Texts/Shes ldan yid kyi gdung sel rigs lam ga bur chu rgyun/Full text/Shes ldan yid kyi gdung sel rigs lam ga bur chu rgyun Tsadra version: Difference between revisions
No edit summary |
No edit summary |
||
| (12 intermediate revisions by the same user not shown) | |||
| Line 1: | Line 1: | ||
{{TibH1|༄༅། །ཤེས་ལྡན་ཡིད་ཀྱི་གདུང་སེལ་རིགས་ལམ་ག་བུར་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།།}} | {{TibH1|༄༅། །ཤེས་ལྡན་ཡིད་ཀྱི་གདུང་སེལ་རིགས་ལམ་ག་བུར་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།།}} | ||
{{TibVerse| | {{TibVerse|རྟེན་འབྱུང་འགོག་པ་མེད་པའི་དབྱིངས།། | ||
རྟེན་འབྱུང་འགོག་པ་མེད་པའི་དབྱིངས།། | |||
སྣ་ཚོགས་ཁམས་བཞིན་རྗེས་འགྲོ་བས།། | སྣ་ཚོགས་ཁམས་བཞིན་རྗེས་འགྲོ་བས།། | ||
རྣམ་བཀྲ་དྲི་མེད་ཡེ་ཤེས་སྐུས།། | རྣམ་བཀྲ་དྲི་མེད་ཡེ་ཤེས་སྐུས།། | ||
ས་གསུམ་འགྲོ་འདི་ཤིས་པས་སྐྱོངས།།</br> | ས་གསུམ་འགྲོ་འདི་ཤིས་པས་སྐྱོངས།།}}</br> | ||
རྒྱལ་ཀུན་མཁྱེན་བརྩེའི་ཕུང་པོ་བཅུ་དྲུག་ཆར།། | {{TibVerse|རྒྱལ་ཀུན་མཁྱེན་བརྩེའི་ཕུང་པོ་བཅུ་དྲུག་ཆར།། | ||
རྫོགས་པའི་ཡིད་འཕྲོག་མཚན་དཔེའི་ལང་ཚོ་ཅན།། | རྫོགས་པའི་ཡིད་འཕྲོག་མཚན་དཔེའི་ལང་ཚོ་ཅན།། | ||
མགྲིན་པའི་འོ་མཚོར་རོལ་བའི་དགྱེས་འཛུམ་གྱིས།། | མགྲིན་པའི་འོ་མཚོར་རོལ་བའི་དགྱེས་འཛུམ་གྱིས།། | ||
ལེགས་བཤད་སྟན་པའི་གླུ་དབྱངས་དེང་འདིར་སྒྲོགས།།</br> | ལེགས་བཤད་སྟན་པའི་གླུ་དབྱངས་དེང་འདིར་སྒྲོགས།།}}</br> | ||
གང་གིས་རིང་ནས་བསྙེན་པའི་ངག་གི་ལྷས།། | {{TibVerse|གང་གིས་རིང་ནས་བསྙེན་པའི་ངག་གི་ལྷས།། | ||
འདི་ནི་དབུ་མའི་ལམ་ལས་རིང་དུ་གྲོལ།། | འདི་ནི་དབུ་མའི་ལམ་ལས་རིང་དུ་གྲོལ།། | ||
རྣོ་ངར་གཟི་འོད་འབར་བའི་མཚོན་ཆ་འདི།། | རྣོ་ངར་གཟི་འོད་འབར་བའི་མཚོན་ཆ་འདི།། | ||
ཁྱོད་ཀྱིས་ཟུངས་ཞེས་བདག་ལ་བཀའི་དབང་བསྐུར།།</br> | ཁྱོད་ཀྱིས་ཟུངས་ཞེས་བདག་ལ་བཀའི་དབང་བསྐུར།།}}</br> | ||
གངས་ཅན་ལུམ་བིའི་སྐྱེད་ཚལ་སུམ་རྩེན་གནས།། | {{TibVerse|གངས་ཅན་ལུམ་བིའི་སྐྱེད་ཚལ་སུམ་རྩེན་གནས།། | ||
མཁྱེན་གཏེར་རང་གཟུགས་སྲིད་ཞིའི་མཆོད་སྡོང་ཆེ།། | མཁྱེན་གཏེར་རང་གཟུགས་སྲིད་ཞིའི་མཆོད་སྡོང་ཆེ།། | ||
བྱིན་རླབས་འོད་སྟོང་འབར་བའི་ཉིན་མོར་བྱེད།། | བྱིན་རླབས་འོད་སྟོང་འབར་བའི་ཉིན་མོར་བྱེད།། | ||
མཚན་དཔེའི་རི་དྭགས་བཀྲ་བའི་འོད་དཀར་ཅན།།</br> | མཚན་དཔེའི་རི་དྭགས་བཀྲ་བའི་འོད་དཀར་ཅན།།}}</br> | ||
འཕྲིན་ལས་དྲི་བསུང་སྤྲོ་བའི་དཔག་བསམ་ལྗོན།། | {{TibVerse|འཕྲིན་ལས་དྲི་བསུང་སྤྲོ་བའི་དཔག་བསམ་ལྗོན།། | ||
སྡེ་བཞིའི་འབྱོར་བ་རྫོགས་པའི་ཀ་ལཱ་པ།། | སྡེ་བཞིའི་འབྱོར་བ་རྫོགས་པའི་ཀ་ལཱ་པ།། | ||
ཕན་བདེའི་རིན་ཆེན་གཏེར་གྱུར་ནོར་བུའི་གླིང་།། | ཕན་བདེའི་རིན་ཆེན་གཏེར་གྱུར་ནོར་བུའི་གླིང་།། | ||
དགེ་མཚན་ཆུ་བོ་འབུམ་འཁྱིལ་མ་དྲོས་མཚོ།།</br> | དགེ་མཚན་ཆུ་བོ་འབུམ་འཁྱིལ་མ་དྲོས་མཚོ།།}}</br> | ||
ཁྲིམས་ལྡན་ཞི་དུལ་ངང་མོ་བྱེ་བའི་ཚོགས།། | {{TibVerse|ཁྲིམས་ལྡན་ཞི་དུལ་ངང་མོ་བྱེ་བའི་ཚོགས།། | ||
