Texts/Byang sems kyi khrid/Full text: Difference between revisions
From Bodhicitta
< Texts | Byang sems kyi khridTexts/Byang sems kyi khrid/Full text
No edit summary |
No edit summary |
||
| Line 3: | Line 3: | ||
|FullTextDate=2025-05-28 | |FullTextDate=2025-05-28 | ||
|PdfLink=File:Byang sems kyi khrid-W8039-v19 img383-398.pdf | |PdfLink=File:Byang sems kyi khrid-W8039-v19 img383-398.pdf | ||
|FullTextTibetan=༄༅། །བྱང་ཆུབ་སེམས་ཀྱི་ཁྲིད་བཞུགས་སོ།། | |FullTextTibetan=<b>༄༅། །བྱང་ཆུབ་སེམས་ཀྱི་ཁྲིད་བཞུགས་སོ།།</b> | ||
{{TibP|༄༅། །རྗེ་བཙུན་བྱམས་པ་ནས། བླ་མ་བྱམས་པའི་རྣལ་འབྱོར་པ་དཔོན་སློབ་གཉིས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་མན་ངག་བཀའ་བགྲོས་སུ་མཛད་པ། ཇོ་བོ་ཆེན་པོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་རྗེ་བཙུན་སངས་རྒྱས་མཉན་པ་གྲུབ་ཐོབ་ཀྱི་བར་ལྐོག་ཁྲིད་དུ་གདམས་པ་དེ་ཉིད། དགེ་སློང་ཀུན་ཏུ་བཟང་པོ་ལ་ན་ཚ་འཆི་ནད་ཀྱི་གདུང་བས་ཚེ་ཕྱི་མའི་གཡང་ས་ཆེན་པོ་ཡིད་ལ་ཤར་ནས་ཅི་བྱ་གཏོལ་དང་བྲལ་བའི་སྨྲེ་སྔགས་ཀྱིས་གཟིར་བའི་ཚེ། སློབ་དཔོན་མི་བསྐྱོད་རྡོ་རྗེས་ལག་ལེན་དུ་གདམས་པ་ནི་འདི་ཡིན་ཏེ། }} | {{TibP|༄༅། །རྗེ་བཙུན་བྱམས་པ་ནས། བླ་མ་བྱམས་པའི་རྣལ་འབྱོར་པ་དཔོན་སློབ་གཉིས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་མན་ངག་བཀའ་བགྲོས་སུ་མཛད་པ། ཇོ་བོ་ཆེན་པོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་རྗེ་བཙུན་སངས་རྒྱས་མཉན་པ་གྲུབ་ཐོབ་ཀྱི་བར་ལྐོག་ཁྲིད་དུ་གདམས་པ་དེ་ཉིད། དགེ་སློང་ཀུན་ཏུ་བཟང་པོ་ལ་ན་ཚ་འཆི་ནད་ཀྱི་གདུང་བས་ཚེ་ཕྱི་མའི་གཡང་ས་ཆེན་པོ་ཡིད་ལ་ཤར་ནས་ཅི་བྱ་གཏོལ་དང་བྲལ་བའི་སྨྲེ་སྔགས་ཀྱིས་གཟིར་བའི་ཚེ། སློབ་དཔོན་མི་བསྐྱོད་རྡོ་རྗེས་ལག་ལེན་དུ་གདམས་པ་ནི་འདི་ཡིན་ཏེ། }} | ||
<center>{{TibTH|༼བསགས་སྦྱངས་བཞི་སྐོར་གྱི་མན་ངག༽}}</center> | <center>{{TibTH|༼བསགས་སྦྱངས་བཞི་སྐོར་གྱི་མན་ངག༽}}</center> | ||
{{TibP|བྱམས་པའི་རྣལ་འབྱོར་པའི་ཞལ་ནས། ཀྭ་ཡེ། ཕ་མར་གྱུརཔའི་འགྲོ་བ་མ་ལུས་དྲང་བའི་ཕྱིར། །བདག་ལ་ཡོད་པའི་ཉོན་མོངས་སྡུག་བསྔལ་གང་དག་གིས། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་མ་ལུས་དྲང་བར་བྱ། །འདོད་ཆགས་ལ་སོགས་མེད་པའི་དགེ་བ་གང་ཡོད་རྣམས། །འགྲོ་དྲུག་སེམས་ཅན་རྣམས་ལ་སྙོམས་པར་བྲིམ་པར་བྱ། །ན་ཚ་ལ་སོགས་འབྲས་བུ་གྱུར་པའི་སྡུག་བསྔལ་གྱིས། །དེ་ཡི་རིགས་མཐུན་སྡུག་བསྔལ་མ་ལུས་དྲང་བར་བྱ། | {{TibP|བྱམས་པའི་རྣལ་འབྱོར་པའི་ཞལ་ནས། {{TibVerseRedInline|ཀྭ་ཡེ། ཕ་མར་གྱུརཔའི་འགྲོ་བ་མ་ལུས་དྲང་བའི་ཕྱིར། །བདག་ལ་ཡོད