད་དམིགས་བསལ་ཞིབ་རྒྱས་མཛད་ཡོད། +
སྤྱི་ལོ་ ༡༠༧༣ ལོར་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱག་བཏབ་པའི་བཀའ་གདམས་པའི་ཆོས་གྲྭ་ཆེན་པོ་གསང་ཕུ་ནེའུ་ཐོག་གི་མཁན་རབས་དྲུག་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ཀརྨ་པ་དང་པོ་དུས་གསུམ་མཁྱེན་པ་དང་། ས་སྐྱའི་གདན་འཛིན་བསོད་ནམས་རྩེ་མོ་སོགས་ཡིན། +
བླ་མ་ཁྱུང་རིན་ཆེན་གྲགས། གངས་པ་ཤེའུ་བློ་གྲོས་བྱང་ཆུབ། ལྷ་རྗེ་ཟླ་བ་འོད་ཟེར། ལྷོ་པ་དཀོན་མཆོག་དཔལ་བཅས་ཀྱི་སློབ་མ་རྩ་ཆེན་ཞིག་དང་། ཀརྨ་པ་དུས་གསུམ་མཁྱེན་པ། ཕག་གྲུ་རྡོ་རྗེ་རྒྱལ་པོ། ཅོག་རོ་ཆོས་ཀྱི་རྒྱལ་མཚན། ཞང་བལ་ཚལ་པ། སྐྱི་མཁར་ལྷ་ཁང་བ་སོགས་ཀྱི་བླ་མ་ཡིན། +
ལ་སྟོད་དཀོན་མཆོག་མཁར་གྱི་སློབ་མ་ཡིན། ནེ་རིང་གི་མཁན་པོ་ཡང་མཛད། +
ས་ཆེན་ཀུན་དགའ་སྙིང་པོའི་གདུང་སྲས་དང་། དཔལ་ལྡན་ས་སྐྱ་པའི་གདུང་འཛིན་མེས་པོ་གོང་མ་རྣམ་ལྔ་ལས་གཉིས་པ་ཡིན། +
དཔལ་ལྡན་ས་སྐྱ་བའི་བསྟན་པའི་སྲོལ་བྱེད་གོང་མ་རྣམ་ལྔ་ལས་གསུམ་པ་དང་། ས་སྐྱ་འཁོན་གདུང་། ཁྲི་འཛིན་ལྔ་པ་ཡང་ཡིན། +
ཕྱྭ་པ་ཆོས་ཀྱི་སེང་གེ། ཉང་བྲན་པ་ཆོས་ཀྱི་ཡེ་ཤེས། ཁ་མོ་ཟེའུ་པ་བཅས་ཀྱི་སློབ་མ་དང་། གྲོ་སྟོན་བདུད་རྩི་གྲགས་དང་མ་མདུན་པ་གཉིས་ཀྱི་བླ་མ་ཡིན། +
སྤྱི་ལོ་ ༡༡༢༧ ལོར་གཙང་དུ་འཁྲུངས། བཀའ་གདམས་པའི་བླ་མ་ཤ་ར་བ་ཡོན་ཏན་གྲགས་ (༡༠༧༠–༡༡༤༡) དང་། དེའི་སློབ་མ་གཏུམ་སྟོན་བློ་གྲོས་གྲགས་པ་ (༡༡༠༦–༡༡༦༦) གཉིས་ཀྱི་སློབ་མ་ཡིན། སྤྱི་ལོ་ ༡༡༥༣ ལོར་ཉིད་ཀྱི་བླ་མ་གཏུམ་སྟོན་བློ་གྲོས་གྲགས་པས་གཙང་དུ་སྣར་ཐང་དགོན་པ་ཕྱག་བཏབ་སྐབས་ཕྱག་ཕྱི་ཞབས་ཞུ་བ་མཛད། +
དུས་རབས་ ༡༢-༡༣ པའི་ནང་བྱོན་པའི་རྒྱ་གར་གྱི་མཁས་པ། ཉིད་ཀྱི་བླ་མ་ཤཱཀྱ་ཤྲཱི་བྷ་དྲ་ལྟར་བོད་དུ་མཛད་ཕྲིན་སྐྱོང་མཁན་ཞིག་ཡིན། +
བོད་དབུས་ཀྱི་ས་གནས་རྟ་ནག་ཡང་དུ་སྐྱོད་ཞེས་པའི་གདུང་རིགས་སུ་ཕྱི་ལོ་ ༡༢༡༩ ལོར་འཁྲུངས། སྣར་ཐང་དགོན་པའི་མཁན་ཐོག་དྲུག་པ་སངས་རྒྱས་སྒོམ་པ་སེང་གེ་སྐྱབས་ (༡༡༧༩–༡༢༥༠) དང་། མཁན་ཐོག་བདུན་པ་མཆིམས་ནམ་མཁའ་གྲགས་ (༡༢༡༠–༡༢༨༥) གཉིས་ཀྱི་དྲུང་ནས་བཀའ་གདམས་པའི་ཆོས་འཁོར་ཡོངས་རྫོགས་གསན་སྦྱང་མཛད། +
ཁོང་ནི་དཔལ་ལྡན་ཟླ་བ་གྲགས་པའི་བརྒྱུད་པར་གཏོགས་པའི་རྒྱ་གར་གི་དབུ་མའི་སློབ་དཔོན་གྲགས་ཅན་ཞིག་ཡིན། +
མཁན་པོ་གྲགས་པ་འབུམ། མཁན་ཆེན་བདེ་བ་དཔལ། སློབ་དཔོན་ཐུགས་རྗེ་དཔལ་བཟང་། སློབ་དཔོན་ཆོས་ལྡན་དཔལ་བཟང་རྣམས་ཀྱིས་སློབ་མ་དང་། ཇོ་གདན་མཁན་པོ་བསོད་ནམས་གྲགས་པ། བུ་སྟོན་རིན་ཆེན་གྲུབ། ཞང་སྟོན་རྒྱ་བོ་བསོད་ནམས་གྲགས་སོགས་ཀྱི་བླ་མ་ཡིན། +
ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ (༡༡༨༢–༡༢༥༡) གྱི་དངོས་སློབ་ཡིན་ཞིང་། ས་སྐྱ་པཎྜི་ཏ་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལྗག་ཁྲིད་ཞིབ་ཕྲ་གསན་ནས། པཎྜི་ཏའི་གསུང་གི་སྙིང་དོན་ཟིན་བྲིས་ཀྱི་ཚུལ་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་ཞིག་མཛད། +