ཟབ་རྒྱས་སྙན་པའི་དབྱངས་ཀྱིས་ཅིར་ཡང་རྩེན།། | ཟབ་རྒྱས་སྙན་པའི་དབྱངས་ཀྱིས་ཅིར་ཡང་རྩེན།། | ||
ཆོས་སྲིད་ལུགས་བརྒྱའི་རི་མོ་མ་ཉམས་པས།། | ཆོས་སྲིད་ལུགས་བརྒྱའི་རི་མོ་མ་ཉམས་པས།། | ||
བགྲང་ཡས་སྐྱེ་བོ་བག་ཕེབས་བདེ་བར་སྤྱོད།།</br> | བགྲང་ཡས་སྐྱེ་བོ་བག་ཕེབས་བདེ་བར་སྤྱོད།།}}</br> | ||
མཐའ་དབུས་དཔལ་དང་འབྱོར་བའི་གཡང་གི་ཚོགས།། | {{TibVerse|མཐའ་དབུས་དཔལ་དང་འབྱོར་བའི་གཡང་གི་ཚོགས།། | ||
སྲེད་པའི་ཞགས་པ་མེད་པར་ངང་གིས་འདུ།། | སྲེད་པའི་ཞགས་པ་མེད་པར་ངང་གིས་འདུ།། | ||
ཡིད་སྲུབས་ལས་ཀྱི་དྲི་མ་དང་བྲལ་བས།། | ཡིད་སྲུབས་ལས་ཀྱི་དྲི་མ་དང་བྲལ་བས།། | ||
དྭངས་པའི་མཚོ་བཞིན་ཀུན་གྱི་ཡི་གར་མཐུན།།</br> | དྭངས་པའི་མཚོ་བཞིན་ཀུན་གྱི་ཡི་གར་མཐུན།།}}</br> | ||
འཇམ་དཔལ་རྡོ་རྗེའི་ཡེ་ཤེས་ཕོ་བྲང་མཆོག། | {{TibVerse|འཇམ་དཔལ་རྡོ་རྗེའི་ཡེ་ཤེས་ཕོ་བྲང་མཆོག། | ||
ངུར་སྨྲིག་འཆང་བའི་སྡེ་ཆེན་རྣམ་པར་འཕྲུལ།། | ངུར་སྨྲིག་འཆང་བའི་སྡེ་ཆེན་རྣམ་པར་འཕྲུལ།། | ||
དེ་ལྟའི་ངོ་མཚར་ཞིང་གི་ཆུ་ལྷའི་ཕྱོགས།། | དེ་ལྟའི་ངོ་མཚར་ཞིང་གི་ཆུ་ལྷའི་ཕྱོགས།། | ||
ཁམས་སུ་གྲགས་པའི་ཡུལ་ལྗོངས་ཁྱོན་ཡངས་པ།།</br> | ཁམས་སུ་གྲགས་པའི་ཡུལ་ལྗོངས་ཁྱོན་ཡངས་པ།།}}</br> | ||
དགེ་མཚན་ཕྱོགས་ཀྱི་འདབ་མ་རབ་རྒྱས་ཤིང་།། | {{TibVerse|དགེ་མཚན་ཕྱོགས་ཀྱི་འདབ་མ་རབ་རྒྱས་ཤིང་།། | ||
སྲིད་ན་གྲགས་པའི་ངོ་མཚར་བཟོ་རིག་དང་།། | སྲིད་ན་གྲགས་པའི་ངོ་མཚར་བཟོ་རིག་དང་།། | ||
རྨོངས་པའི་མུན་སེལ་ནང་དོན་རིག་པའི་བཟོ།། | རྨོངས་པའི་མུན་སེལ་ནང་དོན་རིག་པའི་བཟོ།། | ||
མདོ་སྔགས་བཤད་སྒྲུབ་ལས་ཀྱིས་ཐུབ་པའི་བསྟན།།</br> | མདོ་སྔགས་བཤད་སྒྲུབ་ལས་ཀྱིས་ཐུབ་པའི་བསྟན།།}}</br> | ||
སྤེལ་བའི་ས་དགེ་ཕྱག་རྫོགས་དྲན་དབང་བརྒྱས།། | {{TibVerse|སྤེལ་བའི་ས་དགེ་ཕྱག་རྫོགས་དྲན་དབང་བརྒྱས།། | ||
ཡོངས་སུ་བཟུང་བས་ཆོས་ཀྱི་ལོངས་སྤྱོད་རྫོགས།། | ཡོངས་སུ་བཟུང་བས་ཆོས་ཀྱི་ལོངས་སྤྱོད་རྫོགས།། | ||
ཁྱད་པར་རྣམ་དཔྱོད་བརྩོན་པའི་མཐུ་ལྡན་ཞིང་།། | ཁྱད་པར་རྣམ་དཔྱོད་བརྩོན་པའི་མཐུ་ལྡན་ཞིང་།། | ||
མང་ཐོས་ཉམས་སུ་ལེན་པའི་ཀུ་ས་ལི།།</br> | མང་ཐོས་ཉམས་སུ་ལེན་པའི་ཀུ་ས་ལི།།}}</br> | ||
ཟབ་དོན་ཚོལ་བའི་ངལ་བ་མང་བསྟེན་པ།། | {{TibVerse|ཟབ་དོན་ཚོལ་བའི་ངལ་བ་མང་བསྟེན་པ།། | ||
ང་ཡི་མཛའ་ཆེན་མི་ཕམ་བཤེས་གཉེན་བཞུགས།། | ང་ཡི་མཛའ་ཆེན་མི་ཕམ་བཤེས་གཉེན་བཞུགས།། | ||
གང་གི་ཤེར་ཊིཀ་ཡང་ལན་ནམ་མཁའི་དབྱིངས།། | གང་གི་ཤེར་ཊིཀ་ཡང་ལན་ནམ་མཁའི་དབྱིངས།། | ||
ཉེ་བར་སྡུད་པའི་ལུང་རིགས་ལྷ་རྫས་དར།།</br> | ཉེ་བར་སྡུད་པའི་ལུང་རིགས་ལྷ་རྫས་དར།།}}</br> | ||
<br> | |||
{{TibVerse|འདྲིལ་བའི་ཡིད་འཕྲོག་དགུ་ཚིགས་ཞགས་པ་འདི།།</br> | |||
གུས་བཅས་སོར་མོའི་འདབ་མ་བརྐྱང་སྟེ་འབུལ།།}}</br> | གུས་བཅས་སོར་མོའི་འདབ་མ་བརྐྱང་སྟེ་འབུལ།།}}</br> | ||
| Line 69: | Line 67: | ||
{{TibP|རྩོད་ཡིག་རྒོལ་ངན་འཇོམས་པའི་རྡོ་རྗེ་ཕ་ལམ་ཞེས་པ་བདག་གིས་ཀྱང་མཐོང་སྟེ། མང་དུ་ཐོས་ཤིང་རིགས་པའི་རྩལ་སྦྱངས་པའི་ལེགས་བཤད་དུ་སྣང་ངོ་།།}}</br> | {{TibP|རྩོད་ཡིག་རྒོལ་ངན་འཇོམས་པའི་རྡོ་རྗེ་ཕ་ལམ་ཞེས་པ་བདག་གིས་ཀྱང་མཐོང་སྟེ། མང་དུ་ཐོས་ཤིང་རིགས་པའི་རྩལ་སྦྱངས་པའི་ལེགས་བཤད་དུ་སྣང་ངོ་།།}}</br> | ||