་པའི་ཉོན་མོངས་སྡུག་བསྔལ་གང་དག་གིས། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་མ་ལུས་དྲང་བར་བྱ། །འདོད་ཆགས་ལ་སོགས་མེད་པའི་དགེ་བ་གང་ཡོད་རྣམས། །འགྲོ་དྲུག་སེམས་ཅན་རྣམས་ལ་སྙོམས་པར་བྲིམ་པར་བྱ། །ན་ཚ་ལ་སོགས་འབྲས་བུ་གྱུར་པའི་སྡུག་བསྔལ་གྱིས། །དེ་ཡི་རིགས་མཐུན་སྡུག་བསྔལ་མ་ལུས་དྲང་བར་བྱ། །}}ཞེས་གསུངས་པའི་ཚིགས་སུ་བཅད་པ་འདི་ཉམས་སུ་ལེན་ཚུལ་ནི། ལུས་རྣམ་སྣང་གི་ཆོས་བདུན་བྱས་ནས། རླུང་རོ་དང་པོར་འཇམ་པོ་གསུམ་གཏོང་བ་དང༌། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྒྱུ་སྒྲིབ་པ་གཉིས་སྦྱང་བར་བྱའོ། །སྙམ་དུ་སེམས་བསྐྱེད། | ||
དེ་ནས་རླུང་རོ་དེ་ལས་འཇམ་རིང་གསུམ་གཏོང་བ་དང༌། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་འབྲས་བུའི་སྡུག་བསྔལ་སྦྱང་བར་བྱའོ་སྙམ་དུ་སེམས་བསྐྱེད། དེ་ནས་ཁ་སྒོ་དང་འོག་སྒོ་གློད། ལྟོ་བ་མདུན་དུ་ཕུལ་ཏེ་སྣ་སྒོ་ནས་འཇམ་པོར་སྒྲ་མི་གྲགས་ཙམ་དུ་ནང་དུ་རླུང་གསུམ་དྲངས་ནས། བདག་གིས་སེམས་ཅན་ཐམས་ཅད་འཚང་རྒྱ་བའི་ཕྱིར་དུ་སྐུ་གཉིས་ཀྱི་རྒྱུ་ཚོགས་གཉིས་བསགས་པར་བྱའོ་སྙམ་དུ་སེམས་བསྐྱེད། དེ་ནས་ཁ་སྒོ་ནས་འཇམ་པོར་དལ་རིང་སྒྲ་མེད་ཀྱི་རླུང་གསུམ་རྔུབས་ནས། སངས་རྒྱས་སྐུ་གཉིས་ཀྱི་ཕྲིན་ལས་ཀྱི་བྱེད་པ་ཐམས་ཅད་བདག་གི་ལུས་ངག་ཡིད་གསུམ་ལ་རླུང་འདི་དང་ལྷན་ཅིག་ཞུགས་པར་གྱུར་སྙམ་དུ་བསམ་པས་ནི་བསགས་སྦྱངས་བཞི་སྐོར་གྱི་མན་ངག་སྟེ་སྔོན་དུ་འགྲོ་བར་བྱ་བ་ཡིན་ལ།}} | དེ་ནས་རླུང་རོ་དེ་ལས་འཇམ་རིང་གསུམ་གཏོང་བ་དང༌། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་འབྲས་བུའི་སྡུག་བསྔལ་སྦྱང་བར་བྱའོ་སྙམ་དུ་སེམས་བསྐྱེད། དེ་ནས་ཁ་སྒོ་དང་འོག་སྒོ་གློད། ལྟོ་བ་མདུན་དུ་ཕུལ་ཏེ་སྣ་སྒོ་ནས་འཇམ་པོར་སྒྲ་མི་གྲགས་ཙམ་དུ་ནང་དུ་རླུང་གསུམ་དྲངས་ནས། བདག་གིས་སེམས་ཅན་ཐམས་ཅད་འཚང་རྒྱ་བའི་ཕྱིར་དུ་སྐུ་གཉིས་ཀྱི་རྒྱུ་ཚོགས་གཉིས་བསགས་པར་བྱའོ་སྙམ་དུ་སེམས་བསྐྱེད། དེ་ནས་ཁ་སྒོ་ནས་འཇམ་པོར་དལ་རིང་སྒྲ་མེད་ཀྱི་རླུང་གསུམ་རྔུབས་ནས། སངས་རྒྱས་སྐུ་གཉིས་ཀྱི་ཕྲིན་ལས་ཀྱི་བྱེད་པ་ཐམས་ཅད་བདག་གི་ལུས་ངག་ཡིད་གསུམ་ལ་རླུང་འདི་དང་ལྷན་ཅིག་ཞུགས་པར་གྱུར་སྙམ་དུ་བསམ་པས་ནི་བསགས་སྦྱངས་བཞི་སྐོར་གྱི་མན་ངག་སྟེ་སྔོན་དུ་འགྲོ་བར་བྱ་བ་ཡིན་ལ།}} | ||
| Line 19: | Line 19: | ||
<center>{{TibTH|༼ངར་འདོན་བཞི།༽}}</center> | <center>{{TibTH|༼ངར་འདོན་བཞི།༽}}</center> | ||
