Practice/Recitation Guide for The Way of the Bodhisattva: Difference between revisions

From Bodhicitta
No edit summary
No edit summary
Line 138: Line 138:

ན་མོ་གུ་རུ་མཉྫུ་གྷོཥཱ་ཡ། འདིར་ཐེག་པ་ཆེན་པོའི་བློ་སྦྱོང་གི་གཞུང་ཁྱད་པར་ཅན་མགོན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཁ་ཏོན་དུ་བྱེད་པར་འདོད་པས། དེ་ཡང་སྤྱིར་ཤིང་རྟ་ཆེན་པོ་ལ་སོགས་པའི་གཞུང་གང་འདོན་པ་སོགས་ཀྱི་ཚེ་གཞུང་དེའི་མཛད་པ་པོ་ཉིད་གསལ་བཏབ་སྟེ་དེས་རང་ལ་གཞུང་དེ་ཉིད་འཆད་པའི་རྗེས་སུ་ཟློས་པར་མོས་ཏེ་བཏོན་ན་གཞུང་དོན་མྱུར་དུ་རྟོགས་པ་སོགས་ལ་ཁྱད་ཆེ་བ་དང་། ཡང་ལྷ་ཀླུ་སོགས་ལ་ཆོས་ཉན་པར་བསྐུལ་ཏེ་དེ་དག་ལ་ཆོས་བཤད་པའི་ཚུལ་གྱིས་བཏོན་ན་རང་གཞན་གཉིས་ཀ་ལ་ཕན་ཆེ་བར་དམ་པ་རྣམས་ཀྱི་གསུང་རྒྱུན་ལས་འབྱུང་བ་བཞིན་ཡིན་པས། དེ་དག་ཅི་རིགས་སུ་ཉམས་སུ་བླང་བར་བྱ་བ་ལ། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་། རང་གི་མདུན་གྱི་ནམ་མཁར་སེང་གེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་པའི་གདན་ལ་རང་གི་རྩ་བའི་བླ་མ་དང་དབྱེར་མེད་པའི་མགོན་པོ་ཞི་བ་ལྷ་སྐུ་ལ་ཆོས་གོས་རྣམ་གསུམ་དང་། དབུ་ལ་པཎ་ཞྭ་གསོལ་ཞིང་། ཕྱག་གཉིས་ཐུགས་ཀར་ཆོས་འཁོར་གྱི་ཕྱག་རྒྱ་མཛད་དེ་ཨུཏྤ་ལའི་ཡུ་བ་བཟུང་བའི་མེ་ཏོག་སྐུ་དཔུང་གཡས་གཡོན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་དུ་རལ་གྲི་དང་སྤྱོད་འཇུག་གི་གླེགས་བམ་བསྣམས་པ། འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྐུའི་ཆ་ཐམས་ཅད་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་ཞིང་རབ་འབྱམས་ཐམས་ཅད་ནས་བླ་མ་རྒྱལ་བ་སྲས་དང་བཅས་པ་ནམ་མཁའ་གང་བར་སྤྱན་དྲངས་ཏེ། བླ་མའི་སྐུ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་དུ་གྱུར་པར་མོས་ལ། སངས་ཐམས་ཅད་འདུས་པའི་སྐུ། །ཞེས་སོགས་དང་།

:ཟབ་དང་རྒྱ་ཆེའི་ཤིང་རྟའི་ཆེན་པོའི་སྲོལ། །

ལེགས་པར་གསལ་མཛད་འཛམ་གླིང་མཛེས་པའི་རྒྱན། །
བདེ་གཤེགས་སྲས་པོ་ཐུབ་དབང་གཉིས་པའི་རྗེ། །
མགོན་པོ་ཞི་བའི་ལྷ་ལ་ཕྱག་འཚལ་ལོ། །
རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །ཅེས་སོགས་དང་།

ཇི་སྙེད་སུ་དག་ནས། བྱང་ཆུབ་ཕྱིར་བསྔོའོ་བར་གྱི་ཡན་ལག་བདུན་པ་དང་། མཎྜལ་རྒྱས་བསྡུས་ཅི་རིགས་ཕུལ་ཞིང་། དོན་ཆེན་པོ་གསུམ་གྱི་གསོལ་འདེབས་ལམ་རིམ་ལྟར་རམ། ཐེག་ཆེན་བློ་སྦྱོང་གི་ཁྱད་པར་གྱི་གསོལ་འདེབས་ལྟར་བྱས་ཀྱང་ཤིན་ཏུ་ལེགས་ལ།

དེ་ནས། སངས་རྒྱས་ཆོས་ཚོགས་མས་སེམས་བསྐྱེད་ལེགས་པར་གསལ་བཏབ་ལ། རང་ལ་བསྐུལ་མ་གདབ་པ་དང་། ལྷ་ཀླུ་སོགས་ལ་ཉན་པར་བསྐུལ་བ་ནི།