{{ | {{TibP|འདིར་སྨྲས་པ།}}<br> | ||
{{TibVerse|ཡིད་འོང་ཤེལ་དཀར་ས་འཛིན་ཕྲེང་བ་ཡི།། | |||
ཡིད་འོང་ཤེལ་དཀར་ས་འཛིན་ཕྲེང་བ་ཡི།། | |||
མུ་ཁྱུད་མཛེས་པའི་གངས་ཅན་མ་ག་དྷ།། | མུ་ཁྱུད་མཛེས་པའི་གངས་ཅན་མ་ག་དྷ།། | ||
མཆོག་ཏུ་བསྔགས་པའི་ཆུ་གཏེར་བདེ་འབྱུང་མེ།། | མཆོག་ཏུ་བསྔགས་པའི་ཆུ་གཏེར་བདེ་འབྱུང་མེ།། | ||
བཤད་སྒྲུབ་འབྲི་ཤིང་རྩེན་པར་སུ་ཞིག་འགྲན།།</br> | བཤད་སྒྲུབ་འབྲི་ཤིང་རྩེན་པར་སུ་ཞིག་འགྲན།།}}</br> | ||
རྣམ་འདྲེན་པདྨ་དཀར་པོའི་འཕྲིན་ལས་ཀྱི།། | {{TibVerse|རྣམ་འདྲེན་པདྨ་དཀར་པོའི་འཕྲིན་ལས་ཀྱི།། | ||
རྣམ་རོལ་སྐུ་ཡི་སྣང་བརྙན་ཉི་ཟླ་ཟུང་།། | རྣམ་རོལ་སྐུ་ཡི་སྣང་བརྙན་ཉི་ཟླ་ཟུང་།། | ||
ཆོས་ཀྱི་རྒྱ་མཚོ་མི་ཟད་ཀླུ་ཡི་དབང་།།</br> | ཆོས་ཀྱི་རྒྱ་མཚོ་མི་ཟད་ཀླུ་ཡི་དབང་།།}}</br> | ||
ཆོས་སྤྲིན་དོ་ཤལ་བཀྲ་བ་ནམ་མཁའི་རྒྱན།། | {{TibVerse|ཆོས་སྤྲིན་དོ་ཤལ་བཀྲ་བ་ནམ་མཁའི་རྒྱན།། | ||
རྫོགས་ལྡན་ཆོས་ཀྱི་ལང་ཚོ་འབར་བ་ཡི།། | རྫོགས་ལྡན་ཆོས་ཀྱི་ལང་ཚོ་འབར་བ་ཡི།། | ||
དག་པའི་ཞིང་མཆོག་སྟུག་པོ་བཀོད་པའི་གནས།།</br> | དག་པའི་ཞིང་མཆོག་སྟུག་པོ་བཀོད་པའི་གནས།།}}</br> | ||
བས་མཐའི་སྐལ་དམན་ལོང་བས་མ་མྱོང་བ།། | {{TibVerse|བས་མཐའི་སྐལ་དམན་ལོང་བས་མ་མྱོང་བ།། | ||
སྙིང་ལ་གདུངས་པའི་མེ་འབར་བཅིལ་མ་ནུས།། | སྙིང་ལ་གདུངས་པའི་མེ་འབར་བཅིལ་མ་ནུས།། | ||
དེ་ལྟ་ནའང་འཇམ་མགོན་རིང་ལུགས་ལ།། | དེ་ལྟ་ནའང་འཇམ་མགོན་རིང་ལུགས་ལ།། | ||
གཞན་དྲིང་མི་འཇོག་སྤོབས་པ་ཆེས་དཀའ་ཡང་།།</br> | གཞན་དྲིང་མི་འཇོག་སྤོབས་པ་ཆེས་དཀའ་ཡང་།།}}</br> | ||
རྙེད་བཀུར་ཕྱིར་དུ་རང་ལུགས་གཏོང་བ་དང་།། | {{TibVerse|རྙེད་བཀུར་ཕྱིར་དུ་རང་ལུགས་གཏོང་བ་དང་།། | ||
ཟབ་ཆོས་གཞན་དུ་ཚོལ་བའི་ཟོག་པོ་མིན།། | ཟབ་ཆོས་གཞན་དུ་ཚོལ་བའི་ཟོག་པོ་མིན།། | ||
ཞེས་བྱ་བ་ནི་རང་བཞིན་བརྗོད་པའོ།།}}</br> | ཞེས་བྱ་བ་ནི་རང་བཞིན་བརྗོད་པའོ།།}}</br> | ||
| Line 97: | Line 93: | ||
{{TibP|དེ་ལྟར་ན་དྲི་མ་མེད་པའི་ཆོས་ཀྱི་ཚུལ་ལ་གཞན་དུའང་བསྲེ་སླད་ཀྱི་མཚན་མ་མཐོང་བ་ཡབ་རྗེའི་རིགས་སུ་སྐྱེས་པའི་མཁས་པ་རྣམ་དཔྱོད་ཅན་གྱིས་རྟག་ཏུ་འཚོ་བར་རིགས་ལ། མཁས་པ་མི་ཕམ་པའི་གཞུང་རྣམས་ཚིག་སྦྱོར་ལེགས་ཤིང་ཟབ་གནས་ཀྱི་བརྗོད་བྱའི་སྲོག་རབ་ཏུ་བརླིང་བས་མཁས་རློམ་དག་གིས་མཐོང་བ་ཙམ་གྱིས་ཡིད་ཞུམ་ཞིང་ལྐོག་གྲོས་ཀྱིས་སྨེ་སྔགས་བཏོན་པས་ཁ་ཉེན་པོར་སོང་བ་ལ། བསྙོན་གདེང་སྟེ་སྨྲས་པ། མི་ཕམ་པ་བླུན་པོ་དགག་པའི་འོས་མ་ཡིན་ཟེར་སྐད། །དགག་པའི་ཡུལ་ཡང་མཐོང་རེ་མེད་མོད། མདོ་ལས། {{TibQuoteInline|སྐྱེས་བུ་སྐྱེ་བའི་ཁ་ནས་ནི། །ཚིག་གི་སྟ་རེས་སྐྱེ་བ་ཡིས། །བདག་ཉིད་ལ་ནི་གཅོད་པར་བྱེད། །}}ཅེས་གསུང་བ་ལྟར་རྣམ་པ་ཀུན་ཏུ་ཕྲག་དོག་གིས་ཡིད་དཀྲུག་པས་བྱུང་རྒྱལ་སྨྲ་བ་རང་ཉིད་ཀྱི་དགེ་བའི་སེམས་ཀྱི་སྲོག་རྩ་ཕྲ་མོ་དེ་གཅོད་པ་ལ་འབད་པར་ཟད་དོ།།}}</br> | {{TibP|དེ་ལྟར་ན་དྲི་མ་མེད་པའི་ཆོས་ཀྱི་ཚུལ་ལ་གཞན་དུའང་བསྲེ་སླད་ཀྱི་མཚན་མ་མཐོང་བ་ཡབ་རྗེའི་རིགས་སུ་སྐྱེས་པའི་མཁས་པ་རྣམ་དཔྱོད་ཅན་གྱིས་རྟག་ཏུ་འཚོ་བར་རིགས་ལ། མཁས་པ་མི་ཕམ་པའི་གཞུང་རྣམས་ཚིག་སྦྱོར་ལེགས་ཤིང་