{{TibP|༡ ཡང་ཞལ་ནས། དེ་ལྟར་བྱས་ན་རང་ཉིད་འཁོར་བའི་རྒྱ་མཚོ་འདིར། །སྐད་ཅིག་ཙམ་ཡང་འཁྱམས་པའི་གོ་སྐབས་ག་ལ་སྲིད། །འོན་ཀྱང་ཇི་སྲིད་བྱང་ཆུབ་མ་ཐོབ་བར། །མྱོང་གྱུར་ཉོན་མོངས་རྒྱུ་འབྲས་ཐམས་ཅད་པ། །ཐམས་ཅད་སྐྱེ་བ་འདི་ལ་རྫོགས་པར་བྱ། །དེ་ཡང་ད་ལོ་ཟླ་བ་འདི་ལ་དྲན་པར་བྱ། །དེ་ཡང་དེ་རིང་ད་ལྟ་ཉིད་དུ་རྫོགས་བྱས་ནས། །སྡུག་བསྔལ་བྲང་བྲང་མ་ཚང་ཙམ་ཞིག་ཐབས་སུ་བསྟེན། །བློ་འདི་འབྱོངས་པར་གྱུར་ཅིག་བྱམས་པའི་རྣལ་འབྱོར་པ། ། | {{TibP|༡ ཡང་ཞལ་ནས། {{TibVerseRedInline|དེ་ལྟར་བྱས་ན་རང་ཉིད་འཁོར་བའི་རྒྱ་མཚོ་འདིར། །སྐད་ཅིག་ཙམ་ཡང་འཁྱམས་པའི་གོ་སྐབས་ག་ལ་སྲིད། །འོན་ཀྱང་ཇི་སྲིད་བྱང་ཆུབ་མ་ཐོབ་བར། །མྱོང་གྱུར་ཉོན་མོངས་རྒྱུ་འབྲས་ཐམས་ཅད་པ། །ཐམས་ཅད་སྐྱེ་བ་འདི་ལ་རྫོགས་པར་བྱ། །དེ་ཡང་ད་ལོ་ཟླ་བ་འདི་ལ་དྲན་པར་བྱ། །དེ་ཡང་དེ་རིང་ད་ལྟ་ཉིད་དུ་རྫོགས་བྱས་ནས། །སྡུག་བསྔལ་བྲང་བྲང་མ་ཚང་ཙམ་ཞིག་ཐབས་སུ་བསྟེན། །བློ་འདི་འབྱོངས་པར་གྱུར་ཅིག་བྱམས་པའི་རྣལ་འབྱོར་པ། །}} | ||
ཞེས་པའི་ཚིགས་བཅད་ཀྱི་ཉམས་ལེན་ནི། གོང་དུ་བཤད་མ་ཐག་པའི་བློ་དེ་གསུམ་སྐྱེ་སྐྱེར་བློ་སྦྱངས་ནས། ནམ་བློ་དེ་དངོས་དང་རྗེས་མཐུན་པར་མ་མཐའ་ཡང་གོ་བ་ཙམ་སྐྱེས་པ་ན། བདག་གི་བདེ་བ་འགྲོ་བ་ལ་སྟེར་ནས་འགྲོ་ཀུན་གྱི་སྡུག་བསྔལ་རང་ཐོག་ཏུ་བླངས་པས་མི་གནས་པའི་མྱང་འདས་ཐོབ། དེ་ལས་བཟློག་པའི་རྒྱུ་འབྲས་ཀྱིས་འཁོར་བར་འཁོར་ངེས་པའི་ངེས་ཤེས་ཀྱི་འཛིན་སྟངས་ཀྱི་ངར་འདོན། | ཞེས་པའི་ཚིགས་བཅད་ཀྱི་ཉམས་ལེན་ནི། གོང་དུ་བཤད་མ་ཐག་པའི་བློ་དེ་གསུམ་སྐྱེ་སྐྱེར་བློ་སྦྱངས་ནས། ནམ་བློ་དེ་དངོས་དང་རྗེས་མཐུན་པར་མ་མཐའ་ཡང་གོ་བ་ཙམ་སྐྱེས་པ་ན། བདག་གི་བདེ་བ་འགྲོ་བ་ལ་སྟེར་ནས་འགྲོ་ཀུན་གྱི་སྡུག་བསྔལ་རང་ཐོག་ཏུ་བླངས་པས་མི་གནས་པའི་མྱང་འདས་ཐོབ། དེ་ལས་བཟློག་པའི་རྒྱུ་འབྲས་ཀྱིས་འཁོར་བར་འཁོར་ངེས་པའི་ངེས་ཤེས་ཀྱི་འཛིན་སྟངས་ཀྱི་ངར་འདོན། | ||
ངར་དེ་ཐོན་པ་དང་ད་ལྟ་རང་ལ་བདེ་སྡུག་གང་འདུག་གི་ཉམས་བརྟགས་པས་འཁོར་བ་འདི་སྡུག་བསྔལ་ཁོ་ན་ལས་མི་འདུག་པས་དེའི་རྒྱུ་སྔར་བསགས་ཀྱི་ལས་ངན་གྱི་འབྲས་བུ་མྱོང་ངེས་ཐམས་ཅད་ཚེ་འདི་ལོ་འདི་ཟླ་བ་འདི་ཞག་འདིའི་ཁོངས་སུ་སྨིན་ན་དགའ་སྟེ་སང་ཉི་མ་ཤར་མཚམས་ནས་བདག་གིས་སེམས་ཅན་གྱི་དོན་འགྲུབ་པ་ཞིག་ཅིས་ཀྱང་བྱེད། དེ་བྱེད་པའི་བློ་ཤུགས་འདི་ལྟ་བུ་བསྐྱེད་ན་མཐོང་ཆོས་ལ་འགྲུབ་ངེས་པའི་ངེས་ཤེས་ཀྱི་འཛིན་སྟངས་ཀྱི་ངར་འདོན། | ངར་དེ་ཐོན་པ་དང་ད་ལྟ་རང་ལ་བདེ་སྡུག་གང་འདུག་གི་ཉམས་བརྟགས་པས་འཁོར་བ་འདི་སྡུག་བསྔལ་ཁོ་ན་ལས་མི་འདུག་པས་དེའི་རྒྱུ་སྔར་བསགས་ཀྱི་ལས་ངན་གྱི་འབྲས་བུ་མྱོང་ངེས་ཐམས་ཅད་ཚེ་འདི་ལོ་འདི་ཟླ་བ་འདི་ཞག་འདིའི་ཁོངས་སུ་སྨིན་ན་དགའ་སྟེ་སང་ཉི་མ་ཤར་མཚམས་ནས་བདག་གིས་སེམས་ཅན་གྱི་དོན་འགྲུབ་པ་ཞིག་ཅིས་ཀྱང་བྱེད། དེ་བྱེད་པའི་བློ་ཤུགས་འདི་ལྟ་བུ་བསྐྱེད་ན་མཐོང་ཆོས་ལ་འགྲུབ་ངེས་པའི་ངེས་ཤེས་ཀྱི་འཛིན་སྟངས་ཀྱི་ངར་འདོན། | ||
| Line 26: | Line 26: | ||
<center>{{TibTH|༼ཤེས་པར་བྱ་བ་བཅུའི་མན་ངག༽}}</center> | <center>{{TibTH|༼ཤེས་པར་བྱ་བ་བཅུའི་མན་ངག༽}}</center> | ||
