| Author | Ngag dbang kun dga' dbang phyug |
|---|---|
| Display name | Ngawang Kunga Wangchuk |
| Page | Ngawang Kunga Wangchuk |
| Sort date | 1921 |
| Date | 1921–2008 |
| Description | Celebrated contemporary Sakya scholar who held the office of abbot of Dzongsar Monastery. |
| Description Tibetan | སྤྱི་ལོ་༡༩༢༡ ལོར་བོད་མདོ་ཁམས་སུ་འཁྲུངས། ཁམས་བྱེ་རྫོང་སར་བཤད་གྲྭར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། མཁན་པོ་ཐུབ་བསྟན་རྒྱལ་མཚན་སོགས་ཀྱི་ཞལ་སྔ་ནས་རྡོ་རྗེ་རྣལ་འབྱོར་མའི་ཆོས་བཀའ་ཡོངས་རྫོགས་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་གདམས་ཟབ། གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་གསན་སྦྱོང་མཐར་ཕྱིན་པ་མཛད། སྤྱི་ལོ་༡༩༤༥ ནས་ལོ་ལྔ་རིང་རྫོང་སར་བཤད་གྲྭའི་སྐྱོར་དཔོན་མཛད། དེ་ནས་རིམ་བཞིན་མདོ་སྲིབ་དགོན་གྱི་འགན་འཛིན་དང་མཁན་པོ་དང་། ཝ་རྭ་དགོན་གྱི་བཤད་གྲྭའི་མཁན་པོ་སོགས་མཛ། སྤྱི་ལོ་༡༩༨༢ ལོར་རྒྱ་གར་དུ་བྱོན། རྫོང་སར་མཁྱེན་བརྩེའི་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་དགོང་པ་བཞིན་འབྲས་ལྗོངས་གནས་ནང་དུ་རྫོང་སར་བཤད་གྲྭ་བཙུགས། སྤྱི་ལོ་༡༩༨༥ ལོར་བཤད་གྲྭ་དེ་ཉིད་རྒྱ་གར་ནུབ་བྱང་ཧི་མ་ཅལ་མངའ་སྡེ་ཁོངས་གཏོས་སྦིར་དུ་བཤད་གནས་སྤོས་ནས་སྤྱི་ལོ་༢༠༠༨ ལ་དགོངས་པ་མ་རྫོགས་བར་འཆད་རྩོད་རྩོམ་གསུམ་གྱིས་རིས་མེད་བསྟན་པ་སྤེལ་བའི་མཁས་དབང་ཆེན་པོ་ཞིག་ཡིན། |
| Text title | Byang chub sems dpa'i spyod pa la 'jug pa zhes bya ba'i 'grel pa |
| External images | File:Kunga Wangchuk.jpg |
| External link | https://buddhanature.tsadra.org/index.php/People/Ngag_dbang_kun_dga%27_dbang_phyug |