ཟབ་གནས་ཀྱི་བརྗོད་བྱའི་སྲོག་རབ་ཏུ་བརླིང་བས་མཁས་རློམ་དག་གིས་མཐོང་བ་ཙམ་གྱིས་ཡིད་ཞུམ་ཞིང་ལྐོག་གྲོས་ཀྱིས་སྨེ་སྔགས་བཏོན་པས་ཁ་ཉེན་པོར་སོང་བ་ལ། བསྙོན་གདེང་སྟེ་སྨྲས་པ། མི་ཕམ་པ་བླུན་པོ་དགག་པའི་འོས་མ་ཡིན་ཟེར་སྐད། །དགག་པའི་ཡུལ་ཡང་མཐོང་རེ་མེད་མོད། མདོ་ལས། {{TibQuoteInline|སྐྱེས་བུ་སྐྱེ་བའི་ཁ་ནས་ནི། །ཚིག་གི་སྟ་རེས་སྐྱེ་བ་ཡིས། །བདག་ཉིད་ལ་ནི་གཅོད་པར་བྱེད། །}}ཅེས་གསུང་བ་ལྟར་རྣམ་པ་ཀུན་ཏུ་ཕྲག་དོག་གིས་ཡིད་དཀྲུག་པས་བྱུང་རྒྱལ་སྨྲ་བ་རང་ཉིད་ཀྱི་དགེ་བའི་སེམས་ཀྱི་སྲོག་རྩ་ཕྲ་མོ་དེ་གཅོད་པ་ལ་འབད་པར་ཟད་དོ།།}}</br> | ||
{{ | {{TibP|སྨྲས་པ། }}</br> | ||
སྨྲས་པ། | |||
<br> | {{TibVerse|ཆོས་ཚུལ་དྲི་མ་མེད་པའི་འོ་མཚོ་ཡང་།། | ||
ཆོས་ཚུལ་དྲི་མ་མེད་པའི་འོ་མཚོ་ཡང་།། | |||
ལྟ་སྤྱོད་མི་མཐུན་ཁྲག་གིས་སྦགས་གྱུར་ཀྱང་།། | ལྟ་སྤྱོད་མི་མཐུན་ཁྲག་གིས་སྦགས་གྱུར་ཀྱང་།། | ||
བརྐམ་ཆགས་ཅན་དག་བཀུར་སྟིའི་གདུངས་པ་ཡིས།། | བརྐམ་ཆགས་ཅན་དག་བཀུར་སྟིའི་གདུངས་པ་ཡིས།། | ||
ཟོན་མེད་དབེན་པའི་དགའ་ཚལ་ཀུན་ཏུ་ཉུལ།།</br> | ཟོན་མེད་དབེན་པའི་དགའ་ཚལ་ཀུན་ཏུ་ཉུལ།།}}</br> | ||
རང་མཐོང་འུད་ཀྱིས་ཁེངས་པའི་ཟོག་པོ་དང་།། | {{TibVerse|རང་མཐོང་འུད་ཀྱིས་ཁེངས་པའི་ཟོག་པོ་དང་།། | ||
དྲེགས་པའི་ས་འཛིན་དགུང་དུ་བསྙེགས་པ་རྣམས།། | དྲེགས་པའི་ས་འཛིན་དགུང་དུ་བསྙེགས་པ་རྣམས།། | ||
ཕས་རྒོལ་ཚིག་གི་མཚོན་ཆ་གདེངས་པ་འདིས།། | ཕས་རྒོལ་ཚིག་གི་མཚོན་ཆ་གདེངས་པ་འདིས།། | ||
རྒུད་པའི་ས་འོག་མུན་པའི་ཁུང་དུ་བྲོས།།</br> | རྒུད་པའི་ས་འོག་མུན་པའི་ཁུང་དུ་བྲོས།།}}</br> | ||
རྒོལ་བ་མཛེས་པའི་རྒྱན་གྱི་ཆས་རྫོགས་པའི།། | {{TibVerse|རྒོལ་བ་མཛེས་པའི་རྒྱན་གྱི་ཆས་རྫོགས་པའི།། | ||
རུ་འདྲེན་དཔའ་བོས་དཔུང་གི་གཡུལ་བཤམས་ཏེ།། | རུ་འདྲེན་དཔའ་བོས་དཔུང་གི་གཡུལ་བཤམས་ཏེ།། | ||
ལུང་རིགས་མཚོན་ཆ་འབུམ་ཕྲག་བརྟུལ་བ་ན།། | ལུང་རིགས་མཚོན་ཆ་འབུམ་ཕྲག་བརྟུལ་བ་ན།། | ||
གཏོལ་མེད་སྙོམས་ལས་བསྟེན་པའི་སྡར་མ་མང་།།</br> | གཏོལ་མེད་སྙོམས་ལས་བསྟེན་པའི་སྡར་མ་མང་།།}}</br> | ||
ཧེ་ཧེ་མ་འཇིགས་མི་སྐྱོན་གྲོགས་པོ་དག། | {{TibVerse|ཧེ་ཧེ་མ་འཇིགས་མི་སྐྱོན་གྲོགས་པོ་དག། | ||
ལུང་རིགས་དཔའ་རྩལ་རྫོགས་པའི་ཕས་རྒོལ་དང་།། | ལུང་རིགས་དཔའ་རྩལ་རྫོགས་པའི་ཕས་རྒོལ་དང་།། | ||
ལྷན་ཅིག་རལ་ག་བྱས་པའི་ཉམས་མྱོང་དང་།། | ལྷན་ཅིག་རལ་ག་བྱས་པའི་ཉམས་མྱོང་དང་།། | ||
དཔའ་ལ་སྐྱོང་བའི་མན་ངག་ཞལ་ཤེས་ཡོད།།</br> | དཔའ་ལ་སྐྱོང་བའི་མན་ངག་ཞལ་ཤེས་ཡོད།།}}</br> | ||
དེ་སླད་ཕ་རོལ་སྦྱིན་སྐྱེས་དཔུང་གི་ཚོགས།། | {{TibVerse|དེ་སླད་ཕ་རོལ་སྦྱིན་སྐྱེས་དཔུང་གི་ཚོགས།། | ||
འཇོམས་པའི་ཞོ་འཐུང་རུས་པ་ལས་གྲུབ་པའི།། | འཇོམས་པའི་ཞོ་འཐུང་རུས་པ་ལས་གྲུབ་པའི།། | ||
ཐོགས་མེད་ལུང་རིགས་རྡོ་རྗེ་རྩེ་བརྒྱ་བ།། | ཐོགས་མེད་ལུང་རིགས་རྡོ་རྗེ་རྩེ་བརྒྱ་བ།། | ||
དྲན་པས་ལྷ་མིན་ལོག་རྟོག་མངལ་ཀུན་འཇིག། | དྲན་པས་ལྷ་མིན་ལོག་རྟོག་མངལ་ཀུན་འཇིག།}}</br> | ||
ཅེས་བྱ་བ་ནི་སྔ་ཕྱི་མཚམས་སྦྱོར་བའི་ཚིགས་སུ་བཅད་པའོ།།}}</br> | {{TibP|ཅེས་བྱ་བ་ནི་སྔ་ཕྱི་མཚམས་སྦྱོར་བའི་ཚིགས་སུ་བཅད་པའོ།།}}</br> | ||