{{TibP|༢ དེ་ལྟ་བུའི་བློ་དེ་བྱམས་པའི་རྣལ་འབྱོར་པས་ཡུན་དུ་དོན་བསྒོམས་ཤིང་ཁ་ཏོན་དུ་བྱས་པ་ན། རེ་ཞིག་ན་ཆུ་བོ་གངྒཱའི་འགྲམ་དུ་བཅོམ་ལྡན་འདས་བྱམས་པ་ལྷའི་གཟུགས་སུ་བྱོན་ནས་བྱམས་པའི་རྣལ་འབྱོར་ལ་འདི་སྐད་དུ་གསུངས་ཏེ། ཐོས་པ་ཙམ་གྱིས་ངན་འགྲོའི་སྡུག་བསྔལ་སེལ་བའི་གླུ། །བསམ་པ་ཙམ་གྱིས་འཁོར་བའི་ལྗོན་པ་གཅོད་པའི་གླུ། །བསྒོམ་པ་ཙམ་གྱིས་བྱང་ཆུབ་མྱུར་དུ་འབྱིན་པའི་གླུ། །བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གླུ་འདི་མཚར། །ཉོན་མོངས་དུག་ལྔ་དགྲ་བཞིན་འཇོམས་པར་རིགས་ན་ཡང༌། །ཁྱོད་ཀྱི་འདི་ལྟར་ན་ནི་རྒྱུད་ལ་བསྟེན་པ་མཚར། །ན་ཚ་སྡུག་བསྔལ་ཀུན་ནས་བཟོད་པར་དཀའ་ན་ཡང༌། །ཁྱོད་ཀྱི་འདི་ལྟར་ན་ནི་ངོ་མཚར་རྨད་དུ་བྱུང༌། །རང་དོན་ཡལ་བར་དོར་ནས་གཞན་དོན་ལྷུར་མཚར་ཆེ། །རང་དབང་མེད་པ་འཁོར་བར་འཁྱམས་པ་སུ་ཡིས་དཀའ། །དེས་ན་རང་དོན་བསམ་པ་སྐད་ཅིག་མ་འཁྲིས་པར། །གཞན་གྱི་མི་འདོད་བདག་གིས་ལེན་པ་དམ་པ་ཡིན། །ཐེག་པ་ཆེན་པོའི་གསུང་རབ་མཐའ་ཡས་མུ་མེད་ཀྱང༌། །འདི་རུ་མ་འདུས་རྡུལ་ཙམ་གང་ཡང་ཡོད་མ་ཡིན། །དེ་ཕྱིར་རྣལ་འབྱོར་ཁྱོད་ཀྱི་རྡོ་རྗེའི་གླུ་དབྱངས་འདི། །ཐོས་སམ་བསམ་མམ་དྲན་ནམ་བསྒོམ་མམ་བཤད་ཀྱང་རུང་། །འཇིག་རྟེན་ལྷ་དང་བཅས་པའི་སྐྱབས་གནས་དམ་པ་སྟེ། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་ཉིང་ཁུ་ཡིན། །ཁྱོད་ཀྱི་བློ་ལ་ཤར་བ་ངོ་མཚར་ཤིན་ཏུ་ཆེ། །}} | {{TibP|༢ དེ་ལྟ་བུའི་བློ་དེ་བྱམས་པའི་རྣལ་འབྱོར་པས་ཡུན་དུ་དོན་བསྒོམས་ཤིང་ཁ་ཏོན་དུ་བྱས་པ་ན། རེ་ཞིག་ན་ཆུ་བོ་གངྒཱའི་འགྲམ་དུ་བཅོམ་ལྡན་འདས་བྱམས་པ་ལྷའི་གཟུགས་སུ་བྱོན་ནས་བྱམས་པའི་རྣལ་འབྱོར་ལ་འདི་སྐད་དུ་གསུངས་ཏེ། {{TibVerseRedInline|ཐོས་པ་ཙམ་གྱིས་ངན་འགྲོའི་སྡུག་བསྔལ་སེལ་བའི་གླུ། །བསམ་པ་ཙམ་གྱིས་འཁོར་བའི་ལྗོན་པ་གཅོད་པའི་གླུ། །བསྒོམ་པ་ཙམ་གྱིས་བྱང་ཆུབ་མྱུར་དུ་འབྱིན་པའི་གླུ། །བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གླུ་འདི་མཚར། །ཉོན་མོངས་དུག་ལྔ་དགྲ་བཞིན་འཇོམས་པར་རིགས་ན་ཡང༌། །ཁྱོད་ཀྱི་འདི་ལྟར་ན་ནི་རྒྱུད་ལ་བསྟེན་པ་མཚར། །ན་ཚ་སྡུག་བསྔལ་ཀུན་ནས་བཟོད་པར་དཀའ་ན་ཡང༌། །ཁྱོད་ཀྱི་འདི་ལྟར་ན་ནི་ངོ་མཚར་རྨད་དུ་བྱུང༌། །རང་དོན་ཡལ་བར་དོར་ནས་གཞན་དོན་ལྷུར་མཚར་ཆེ། །རང་དབང་མེད་པ་འཁོར་བར་འཁྱམས་པ་སུ་ཡིས་དཀའ། །དེས་ན་རང་དོན་བསམ་པ་སྐད་ཅིག་མ་འཁྲིས་པར། །གཞན་གྱི་མི་འདོད་བདག་གིས་ལེན་པ་དམ་པ་ཡིན། །ཐེག་པ་ཆེན་པོའི་གསུང་རབ་མཐའ་ཡས་མུ་མེད་ཀྱང༌། །འདི་རུ་མ་འདུས་རྡུལ་ཙམ་གང་ཡང་ཡོད་མ་ཡིན། །དེ་ཕྱིར་རྣལ་འབྱོར་ཁྱོད་ཀྱི་རྡོ་རྗེའི་གླུ་དབྱངས་འདི། །ཐོས་སམ་བསམ་མམ་དྲན་ནམ་བསྒོམ་མམ་བཤད་ཀྱང་རུང་། །འཇིག་རྟེན་ལྷ་དང་བཅས་པའི་སྐྱབས་གནས་དམ་པ་སྟེ། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་ཉིང་ཁུ་ཡིན། །ཁྱོད་ཀྱི་བློ་ལ་ཤར་བ་ངོ་མཚར་ཤིན་ཏུ་ཆེ། །}} | ||
