| Author | Khu_nu_bla_ma_bstan_'dzin_rgyal_mtshan |
|---|---|
| Display name | Khunu Lama Tenzin Gyaltsen |
| Page | Khunu Lama Tenzin Gyaltsen |
| Sort date | 1895 |
| Date | b. 1894-95 |
| Description | Teacher of His Holiness the 14th Dalai Lama, especially influential for the Bodhicharyavatara. |
| Description Tibetan | ཧི་མ་ལ་ཡའི་རི་རྒྱུད་ཁུ་ནུ་ཞེས་པའི་ཡུལ་ལྗོངས་སུ་སྤྱི་ལོ ༡༨༩༥ ལོར་སྐུ་འཁྲུངས། སྐུ་ན་གཞོན་དུས་སློབ་གཉེར་ཆེད་བོད་དུ་བྱོན། གུ་གེ་ཡོངས་འཛིན། བཀའ་ཆེན་སངས་རྒྱས་དཔལ་བཟང་། ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། ཨ་འཛོམ་འབྲུག་པ་རྒྱལ་སྲས་འགྱུར་མེད་རྡོ་རྗེ། ཀ་ཐོག་མཁན་ཆེན་ངག་དབང་དཔལ་བཟང་། རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དཔལ་སྤུངས་སི་ཏུ་པདྨ་དབང་མཆོག་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས། མདོ་སྔགས་དགོངས་འགྲེལ་དང་བཅས་པར་ཐོས་བསམ་གཏིང་ཟབ་མཛད་པས་མཁས་གྲུབ་གཉིས་ལྡན་དུ་གྱུར། སུམ་རྟགས་དང་སྙན་ངག་ལེགས་སྦྱར་སོགས་ཀྱང་མཁས་པར་མཁྱེན། བོད་ནས་རང་ཡུལ་དུ་གདན་འཁོར་རྗེས་འཆད་ཁྲིད་དང་ཉམས་ལེན་གཙོ་བོ་སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་ལ་མཛད་པས། སེམས་དཔའ་ཆེན་པོ་ཁུ་ནུ་བླ་མ་ཞེས་མཚན་གྱི་སྙན་པ་ཕྱོགས་མཐར་རྒྱས། ༧རྒྱལ་དབང་༡༤ པ་བསྟན་འཛིན་རྒྱ་མཚོས་ཀྱང་སྤྱོད་འཇུག་གི་ཁྲིད་ལུང་ཁོང་གི་དྲུང་ནས་ཞུས། བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོན་མེ། ཁྱད་པར་འཕགས་བསྟོད་ཀྱི་རྩ་འགྲེལ། མི་རྟག་པའི་གཏམ་གློག་གི་ཟློས་གར། ཀ་བཤད་བུང་བའི་གླུ་སོགས་ལེགས་བཤད་མང་པོ་བརྩམས། འབྲི་གུང་གཏེར་སྒྲོམ་མཁའ་འགྲོ་ཤེས་རབ་མཐར་ཕྱིན། ལྕགས་ལུང་ཇོ་མོ་བསྟན་འཛིན་སྒྲོལ་མ། དགེ་སློང་ཆོས་བཟང་། དྲུང་ཡིག་ཀ་ལུ། བཙུན་མ་བསྟན་འཛིན་བཟང་མོ་སོགས་ཆོས་ལུགས་རིས་མེད་ཀྱི་བླ་སློབ་སེར་སྐྱ་མང་པོས་དགེ་བའི་བཤེས་གཉེན་དུ་བསྟེན། |
| Text title | Byang chub sems kyi bstod pa rin chen sgron ma |
| External images | File:Khunu_Lama.jpeg |
| External link | https://fpmt.org/wp-content/uploads/mandala/archives/mandala-for-2015/july/the_great_kindness_of_khunu_lama_rinpoche.pdf |