{{TibP|དེ་ལྟར་ན་དུས་མཐའ་འདི་ལ་མཁས་པའི་ཟོབ་ཀྱིས་རྒྱུ་བའི་ཚུལ་འཆོས་མཁན་པོ་རྟོག་གེ་བ་བདག་གིས་རབ་ཚེས་མེ་བྱ་ལ་རྩོད་པའི་སྦྱོར་དངོས་ཀྱི་ཡི་གེ་གཉིས་བསྐུར། དེ་ནས་ལོ་གཅིག་གཉིས་སོང་བ་ན་འགའ་ཞིག་ན་རེ། རྩོད་ཡིག་ཁོང་ལ་འབྱོར་སོང་བས་ཁྱོད་ལ་ལན་གྱི་ཡི་གེ་འོངས་སམ་ཟེར། ཁོ་བོས་འདི་སྐད་དུ། བཤེས་གཉེན་མི་ཕམ་པ་ནི་བདག་ལྟ་བུ་རྩོམ་ཆོས་གང་མང་གི་སྙིང་ཁམས་འགྲན་ཞིང་ཆགས་སྡང་གིས་སྐྱེ་བོ་མང་པོ་ངན་སོང་དུ་བསྒྱུར་བའི་སྨྲ་བ་ལ་དགའ་བའི་ཉེས་དམིགས་མཐའ་ཡས་པ་སྤྱི་བོས་ནོད་པ་ཞིག་མ་ཡིན་གྱི། སྒྲུབ་པ་སྙིང་པོར་བྱས་ཏེ་གཏན་གྱི་འདུན་མར་བརྩོན་པའི་ངེས་དོན་གྱི་མཁས་པ་ཆེན་པོ་ཞིག་ཡིན་པས་དགེ་སྦྱོང་གི་ཆོས་བདག་གིར་བཞེས་ཏེ་ལན་མི་བྱེད་པར་ངེས། ལན་ཙམ་འབྲི་མི་ནུས་པ་མ་ཡིན་ཞེས་སྨྲས། ཆུ་ཡོས་༣༣ ཟླ་༩ ཚེས་༨ ལ་ཡོང་འདུག་ཟེར། ཨོ་བསྟོད་ར་བྱས་པ་སྔ་ཐལ་བས་གཞན་ལ་ངོ་ཡང་གནོང་མོད། འོ་ན་མཚམས་བསྙེན་གྱི་འུད་བསྒྲགས་ཀྱང་ཁ་ཆོས་པ་ཞིག་ཡིན་སྣང་བ་སད་ན་འདི་ལྟར།}}</br> | {{TibP|དེ་ལྟར་ན་དུས་མཐའ་འདི་ལ་མཁས་པའི་ཟོབ་ཀྱིས་རྒྱུ་བའི་ཚུལ་འཆོས་མཁན་པོ་རྟོག་གེ་བ་བདག་གིས་རབ་ཚེས་མེ་བྱ་ལ་རྩོད་པའི་སྦྱོར་དངོས་ཀྱི་ཡི་གེ་གཉིས་བསྐུར། དེ་ནས་ལོ་གཅིག་གཉིས་སོང་བ་ན་འགའ་ཞིག་ན་རེ། རྩོད་ཡིག་ཁོང་ལ་འབྱོར་སོང་བས་ཁྱོད་ལ་ལན་གྱི་ཡི་གེ་འོངས་སམ་ཟེར། ཁོ་བོས་འདི་སྐད་དུ། བཤེས་གཉེན་མི་ཕམ་པ་ནི་བདག་ལྟ་བུ་རྩོམ་ཆོས་གང་མང་གི་སྙིང་ཁམས་འགྲན་ཞིང་ཆགས་སྡང་གིས་སྐྱེ་བོ་མང་པོ་ངན་སོང་དུ་བསྒྱུར་བའི་སྨྲ་བ་ལ་དགའ་བའི་ཉེས་དམིགས་མཐའ་ཡས་པ་སྤྱི་བོས་ནོད་པ་ཞིག་མ་ཡིན་གྱི། སྒྲུབ་པ་སྙིང་པོར་བྱས་ཏེ་གཏན་གྱི་འདུན་མར་བརྩོན་པའི་ངེས་དོན་གྱི་མཁས་པ་ཆེན་པོ་ཞིག་ཡིན་པས་དགེ་སྦྱོང་གི་ཆོས་བདག་གིར་བཞེས་ཏེ་ལན་མི་བྱེད་པར་ངེས། ལན་ཙམ་འབྲི་མི་ནུས་པ་མ་ཡིན་ཞེས་སྨྲས། ཆུ་ཡོས་༣༣ ཟླ་༩ ཚེས་༨ ལ་ཡོང་འདུག་ཟེར། ཨོ་བསྟོད་ར་བྱས་པ་སྔ་ཐལ་བས་གཞན་ལ་ངོ་ཡང་གནོང་མོད། འོ་ན་མཚམས་བསྙེན་གྱི་འུད་བསྒྲགས་ཀྱང་ཁ་ཆོས་པ་ཞིག་ཡིན་སྣང་བ་སད་ན་འདི་ལྟར།}}</br> | ||
{{TibVerse| | {{TibVerse|ཏིང་འཛིན་མལ་དུ་ཏིང་འཛིན་འཇའ་ཚོན་ཡལ།། | ||
ཏིང་འཛིན་མལ་དུ་ཏིང་འཛིན་འཇའ་ཚོན་ཡལ།། | |||
ཀུན་རྟོག་པིར་གྱིས་ཡིད་ཀྱི་མེ་ལོང་ངལ།། | ཀུན་རྟོག་པིར་གྱིས་ཡིད་ཀྱི་མེ་ལོང་ངལ།། | ||
རྗེས་སུ་སུག་ལས་ངན་པས་ལུས་ཀྱང་ངལ།། | རྗེས་སུ་སུག་ལས་ངན་པས་ལུས་ཀྱང་ངལ།། | ||
ལས་དེས་མཐའ་ཡས་འགྲོ་ལ་ཇི་ལྟར་འགྱུར།།</br> | ལས་དེས་མཐའ་ཡས་འགྲོ་ལ་ཇི་ལྟར་འགྱུར།།}}</br> | ||
བསྔགས་བརྗོད་ཚིག་གི་པདྨོའི་དོ་ཤལ་གྱིས། ། | {{TibVerse|བསྔགས་བརྗོད་ཚིག་གི་པདྨོའི་དོ་ཤལ་གྱིས། ། | ||
གང་གི་རྣལ་འབྱོར་མགུལ་བ་མཛེས་གྱུར་པ།། | གང་གི་རྣལ་འབྱོར་མགུལ་བ་མཛེས་གྱུར་པ།། | ||
ཆགས་སྡང་མེ་ཆུ་འཐབ་པའི་དཀྱིལ་འཁོར་དུ།། | ཆགས་སྡང་མེ་ཆུ་འཐབ་པའི་དཀྱིལ་འཁོར་དུ།། | ||
རྗེས་མེད་སྐལ་བ་དམན་པ་འདི་ཀོ་ཅི།།</br> | རྗེས་མེད་སྐལ་བ་དམན་པ་འདི་ཀོ་ཅི།།}}</br> | ||
ངེས་དོན་རྣལ་འབྱོར་དབང་པོར་རེ་ཐག་ཆད།། | {{TibVerse|ངེས་དོན་རྣལ་འབྱོར་དབང་པོར་རེ་ཐག་ཆད།། | ||
མཚམས་ཀྱི་ཟོལ་བསྟེན་དཔེ་ཀློག་རྩོད་ཡིག་བྲིས།། | མཚམས་ཀྱི་ཟོལ་བསྟེན་དཔེ་ཀློག་རྩོད་ཡིག་བྲིས།། | ||