ཞེས་པའི་ཚིགས་བཅད་ཀྱི་ཉམས་ལེན་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཏེ་ཚོགས་ལམ་ཆེན་པོ་ཙམ་དུ་ཕྱིན་པ་ན། བཅོམ་ལྡན་འདས་བྱམས་པ་སོགས་མཆོག་གི་སྤྲུལ་སྐུ་རྣམས་དང་མཇལ་ཞིང་དམ་པའི་ཆོས་འཛིན་པར་ནུས་པ་ཡིན་ཏེ། དམ་པའི་ཆོས་འཛིན་པའི་དོན་རང་ཡང་རང་གི་སེམས་དེ་ཉིད་སྒྲིབ་པ་བྱང༌། གཉེན་པོ་རྒྱས་པའི་ངོ་བོར་ཆུབ་པ་ན་དམ་པའི་ཆོས་འཛིན་པར་འགྲོ་བ་ཡིན་པས། འགྲོ་བ་ཐམས་ཅད་མ་རྒན་དུ་ཤེས། དེ་ཐམས་ཅད་སྡུག་བསྔལ་མཐའ་མེད་ཀྱིས་མནར་བར་ཤེས། སྡུག་བསྔལ་གྱིས་མནར་བའི་རྒྱུ་ཆོས་གང་ཟག་ལ་བདག་བདེན་མེད་པ་ལ་མེད་པར་མ་རྟོགས་ནས་བདག་བདེན་དངོས་པོར་བཟུང་སྟེ་ཆགས་སྡང་སོགས་ཀྱི་དགེ་མི་དགེའི་ལས་ཉོན་བསགས་པ་ལས་བྱུང་བར་ཤེས། དེ་ལྟར་ལས་ཉོན་བསགས་པས་བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་ཁོ་ན་ལ་འབད་པའི་མ་རྒན་རྣམས་སྙིང་རྗེ་བའི་གནས་སུ་ཤེས། དེ་ལ་སྙིང་རྗེ་མ་བཟོད་ནས་དེའི་སྡུག་བསྔལ་གཏན་སྒྲོལ་བའི་ཆེད་དུ་མ་རྒན་རྣམས་བདག་གིས་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ལ་སྦྱར་ན་གཏན་གྱི་བདེ་བ་ཐོབ་པར་ཤེས། དེ་ལྟར་ཤེས་པའི་ཤེས་རབ་དེ་འཁྲུལ་པ་མེད་པའི་བྱང་ཆུབ་ཆེན་པོའི་དགེ་བར་ཤེས། དེ་ལྟར་ཤེས་པའི་དགེ་བ་དེ་ལས་ཆེ་བའི་དགེ་བ་མེད་དེ། དེས་སྒྲིབ་གཉིས་བག་ཉལ་དང་བཅས་པ་སྦྱོང་བར་ནུས་ངེས་པར་ཤེས། དེ་ལྟར་ཤེས་པའི་ཤེས་རབ་དེ་ཡོད་ན་སྦྱིན་སོགས་ཕར་ཕྱིན་དྲུག་མི་སོགས་ཀ་མེད་དུ་འབྱུང་བར་ཤེས། དེ་ལྟར་ཤེས་པའི་གང་ཟག་དེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཐག་ཆོད་པར་ཤེས། དེ་ལྟར་ཤེས་པས་དེས་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུ་མ་གཏོགས་བྱ་བ་གཞན་མི་བསྒྲུབ་པར་ཤེས་ཏེ་འོང་སྙམ་པའི་ལམ་འདི་ཁོ་ན་ལ་དམིགས་སྒོམ་འདོན་གསུམ་བྱ་བ་ནི་ཤེས་པར་བྱ་བ་བཅུའི་མན་ངག་སྟེ། སྔོན་འགྲོ་རྗེས་ཐུན་འཛིན་ལུགས་རྣམས་སྔར་དང་འདྲ། དེས་ན་བྱང་ཆུབ་ཀྱི་སེམས་འདི་ལྟ་བུ་ཞིག་གི་བློ་སྐྱེ། བློ་དེས་ཀུན་ནས་བླངས་ཏེ་ལུས་ངག་ཡིད་གསུམ་གྱི་ལས་བྱས་ཚད་བྱང་ཆེན་གྱི་དགེ་བ་ཚོགས་གཉིས་ཀའི་ངོ་བོར་འགྲོ་སྟེ། ཆོས་ཐམས་ཅད་དངོས་པོར་ལྟ་བ་དང་བྲལ་བ་མེད་ན་དོན་དམ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་ཚོགས་སུ་མི་འགྲོ་བའི་ཕྱིར་ཏེ། སེམས་ཅན་དང་འཁོར་བ་དངོས་པོ་བ་ཞིག་ཏུ་བལྟས་པས་རང་བཞིན་གྱི་མི་གནས་པའི་བྱང་ཆེན་དུ་འགྲོལ་མི་ནུས་པའི་ཕྱིར། དེ་ལྟར་དངོས་པོ་མེད་བཞིན་རྟེན་འབྲེལ་སྒྱུ་མ་ལྟ་བུའི་སེམས་ཅན་དང་འཁོར་བ་མཐའ་མེད་དུ་རྟོགས་ནས་དེའི་འཕྲལ་ཡུན་གྱི་བདེ་བའི་རྒྱུ་སྦྱིན་སོགས་ཀྱི་ཕར་ཕྱིན་ལ་མ་འབད་ན་ཀུན་རྫོབ་བྱང་ཆུབ་སེམས་བསོད་ནམས་ཀྱི་ཚོགས་སུ་མི་འགྱུར་ཏེ། སེམས་ཅན་ལ་དམིགས་པ་དང་བྲལ་བའི་དགེ་རྩ་ཙམ་པོས་བྱང་ཆུབ་ཀྱི་བདེ་འབྲས་མི་སྨིན་པའི་ཕྱིར། དེས་ན་ཚོགས་གཉིས་ཀྱི་སྒོ་གསུམ་གྱི་དགེ་བ་ཅི་བྱེད་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་འགྲོ་བ་ཡིན་པ་ལ། བོད་ཁ་ཅིག །བྱང་ཆུབ་ཀྱི་སེམས་བསྒོམས་ན་བྱང་ཆུབ་ཀྱི་ཆོས་འཆད་པ་དང་ཉན་པ་དང་འབྲི་བ་དང་ཀློག་པ་ཐམས་ཅད་བྱང་ཆུབ་ཀྱི་གེགས་ཡིན། དེ་ལས་དམིགས་པ་གཅིག་ལ་སེམས་བསྡུས་ནས་སོ་བསོད་པ་རེ་ན་ཡི་མུག་གེ་བ་ལ་སྡོད་དགོས་པ་ཡིན་ཟེར་བ་ནི་ཐབས་ལ་བསླུ་བའི་བདུད་ཡིན་ནོ། །}} | |||
<center>{{TibTH|༼བལྟ་བ་རྣམ་པ་བཞི།༽}}</center> | <center>{{TibTH|༼བལྟ་བ་རྣམ་པ་བཞི།༽}}</center> | ||
{{TibP|༣ དེ་ལྟར་བྱམས་པའི་རྣལ་འབྱོར་པ་ལ་རྗེ་བཙུན་བྱམས་པས་དབུགས་དབྱུང་བས་ཐེ་ཚོམ་གྱི་མདུད་པ་གྲོལ་ཏེ། ཆོས་འདི་ལ་ནན་ཏན་དུ་བྱས་པས་ལྷ་མི་དུད་འགྲོ་ཡི་དྭགས་སོགས་དུ་མ་འདུས་ཏེ་མ་བུ་ལྟར་བག་ཕེབས་ནས་འདུག་པ་ཕན་བདེ་ལ་འགོད་པའི་རྟོགས་པ་ཐོབ་པའི་ཚེ་ན་རྟོགས་པ་དེ་རྗེ་བཙུན་བྱམས་པ་ལ་སྒྲུབ་པའི་མཆོད་པ་ཕུལ་བ་ནི། ཐོག་མེད་དུས་ནས་ཉེ་བར་འབྲེལ་བ་ཡི། །ཕ་མར་གྱུར་པའི་འགྲོ་བ་མ་ལུས་པ། །བྱང་ཆུབ་ཆོས་ལ་འགོད་པའི་ཡི་དམ་བྱས། །ཆོས་འདི་བྱམས་པའི་མགོན་ལ་མཆོད་པར་བགྱི། །དེ་ཚེ་རང་དོན་སྐད་ཅིག་མ་འཁྲིས་པས། །གཞན་དོན་འབའ་ཞིག་སྙིང་ལ་གོམས་པར་བྱས། །འདི་ཉིད་བྱང་ཆུབ་བསྒྲུབས་པའི་གཙོ་བོ་ཡིན། །ཆོས་འདི་བྱམས་པའི་མགོན་ལ་མཆོད་པར་བགྱི། །}} | {{TibP|༣ དེ་ལྟར་བྱམས་པའི་རྣལ་འབྱོར་པ་ལ་རྗེ་བཙུན་བྱམས་པས་དབུགས་དབྱུང་བས་ཐེ་ཚོམ་གྱི་མདུད་པ་གྲོལ་ཏེ། ཆོས་འདི་ལ་ནན་ཏན་དུ་བྱས་པས་ལྷ་མི་དུད་འགྲོ་ཡི་དྭགས་སོགས་དུ་མ་འདུས་ཏེ་མ་བུ་ལྟར་བག་ཕེབས་ནས་འདུག་པ་ཕན་བདེ་ལ་འགོད་པའི་རྟོགས་པ་ཐོབ་པའི་ཚེ་ན་རྟོགས་པ་དེ་རྗེ་བཙུན་བྱམས་པ་ལ་སྒྲུབ་པའི་མཆོད་པ་ཕུལ་བ་ནི། {{TibVerseRedInline|ཐོག་མེད་དུས་ནས་ཉེ་བར་འབྲེལ་བ་ཡི། །ཕ་མར་གྱུར་པའི་འགྲོ་བ་མ་ལུས་པ། །བྱང་ཆུབ་ཆོས་ལ་འགོད་པའི་ཡི་དམ་བྱས། །ཆོས་འདི་བྱམས་པའི་མགོན་ལ་མཆོད་པར་བགྱི། །དེ་ཚེ་རང་དོན་སྐད་ཅིག་མ་འཁྲིས་པས། །གཞན་དོན་འབའ་ཞིག་སྙིང་ལ་གོམས་པར་བྱས། །འདི་ཉིད་བྱང་ཆུབ་བསྒྲུབས་པའི་གཙོ་བོ་ཡིན། །ཆོས་འདི་བྱམས་པའི་མགོན་ལ་མཆོད་པར་བགྱི། །}} | ||
ཞེས་པའི་ཚིགས་བཅད་ཉམས་ལེན་ནི། འགྲོ་བ་ཐམས་ཅད་མ་དང་བུ་ཕན་ཚུན་ཡིན་བཞིན་དུ་ལྟ་བ་དང་། དེ་ལྟར་མ་བལྟས་པའི་གནོད་འཚེས་འགྲོ་བའི་སྡུག་བསྔལ་ཆེས་ཆེན་པོ་མཐའ་མེད་དུ་བྱུང་བར་ལྟ་བ་དང༌། སྡུག་བསྔལ་དེའི་གཉེན་པོར་ཡང་མ་བུ་ཕན་ཚུན་ལ་བྱང་ཆུབ་ཆེན་པོ་ཁོ་ནས་ཕན་པར་བལྟ་བ་དང༌། ཕན་ངོ་ཤེས་ཀྱི་ལམ་ཁོ་ན་རྒྱུད་ལ་བསྟེན་པར་བལྟ་བ་རྣམ་པ་བཞི་ཡིན་ལ།༔}} | |||
