| Author | Lam rim pa ngag dbang phun tshogs |
|---|---|
| Display name | Lamrimpa Ngawang Puntsok |
| Page | Lamrimpa Ngawang Puntsok |
| Sort date | 1922 |
| Date | 1922–1997 |
| Description | A student of the Second Pabongkha, Dechen Nyingpo, and Tenzin Trinle Kunkhyen. |
| Description Tibetan | སྤྱི་ལོ་༡༩༢༢ ལོར་རྒྱལ་ཐང་རྫོང་། རོང་ཡུལ་ནགས་སྟེར་བྱ་བར་འཁྲུངས། མཁས་གྲུབ་ཨ་བུ་རྡོ་རྗེ་འཆང་བསྟེན་ཅིང་སྒྲུབ་པས་མཉེས་པར་མཛད། གུང་ལོ་ཉེར་གཉིས་པར་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་བཞུགས་ཀྱིས་འཕགས་བོད་གཞུང་ཆེན་ཁག་ལ་གསན་སྦྱོང་དཔྱིས་ཕྱིན་པ་མཛད། ཕ་བོང་ཁ་པ་གཉིས་པ་བདེ་ཆེན་སྙིང་པོ་དང་། བསྟན་འཛིན་ཕྲིན་ལས་ཀུན་མཁྱེན་རྣམས་ཀྱང་བླ་མར་བསྟེན། གསང་སྔགས་ཕོ་བྲང་དང་། བྲག་རི་རི་ཁྲོད། དགོན་གསར་རི་ཁྲོད་སོགས་ལ་སྒོམ་སྒྲུབ་མང་དུ་མཛད། གཞུང་ཆེན་གྱི་དཔེ་ཁྲིད། གསུང་རབ་ཀྱི་དཔར་བརྐོ་དང་རྟེན་གསུམ་བཞེང་བ་སོགས་ཀྱི་སྒོ་ནས་གངས་ལྗོངས་སུ་རྒྱལ་བསྟན་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གྱི་མཛད་པ་རླབས་ཆེན་སྐྱོང་བའི་མཁས་པ་བསྟན་པ་ལ་སྲི་ཞུ་ཆེ་བ་ཞིག་ཡིན། |
| Text title | Spyod 'jug chen mo'i 'grel pa tshig nyung don gsal sman gyi sdong bu |
| External images | File:Lam rim pa ngag dbang phun tshogs.jpg |
| External link | https://library.bdrc.io/show/bdr:P5957 |