ཐུན་དང་ཐུན་གསེང་ཁ་ཕོ་ཆེར་སྒྲོག་ཀྱང་།། | ཐུན་དང་ཐུན་གསེང་ཁ་ཕོ་ཆེར་སྒྲོག་ཀྱང་།། | ||
| Line 156: | Line 149: | ||
{{TibP|ཁས་བླངས་དང་འགལ་བ་དང་། མ་རྟོགས་འཁྲུལ་བའི་ཉེས་པ་དང་། ལོག་པར་རྟོག་པའི་ཉེས་པ་བསལ་བ་དང་། །ཆོས་ཚུལ་སྙིང་པོ་གཅིག་ཏུ་འབབ་པའི་ཚུལ་དང་བཞིའོ། །}}</br> | {{TibP|ཁས་བླངས་དང་འགལ་བ་དང་། མ་རྟོགས་འཁྲུལ་བའི་ཉེས་པ་དང་། ལོག་པར་རྟོག་པའི་ཉེས་པ་བསལ་བ་དང་། །ཆོས་ཚུལ་སྙིང་པོ་གཅིག་ཏུ་འབབ་པའི་ཚུལ་དང་བཞིའོ། །}}</br> | ||
{{ | {{TibP|སྨྲས་པ།}}</br> | ||
<br> | |||
{{TibVerse|ཡིད་འོང་ནགས་ཚལ་འཁྲིགས་པའི་མཱ་ལ་ཡའི།། | |||
ཡིད་འོང་ནགས་ཚལ་འཁྲིགས་པའི་མཱ་ལ་ཡའི།། | |||
ཕུག་ཏུ་འཚོ་བའི་དགེ་སྦྱོང་སྤོང་བ་པའི།། | ཕུག་ཏུ་འཚོ་བའི་དགེ་སྦྱོང་སྤོང་བ་པའི།། | ||
མཁྱེན་དཔྱོད་ས་འཛིན་ལྟེ་བ་ལས་འཁྲུང་བའི།། | མཁྱེན་དཔྱོད་ས་འཛིན་ལྟེ་བ་ལས་འཁྲུང་བའི།། | ||
ཚིག་གི་ལོ་འདབ་རྒྱས་པའི་ལྗོན་པ་མཐོང་།།</br> | ཚིག་གི་ལོ་འདབ་རྒྱས་པའི་ལྗོན་པ་མཐོང་།།}}</br> | ||
མཚམས་བཅད་བསྙེན་པའི་ཞལ་བཞེས་འུད་ཆེ་བས།། | {{TibVerse|མཚམས་བཅད་བསྙེན་པའི་ཞལ་བཞེས་འུད་ཆེ་བས།། | ||
ཉམས་ཚོད་འགམ་པའི་ཀུ་རེ་ཚིག་སྨྲས་པ།། | ཉམས་ཚོད་འགམ་པའི་ཀུ་རེ་ཚིག་སྨྲས་པ།། | ||
བཟོད་མེད་ཐུགས་ཀྱི་ཚེར་མ་བཞིན་གྱུར་ཏེ།། | བཟོད་མེད་ཐུགས་ཀྱི་ཚེར་མ་བཞིན་གྱུར་ཏེ།། | ||
ཟས་སྐོམ་བསྙུང་ཞིང་གཉིད་ཀྱང་ཡལ་བ་སྙམ།།</br> | ཟས་སྐོམ་བསྙུང་ཞིང་གཉིད་ཀྱང་ཡལ་བ་སྙམ།།}}</br> | ||
ཕྱོགས་སྔའི་ཚིག་དང་རིགས་པའི་འགྲོས་ཙམ་གྱིས།། | {{TibVerse|ཕྱོགས་སྔའི་ཚིག་དང་རིགས་པའི་འགྲོས་ཙམ་གྱིས།། | ||
དགག་པའི་ལམ་གྱི་ངལ་དུབ་མཐར་ཡང་ལྷུང་།། | དགག་པའི་ལམ་གྱི་ངལ་དུབ་མཐར་ཡང་ལྷུང་།། | ||
ཚིག་རྣམས་ཇི་བཞིན་ཕྱིར་ཡང་ཟློས་བྱས་པས།། | ཚིག་རྣམས་ཇི་བཞིན་ཕྱིར་ཡང་ཟློས་བྱས་པས།། | ||
བདེ་འཇམ་ཐུགས་ནི་ཏིང་འཛིན་གཉིད་དུ་སོང་།།</br> | བདེ་འཇམ་ཐུགས་ནི་ཏིང་འཛིན་གཉིད་དུ་སོང་།།}}</br> | ||
སྔོན་དུས་ཧྭ་ཤང་ཐེག་པ་ཆེན་པོ་བས།། | {{TibVerse|སྔོན་དུས་ཧྭ་ཤང་ཐེག་པ་ཆེན་པོ་བས།། | ||
ཅང་མེད་ཤེས་བྱེད་དྲངས་པ་མཁའ་ཀླུར་སླེབ།། | ཅང་མེད་ཤེས་བྱེད་དྲངས་པ་མཁའ་ཀླུར་སླེབ།། | ||
དེ་བཞིན་འདིར་ཡང་ཚིག་ལ་རྟོན་པའི་ཕྱིར།། | དེ་བཞིན་འདིར་ཡང་ཚིག་ལ་རྟོན་པའི་ཕྱིར།། | ||
མདོ་རྒྱུད་ལུང་གིས་ཚིག་གི་ཚོགས་ཀྱང་བསྐྱེད།།</br> | མདོ་རྒྱུད་ལུང་གིས་ཚིག་གི་ཚོགས་ཀྱང་བསྐྱེད།།}}</br> | ||
གང་གིས་སྨྱོས་གནང་བཀའ་རྒྱ་དེང་གྲོལ་བས།། | {{TibVerse|གང་གིས་སྨྱོས་གནང་བཀའ་རྒྱ་དེང་གྲོལ་བས།། | ||
མ་དུལ་རྟོག་གེ་གླང་ཆེན་བག་མེད་ངས།། | མ་དུལ་རྟོག་གེ་གླང་ཆེན་བག་མེད་ངས།། | ||
ཟབ་སྣང་རྒྱ་མཚོ་དཀྲུག་པའི་འདམ་རྫབ་ཀྱིས།། | ཟབ་སྣང་རྒྱ་མཚོ་དཀྲུག་པའི་འདམ་རྫབ་ཀྱིས།། | ||
| Line 193: | Line 185: | ||