{{TibP|དེ་ཉིད་ཡར་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བ་ནི། བདག་གིས་མ་རྒན་ལ་བྱང་ཆུབ་ཀྱི་ཕན་གདགས་པ་འདི་ནི་སྔར་གྱི་བུ་མཆོག་སངས་རྒྱས་བྱང་སེམས་དེ་དག་གིས་བཞེད་པའི་གཙོ་བོ་དེ་ཡིན་པས་བདག་གིས་བཞེད་པ་དེ་བསྒྲུབ་པ་ལས་ཆེ་བའི་མཉེས་པས་སངས་རྒྱས་རྣམས་མཉེས་པར་བྱ་བ་མེད་པས་མཉེས་པ་ཆེན་པོ་དེ་ལྟ་བུས་ཐུགས་རྒྱུད་བདེ་བས་ཚིམ་པའི་ཆེད་དུ་བདག་གིས་བྱང་ཆེན་བསྒྲུབ་པའི་མཆོད་པ་འབུལ་ལོ་སྙམ་པའི་མཆོད་པ་དང༌། མཆོད་པ་དེའང་རང་ཉིད་ཀྱི་ལུས་ལོངས་སྤྱོད་དང་གཞན་ཡང་གང་ཟག་ཉི་ཚེ་བའི་ཕན་འདོགས་ཙམ་མིན་པར་མ་རྒན་མཐའ་མེད་ཀྱི་གཏན་བདེ་ཁོ་ནར་འདུག་པས་སངས་རྒྱས་ལ་ཇི་ཙམ་མཆོད་པའི་དགྱེས་པ་དེ་ལྟ་བུའི་དགེ་བ་དེ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་འཛད་པའི་གཉེན་པོ་དགེ་བར་འགྲོ་ཞིང་། དེ་ཙམ་དུ་འཛད་པ་ཙམ་གྱིས་སེམས་ཅན་གྱི་རྒྱུད་ལ་དགེ་ཚོགས་འཕེལ་བའི་རྒྱུ་རྐྱེན་དུ་འགྱུར་ལ། དེ་ཙམ་དུ་དགེ་བ་འཕེལ་བ་དེ་ཡང་སངས་རྒྱས་དང་བྱང་སེམས་གཉིས་ཀར་ཕན་ཚུན་དགེ་བ་གྲོགས་སུ་སྦྱར་བ་སྟོབས་སུ་འཕེལ་བས་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་འབྱུང་བས་སེམས་ཅན་ཐམས་ཅད་ལ་མཆོད་པར་འབུལ་བའི་མཆོད་པ་དང༌། མཆོད་པ་དེ་ཉིད་ཀྱང་སངས་རྒྱས་ལ་མཆོད་པར་སོང་བའི་མཆོད་པ་ཚན་གཉིས་སོ། །སྔོན་འགྲོ་རྗེས་དང་ཐུན་འཛིན་ལུགས་སྔར་དང་འདྲ།}} | {{TibP|དེ་ཉིད་ཡར་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བ་ནི། བདག་གིས་མ་རྒན་ལ་བྱང་ཆུབ་ཀྱི་ཕན་གདགས་པ་འདི་ནི་སྔར་གྱི་བུ་མཆོག་སངས་རྒྱས་བྱང་སེམས་དེ་དག་གིས་བཞེད་པའི་གཙོ་བོ་དེ་ཡིན་པས་བདག་གིས་བཞེད་པ་དེ་བསྒྲུབ་པ་ལས་ཆེ་བའི་མཉེས་པས་སངས་རྒྱས་རྣམས་མཉེས་པར་བྱ་བ་མེད་པས་མཉེས་པ་ཆེན་པོ་དེ་ལྟ་བུས་ཐུགས་རྒྱུད་བདེ་བས་ཚིམ་པའི་ཆེད་དུ་བདག་གིས་བྱང་ཆེན་བསྒྲུབ་པའི་མཆོད་པ་འབུལ་ལོ་སྙམ་པའི་མཆོད་པ་དང༌། མཆོད་པ་དེའང་རང་ཉིད་ཀྱི་ལུས་ལོངས་སྤྱོད་དང་གཞན་ཡང་གང་ཟག་ཉི་ཚེ་བའི་ཕན་འདོགས་ཙམ་མིན་པར་མ་རྒན་མཐའ་མེད་ཀྱི་གཏན་བདེ་ཁོ་ནར་འདུག་པས་སངས་རྒྱས་ལ་ཇི་ཙམ་མཆོད་པའི་དགྱེས་པ་དེ་ལྟ་བུའི་དགེ་བ་དེ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་འཛད་པའི་གཉེན་པོ་དགེ་བར་འགྲོ་ཞིང་། དེ་ཙམ་དུ་འཛད་པ་ཙམ་གྱིས་སེམས་ཅན་གྱི་རྒྱུད་ལ་དགེ་ཚོགས་འཕེལ་བའི་རྒྱུ་རྐྱེན་དུ་འགྱུར་ལ། དེ་ཙམ་དུ་དགེ་བ་འཕེལ་བ་དེ་ཡང་སངས་རྒྱས་དང་བྱང་སེམས་གཉིས་ཀར་ཕན་ཚུན་དགེ་བ་གྲོགས་སུ་སྦྱར་བ་སྟོབས་སུ་འཕེལ་བས་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་འབྱུང་བས་སེམས་ཅན་ཐམས་ཅད་ལ་མཆོད་པར་འབུལ་བའི་མཆོད་པ་དང༌། མཆོད་པ་དེ་ཉིད་ཀྱང་སངས་རྒྱས་ལ་མཆོད་པར་སོང་བའི་མཆོད་པ་ཚན་གཉིས་སོ། །སྔོན་འགྲོ་རྗེས་དང་ཐུན་འཛིན་ལུགས་སྔར་དང་འདྲ།}} | ||
| Line 43: | Line 43: | ||