གང་མ་ཐོས་པས་དམྱལ་བ་ལ་སོགས་གཡང་སར་ནི། །
:གང་མ་ཐོས་པས་དམྱལ་བ་ལ་སོགས་གཡང་སར་ནི། །
བསྲེག་ལ་སོགས་པའི་སྡུག་བསྔལ་མི་བཟོད་མཐའ་ཡས་དག །
སེམས་མ་ཞི་བ་ཁྱོད་ཀྱིས་ཡང་ཡང་མྱོང་གྱུར་པ། །
དེ་ནི་ཉན་ཕྱིར་གུས་པས་ཤིན་ཏུ་རྒྱ་ཆེར་བསྟེན། །
གང་ཐོས་ནས་ཀྱང་གཡེང་བ་མེད་པའི་བདག་ཅན་གྱིས། །
སྡིག་སྤོང་སྔོན་བྱས་མང་པོ་མ་ལུས་ཟད་བྱེད་ལ། །
སྔོན་ཆད་མ་ཐོབ་པ་ཡི་བདེ་བའང་རབ་ཐོབ་ཅིང་། །
བདེ་བ་ལས་ནི་ནམ་ཡང་ཉམས་པར་མི་འགྱུར་དང་། །
རྫོགས་པའི་བྱང་ཆུབ་སེམས་དཔའི་བདེ་མཆོག་མི་ཟད་དང་། །
སངས་རྒྱས་གོ་འཕང་མཉམ་མེད་ཕུན་ཚོགས་ཐོབ་བྱེད་པ། །
ཤིན་ཏུ་རྙེད་དཀའི་རིན་ཆེན་ཆོས་དེ་དེང་ཐོབ་ན། །
ལེགས་པར་བརྗོད་པ་འདི་ལ་དལ་ཐོབ་གུས་པར་ཉོན། །
ཁམས་གསུམ་ཕན་མཛད་གཅིག་པུ་དེ་གསུང་མཉན་བྱའི་ཕྱིར། །
ལྷ་དང་ཀླུ་དང་གྲུལ་བུམ་དྲི་ཟ་གནོད་སྦྱིན་དང་། །
མཁའ་ལྡིང་ལྷ་མིན་མིའམ་ཅི་དང་འདྲེ་ལ་སོགས། །
དགར་བཅས་མཉན་པར་མོས་ཤིང་ཡིད་དད་འདིར་ཤོག་ཅིག །

ཅེས་བསླབ་བཏུས་ལས་བྱུང་བ་འདིར་བརྗོད་ལ། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང། །ཞེས་པ་ནས། དགེ་བའི་བཤེས་ལ་བདག་ཕྱག་འཚལ། །ཞེས་པའི་བར་གཞུང་ཚང་མའམ་ལེའུ་ཚད་ཅི་རིགས་སུ་བཅད་དེ་སྒྲ་དག་ཅིང་གསལ་བར་ཀློག་པའམ་འདོན་ཅིང་། གཞུང་དེའི་ཚིག་དོན་རྣམས་རང་གཞན་གྱི་རྒྱུད་ལ་བཀྲ་ལམ་མེ་ཤར་ཏེ་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པའི་སྐལ་པ་ཅན་དུ་གྱུར་པར་བསམ་མོ། །

དེ་ཡང་སྤྱོད་འཇུག་གི་ལེའུ་དང་པོས་བྱང་ཆུབ་སེམས་ཀྱི་ཕན་ཡོན་པཤད་ནས་དེ་ལ་སྤྲོ་བ་བསྐྱེད། ལེའུ་གཉིས་པས་བྱང་ཆུབ་སེམས་སྦྱོང་བའི་མཐུན་རྐྱེན་ཚོགས་གསོག་འགལ་རྐྱེན་སྡིག་སྦྱོང་བྱེད་ཐབས་བསྟན། ལེའུ་གསུམ་པས་ཡི་རངས་མན་ཆད་ཡན་ལག་ལྷག་མ་རྣམས་དང་སེམས་བསྐྱེད་པ་བཟུང་ནས་སྤྲོ་བ་བསྐྱེད་ཚུལ་དང་། བཞི་པས་སྤྱོད་པ་ལ་བསླབ་ཚུལ་བག་ཡོད་བསྒོམ་ཚུལ་གྱི་སྒོ་ནས་མདོར་བསྟན། ལྔ་པས་དྲན་པ་དང་ཤེས་བཞིན་གྱིས་ཁྱད་པར་དུ་བྱས་ནས་ཚུལ་ཁྲིམས། དེ་ནས་ལེའུ་བཞིས་རིམ་བཞིན་ཕར་ཕྱིན་ལྷག་མ་བཞི་དང། མཇུག་གི་བསྔོ་བའི་ལེའུ་སྟེ་ལེའུ་ལྔའི་ནང་དུ་གཞན་རྣམས་ཀྱི་དོན་ཐམས་ཅད་བསྡུས་པས་ལེའུ་ལྔ་ཙམ་ཁ་ཏོན་མཛད་པ་ལྟར་བྱས་ཀྱང་རུང་ངོ་། །