{{TibP|གཞན་གྱི་ཚིག་ལ་{{TibArgInline|གཏམ་གྱི་ཉེས་པ་ཡོད་རང་ལ་མེད། ཞེན་ལྟ་སྤངས་}}ཟེར་བ་དང་། རང་ཕྱོགས་ལ་ཆགས་པ་དང་། སྔ་རབས་པ་འགའི་ལུགས་ལ་ཞེན་ལྟས་བཅིང་བ་འགལ་ལོ། །གཞན་གྱི་ཚིག་གིས་ཞེ་སྡང་བསླང་ན་ཁྱེད་ལ་བསླང་བས་{{TibArgInline|ཞེ་སྡང་མེད་}}ཟེར་བ་འགལ། གཞན་གྱི་སྐྱོན་བརྗོད་ཀྱི་ཚིག་ཇི་བཞིན་དུ་བཟླས་པས་ཞེ་སྡང་མི་སློང་བའང་འགལ་བའོ། །}}</br> | {{TibP|གཞན་གྱི་ཚིག་ལ་{{TibArgInline|གཏམ་གྱི་ཉེས་པ་ཡོད་རང་ལ་མེད། ཞེན་ལྟ་སྤངས་}}ཟེར་བ་དང་། རང་ཕྱོགས་ལ་ཆགས་པ་དང་། སྔ་རབས་པ་འགའི་ལུགས་ལ་ཞེན་ལྟས་བཅིང་བ་འགལ་ལོ། །གཞན་གྱི་ཚིག་གིས་ཞེ་སྡང་བསླང་ན་ཁྱེད་ལ་བསླང་བས་{{TibArgInline|ཞེ་སྡང་མེད་}}ཟེར་བ་འགལ། གཞན་གྱི་སྐྱོན་བརྗོད་ཀྱི་ཚིག་ཇི་བཞིན་དུ་བཟླས་པས་ཞེ་སྡང་མི་སློང་བའང་འགལ་བའོ། །}}</br> | ||
{{ | {{TibP|སྨྲས་པ། }}</br> | ||
<br> | |||
{{TibVerse|རྫོགས་ཆེན་མཁས་དབང་དམ་པ་དཔལ་སྤྲུལ་དང་།། | |||
རྫོགས་ཆེན་མཁས་དབང་དམ་པ་དཔལ་སྤྲུལ་དང་།། | |||
མང་ཐོས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས།། | མང་ཐོས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས།། | ||
དག་སྣང་ཕྱོགས་མེད་བག་ཡོད་ཞི་དུལ་གྱིས།། | དག་སྣང་ཕྱོགས་མེད་བག་ཡོད་ཞི་དུལ་གྱིས།། | ||
རང་གཞན་ཀུན་གྱིས་བསྟོད་ཅིང་མཐོང་སྨོན་བྱེད།།</br> | རང་གཞན་ཀུན་གྱིས་བསྟོད་ཅིང་མཐོང་སྨོན་བྱེད།།}}</br> | ||
ཁྱོད་ནི་མཁས་པའི་ཡོན་ཏན་མི་དམན་མོད།། | {{TibVerse|ཁྱོད་ནི་མཁས་པའི་ཡོན་ཏན་མི་དམན་མོད།། | ||
ཕྱོགས་རྣམས་ཀུན་ནས་ཕས་རྒོལ་དགྲ་ལྡང་བ།། | ཕྱོགས་རྣམས་ཀུན་ནས་ཕས་རྒོལ་དགྲ་ལྡང་བ།། | ||
དེ་ནི་ངན་ལྟས་ལས་གཞན་ཇི་ག་ཞིག། | དེ་ནི་ངན་ལྟས་ལས་གཞན་ཇི་ག་ཞིག། | ||
བཟོད་པའི་ཞིང་ནི་དཀོན་པའི་རྒྱུ་མཚན་གཟིགས།།</br> | བཟོད་པའི་ཞིང་ནི་དཀོན་པའི་རྒྱུ་མཚན་གཟིགས།།}}</br> | ||
ཤེར་ལེར་རྩོད་ལན་མང་བ་གཟིགས་ལེགས་ཏེ།། | {{TibVerse|ཤེར་ལེར་རྩོད་ལན་མང་བ་གཟིགས་ལེགས་ཏེ།། | ||
བག་ཡོད་ཤེས་བཞིན་ལེའུ་ཅིས་མ་གཟིགས།། | བག་ཡོད་ཤེས་བཞིན་ལེའུ་ཅིས་མ་གཟིགས།། | ||
སྣ་ཚོགས་གྲུབ་མཐའི་ལྟ་སྤྱོད་སྐྱོན་མཁས་པས།། | སྣ་ཚོགས་གྲུབ་མཐའི་ལྟ་སྤྱོད་སྐྱོན་མཁས་པས།། | ||
རིས་མེད་རྟོགས་ལྡན་ནམ་མཁའི་སྐར་ཚོགས་མཛེས།། ཞེས་སྨྲས་སོ།།}}</br> | རིས་མེད་རྟོགས་ལྡན་ནམ་མཁའི་སྐར་ཚོགས་མཛེས།། }}</br> | ||
{{TibP|ཞེས་སྨྲས་སོ།།}}</br> | |||
{{TibP|རྗེ་ཐམས་ཅད་མཁྱེན་པ་ལ་བསྟོད་པ་ཆེར་བྱས་ཟེར་མོད། ཤེར་ཊིཀ་ཏུ་༼མི་ཕམ་གྱིས་༽{{TibArgInline|ངག་འབྲེལ་མེད་དེ་འདྲ་}}ཟེར་བ་དང་། {{TibArgInline|གཞན་དུ་བཤད་པ་ཇི་སྙེད་པ་ཀླུ་སྒྲུབ་དང་ཟླ་བའི་དགོངས་པ་མ་ཡིན་}}ཟེར་བ་སོགས་སྔ་ཕྱི་འགལ་བས་བསྟོད་ཚུལ་ནི་མིས་ཁ་ཉེན་པ་འགོག་པའོ།།}}</br> | {{TibP|རྗེ་ཐམས་ཅད་མཁྱེན་པ་ལ་བསྟོད་པ་ཆེར་བྱས་ཟེར་མོད། ཤེར་ཊིཀ་ཏུ་༼མི་ཕམ་གྱིས་༽{{TibArgInline|ངག་འབྲེལ་མེད་དེ་འདྲ་}}ཟེར་བ་དང་། {{TibArgInline|གཞན་དུ་བཤད་པ་ཇི་སྙེད་པ་ཀླུ་སྒྲུབ་དང་ཟླ་བའི་དགོངས་པ་མ་ཡིན་}}ཟེར་བ་སོགས་སྔ་ཕྱི་འགལ་བས་བསྟོད་ཚུལ་ནི་མིས་ཁ་ཉེན་པ་འགོག་པའོ།།}}</br> | ||
| Line 221: | Line 214: | ||