<center>{{TibTH|༼མཆོད་ཚན་གཉིས།༽}}</center> | <center>{{TibTH|༼མཆོད་ཚན་གཉིས།༽}}</center> | ||
{{TibP|༥ སྡང་བའི་སྐྱེ་བོས་ཕྱོགས་ནས་སྡིག་བསགས་ཀྱང༌། །ངན་པའི་བསམ་པ་སྐད་ཅིག་ཤོར་མ་གྱུར། །སྣང་སྲིད་བདུད་དང་ལྷ་འདྲེ་དགྲར་ལངས་ཀྱང༌། །རང་འདོད་འཁྲི་བའི་སྲུང་སྐྱོབ་བྱེད་མ་མྱོང་། །ཆོས་འདི་བྱམས་པའི་མགོན་ལ་མཆོད་པར་བགྱི། །ངེས་པར་འཆི་བའི་ནད་ཀྱིས་བཏབ་གྱུར་ཀྱང༌། །ཆོས་མིན་དག་ལ་ཡིད་གཏན་འཆའ་མ་མྱོང༌། །སེར་སྣ་གོམས་པས་འབྱོར་བ་ཆུང་ན་ཡང༌། །ལོག་པའི་འཚོ་བས་ལྟོ་གོས་བྱེད་མ་མྱོང༌། །ཆོས་འདི་བྱམས་པའི་མགོན་ལ་མཆོད་པར་བགྱི། །}} | {{TibP|༥ {{TibVerseRedInline|སྡང་བའི་སྐྱེ་བོས་ཕྱོགས་ནས་སྡིག་བསགས་ཀྱང༌། །ངན་པའི་བསམ་པ་སྐད་ཅིག་ཤོར་མ་གྱུར། །སྣང་སྲིད་བདུད་དང་ལྷ་འདྲེ་དགྲར་ལངས་ཀྱང༌། །རང་འདོད་འཁྲི་བའི་སྲུང་སྐྱོབ་བྱེད་མ་མྱོང་། །ཆོས་འདི་བྱམས་པའི་མགོན་ལ་མཆོད་པར་བགྱི། །ངེས་པར་འཆི་བའི་ནད་ཀྱིས་བཏབ་གྱུར་ཀྱང༌། །ཆོས་མིན་དག་ལ་ཡིད་གཏན་འཆའ་མ་མྱོང༌། །སེར་སྣ་གོམས་པས་འབྱོར་བ་ཆུང་ན་ཡང༌། །ལོག་པའི་འཚོ་བས་ལྟོ་གོས་བྱེད་མ་མྱོང༌། །ཆོས་འདི་བྱམས་པའི་མགོན་ལ་མཆོད་པར་བགྱི། །}} | ||
ཞེས་པའི་ཚིགས་བཅད་ཀྱི་ཉམས་ལེན་ནི། བདག་ལ་མ་རྒན་སེམས་ཅན་དག་གིས་ཕ་མར་འདུ་ཤེས་ཉམས་ནས་གནོད་པ་སྣ་ཚོགས་སྐྱེལ་ནའང་། དེ་དག་ལས་ངན་གྱི་འབྲས་བུ་ལ་སྤྱོད་པ་ལ་སྙིང་བརྩེ་ཇེ་ཆེར་སོང་བས་དེའི་སྤྱོད་པ་ལས་བཟློག་ནས་བདག་སོགས་སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་པ་ལ་སྦྱོར་བས་བསམ་སྦྱོར་གོང་འཕེལ་དུ་བྱེད་པས་སེམས་ཅན་ཐམས་ཅད་བདུད་དུ་གྱུར་ནས་བདག་ལ་གནོད་པ་སྐྱེལ་ཡང་གནོད་པ་དེ་སྲུང་བྱེད་ཕར་ལ་གནོད་པ་བྱས་ན་བདག་གཞན་ཐམས་ཅད་གནོད་པ་ལས་ཐར་དུས་མེད་པར་རྟོགས་ནས་གཞན་ཕན་བསྒྲུབ་པའི་བསམ་སྦྱོར་གྱི་མཆོད་པས་མཆོད་ལ། དེ་ལྟ་བུའི་མཆོད་པ་གནད་དུ་སོང་ན་ཚེ་འདིའི་གནོད་པའི་མཐར་ཐུག་འཆི་བ་ལས་མེད་ཀྱང་གཞན་གྱི་གནོད་པ་བསྐྱལ་ནས་སྲོག་ཆད་དེ་ཤི་ནའང་སྔོན་གྱི་ལས་ངན་སྤྱད་པའི་འབྲས་བུ་དག་མ་གཏོགས་ལེ་ལན་གཞན་ལ་བདའ་ས་མེད་ཅིང་། དེ་ལྟར་མི་འཆི་བའི་ཐབས་ཀྱི་ཕུན་ཚོགས་བསྒྲུབས་ཀྱང་མི་འགྲུབ་པའི་ལས་སྔོན་དུ་སོང་བས་དེའི་འབྲས་བུ་མི་འཆི་བའི་འབྱོར་པས་དབུལ་ཡང༌། དེ་མི་དབུལ་བའི་ཆེད་དུ་སེམས་ཅན་ལ་གནོད་འཚེ་བསྒྲུབས་ནས་བདག་གིས་ལུས་དང་ལོངས་སྤྱོད་མི་བསྲུང་བར་བདག་གཞན་གྱི་བྱང་ཆེན་གྱི་དགེ་རྩ་གོང་འཕེལ་དུ་བསྲུང་བའི་མཆོད་པས་མཆོད་པ་ནི་མཆོད་ཚན་གཉིས་སོ། །སྔོན་འགྲོ་སོགས་སྔར་དང་འདྲ།}} | |||
<center>{{TibTH|༼བསྒྲུབ་པའི་མཆོད་ཚན་གཉིས་ཀྱིས་མཆོད་པ།༽}}</center> | <center>{{TibTH|༼བསྒྲུབ་པའི་མཆོད་ཚན་གཉིས་ཀྱིས་མཆོད་པ།༽}}</center> | ||
Revision as of 01:01, 22 January 2026
བྱང་སེམས་ཀྱི་ཁྲིད།
FULL TEXT