མཇུག་ཏུ། དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །

རིན་ཆེན་བྱང་ཆུབ་སེམས་མཆོག་ཐབས་ཤེས་ཀྱི། །
:མཇུག་ཏུ། དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །
རིན་ཆེན་བྱང་ཆུབ་སེམས་མཆོག་ཐབས་ཤེས་ཀྱི། །
སྤྱོད་དང་བཅས་པ་ཉམས་སུ་བླང་བའི་ཚུལ། །
ཤཱནྟདེ་བའི་གཞུང་མཆོག་བཀླགས་(བཏོན་པའི་)པའི་དགེས། །
བདག་གཞན་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །
དལ་འབྱོར་རྟེན་ཐོབ་ཐེག་ཆེན་རིགས་སད་དེ། །
རྒྱལ་བའི་བསྟན་ལ་ཉེར་ཞུགས་བཅས་པ་ཁྲིམས། །
སྲོག་ལྟར་བསྲུང་བས་ལམ་གྱི་གཞི་ཟིན་ཤོག །
མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་། །
ཡོངས་རྫོགས་ལམ་གྱི་རིམ་པའི་གདམས་ངག་ཐོབ། །
འདི་སྣང་འཁྲི་བ་བཅད་ནས་དབེན་གནས་སུ། །
རྩེ་གཅིག་སྒྲུབ་པ་སྙིང་པོར་བྱེད་པར་ཤོག །
རང་ཉིད་གཅེས་འཛིན་རྒུད་པའི་འབྱུང་གནས་དང་། །
གཞན་རྣམས་གཅེས་འཛིན་ཡོན་ཏན་གཞིར་མཐོང་ནས། །
བདག་གཞན་མཉམ་པར་བརྗེ་བའི་མན་ངག་གིས། །
རིན་ཆེན་སེམ་མཆོག་རྒྱུད་ལ་བསྐྱེད་པར་ཤོག །
ཞུམ་པ་མེད་པའི་སྙིང་སྟོབས་ཆེན་པ་ཡིས། །
རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་སྡོམས། །
རང་རྒྱུད་སྨིན་བྱེད་ཕ་རོལ་ཕྱིན་དྲུག་དང་། །
གཞན་རྒྱུད་སྨིན་བྱེད་བསྡུ་བཞིར་སློབ་པར་ཤོག །
འཇམ་དཔལ་དབྱངས་དང་ཀུན་ཏུ་བཟང་པོ་བཞིན། །
རྒྱལ་བའི་མཛད་པ་ཀུན་གྱི་ཁུར་བཟུང་སྟེ། །
ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཀུན། །
བདག་ཉིད་གཅིག་པུས་སྲིད་ལས་སྒྲོལ་བྱེད་ཤོག །
མཐོང་ཐོས་དྲན་རེག་འབྲེལ་ཐོགས་ཇི་སྙེད་ཀུན། །
ནམ་ཡང་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །
ཐེག་པ་མཆོག་གི་ལམ་དུ་ཉེར་ཞུགས་ནས། །
བྱང་ཆུབ་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག །

ཅེས་བདག་གི་བླ་མའི་གསུང་འདི་བརྗོད་དེ་སྤྱོད་འཇུག་ཀློག་འདོན་བགྱིས་པའི་དགེ་བ་རྣམས་སྨོན་གནས་ཁྱད་པར་ཅན་རྣམས་སུ་འདུན་པ་དྲག་པོས་བསྔོ་བར་བྱ་ཞིང་། མདུན་གྱི་བླ་མ་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་རླབས་པར་བསམ་ལ། ཤིས་བརྗོད་ཅི་རིགས་པས་མཐའ་བརྒྱན་པར་བྱའོ། །

ཞེས་པ་འདི་ནི། ཕྱོགས་མཐར་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བྱ་བ་ལྷུར་མཛད་པ་དགེ་བའི་བཤེས་གཉེན་ལྷ་བཙུན་ཆོས་རྗེ་བློ་བཟང་ཕུན་ཚོགས་ལགས་ནས། སྤྱོད་འཇུག་གི་འདོན་ཐབས་འདི་ལྟ་བུ་ཞིག་དགོས་ཞེས། ས་ཐག་རིང་པོ་ནས་འཕྲིན་ཡིག་གི་ལམ་ནས་བསྐུལ་བའི་ངོར། མཁས་གྲུབ་གོང་མ་དག་གི་གསུང་ལ་བརྟེན་ནས། མཁན་པོ་ཆོས་རྗེར་འབོད་པའི་བན་རྒན་སྙོམ་ལས་པ་དམ་ཚིག་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་བློ་ལྡན་ལྷ་བཙུན་དགེ་ཚུལ་བློ་བཟང་ཚེ་རིང་གིས་བགྱིས་པའོ།། འདིས་ཀྱང་བསྟན་འགྲོ་ཡོངས་ལ་ཕན་ཐོགས་པར་གྱུར་ཅིག། །།

Revision as of 20:51, 21 May 2025