{{TibP|སྦྱིན་ཚུལ་ཕན་ཚུན་མཚུངས་པར་མི་ལྡན་ཡང་། དེ་དག་བཟོད་བརྩོན་སོགས་བཞི་དང་ལྡན་པར་ངེས། བཟོད་པ་ཞེ་སྡང་མེད་པ་དང་རྣམ་པར་མི་འཚེ་བ་དང་། དེ་གཉིས་བཟོད་པ་དང་། བཟོད་པ་དང་བྱམས་པ་སོགས་མུར་ཕྱེ་ཚུལ། བྱམས་པ་དང་མཚུངས་ལྡན་གྱི་སྦྱིན་པ་བྱམས་པའི་སྦྱིན་པ་དང་། བཟློག་སྟེ་དང་། དེ་བཞིན་དུ་སྦྱིན་པ་བཞི། བཟོད་པ་གསུམ། ཆོས་ལ་ངེས་སེམས་ཀྱི་བཟོད་པ་བརྒྱད། བརྩོན་འགྲུས་གསུམ་དང་། དྲུག་རྣམས་ཕན་ཚུན་མཚུངས་པར་ལྡན་ཚུལ། ཉན་ཐོས་ཀྱི་ཡིད་བྱེད་སྤོང་བའི་ཚུལ་ཁྲིམས་དང་། ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་དག་ལ་རྟོགས་རིགས་དྲུག་སོགས་དཔྱད་འོས་མང་བ་ཞར་བྱུང་ཙམ་སྟེ་མཁས་པ་ཁོང་ལ་ཞུས་པ་མ་ཡིན་ནོ།།}}</br> | {{TibP|སྦྱིན་ཚུལ་ཕན་ཚུན་མཚུངས་པར་མི་ལྡན་ཡང་། དེ་དག་བཟོད་བརྩོན་སོགས་བཞི་དང་ལྡན་པར་ངེས། བཟོད་པ་ཞེ་སྡང་མེད་པ་དང་རྣམ་པར་མི་འཚེ་བ་དང་། དེ་གཉིས་བཟོད་པ་དང་། བཟོད་པ་དང་བྱམས་པ་སོགས་མུར་ཕྱེ་ཚུལ། བྱམས་པ་དང་མཚུངས་ལྡན་གྱི་སྦྱིན་པ་བྱམས་པའི་སྦྱིན་པ་དང་། བཟློག་སྟེ་དང་། དེ་བཞིན་དུ་སྦྱིན་པ་བཞི། བཟོད་པ་གསུམ། ཆོས་ལ་ངེས་སེམས་ཀྱི་བཟོད་པ་བརྒྱད། བརྩོན་འགྲུས་གསུམ་དང་། དྲུག་རྣམས་ཕན་ཚུན་མཚུངས་པར་ལྡན་ཚུལ། ཉན་ཐོས་ཀྱི་ཡིད་བྱེད་སྤོང་བའི་ཚུལ་ཁྲིམས་དང་། ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་དག་ལ་རྟོགས་རིགས་དྲུག་སོགས་དཔྱད་འོས་མང་བ་ཞར་བྱུང་ཙམ་སྟེ་མཁས་པ་ཁོང་ལ་ཞུས་པ་མ་ཡིན་ནོ།།}}</br> | ||
{{ | {{TibP|སྨྲས་པ།}}</br> | ||
<br> | |||
{{TibVerse|གཅམ་པུའི་ཚིག་གི་དྲག་ཆར་སུ་ཡིད་རྟོན།། | |||
གཅམ་པུའི་ཚིག་གི་དྲག་ཆར་སུ་ཡིད་རྟོན།། | |||
ལྟར་སྣང་དམ་བཅའི་ན་བུན་བཏུད་པས་འཇིག། | ལྟར་སྣང་དམ་བཅའི་ན་བུན་བཏུད་པས་འཇིག། | ||
དོན་ཆེན་ལྷུན་པོ་འདྲེན་བྱེད་ཡུལ་ལས་འགོང་།། | དོན་ཆེན་ལྷུན་པོ་འདྲེན་བྱེད་ཡུལ་ལས་འགོང་།། | ||
ཚད་དུ་མ་ཕབ་བབ་ཅོལ་ཆུ་ཤིང་སྟོང་།།</br> | ཚད་དུ་མ་ཕབ་བབ་ཅོལ་ཆུ་ཤིང་སྟོང་།།}}</br> | ||
ཕྱི་རོལ་རྩོད་པའི་ལས་ལ་ཞུམ་མེད་ཀྱང་།། | {{TibVerse|ཕྱི་རོལ་རྩོད་པའི་ལས་ལ་ཞུམ་མེད་ཀྱང་།། | ||
རང་སེམས་ལས་སུ་རུང་བའི་སྐལ་བ་ཕྲ།། | རང་སེམས་ལས་སུ་རུང་བའི་སྐལ་བ་ཕྲ།། | ||
ཆོས་ཀྱི་དོན་པོ་སེམས་ཀྱི་གསང་མ་ཤེས།། | ཆོས་ཀྱི་དོན་པོ་སེམས་ཀྱི་གསང་མ་ཤེས།། | ||
དོན་མེད་དལ་བས་དལ་འབྱོར་ནོར་བུ་བརླག། | དོན་མེད་དལ་བས་དལ་འབྱོར་ནོར་བུ་བརླག། }}</br> | ||
ཅེས་ཀྱང་འཚེར་རོ།།}}</br> | |||
{{TibP|ཅེས་ཀྱང་འཚེར་རོ།།}}</br> | |||
{{TibP|ཤེར་ཊིཀ་ཏུ་༼མི་ཕམ་གྱིས་༽དེ་ལས་ཀྱང་བཟློག་{{TibArgInline|ཅེས་པ་བདག་འཛིན་བཟློག་པར་སྦྱར་བ་མི་རིགས་}}ཞེས་བཤད་ཀྱང་། རབ་སྣང་འདིར་{{TibArgInline|དགེ་བ་ལྷ་དང་ཤེར་འབྱུང་གི་དགོངས་པར་སོང་བས་རུང་}}ཞེས་དངོས་འགལ་དུ་བུད། འདིར་{{TibArgInline|སྔ་ཕྱི་འགལ་བ་ཡོད་}}ཟེར་མོད། །སྐབས་དོན་དང་ཁས་ལེན་སོང་ཚུལ་གྱི་རིགས་པའང་མ་ཤེས་པས་ནོངས་ཏེ། སེམས་ལྡན་དུ་ཞེན་པའི་ལོག་ཤེས་ཡོད། དེ་མ་ཡིན་པར་ཞེན་པའི་ཚད་མ་ཡོད། མྱང་འདས་ཐོབ་བྱར་ཞེན་པའི་ཚད་མ་ཡོད། དེ་ཐོབ་བྱ་མ་ཡིན་པར་ཞེན་པའི་ལོག་ཤེས་ཡོད་པའི་ཕྱིར་མི་ཤེས་ན་རིགས་པ་སྨྲ་བ་ཞིག་ལ་དྲིས་དང་ངེས་པ་སྐྱེའོ།།}}</br> | {{TibP|ཤེར་ཊིཀ་ཏུ་༼མི་ཕམ་གྱིས་༽དེ་ལས་ཀྱང་བཟློག་{{TibArgInline|ཅེས་པ་བདག་འཛིན་བཟློག་པར་སྦྱར་བ་མི་རིགས་}}ཞེས་བཤད་ཀྱང་། རབ་སྣང་འདིར་{{TibArgInline|དགེ་བ་ལྷ་དང་ཤེར་འབྱུང་གི་དགོངས་པར་སོང་བས་རུང་}}ཞེས་དངོས་འགལ་དུ་བུད། འདིར་{{TibArgInline|སྔ་ཕྱི་འགལ་བ་ཡོད་}}ཟེར་མོད། །སྐབས་དོན་དང་ཁས་ལེན་སོང་ཚུལ་གྱི་རིགས་པའང་མ་ཤེས་པས་ནོངས་ཏེ། སེམས་ལྡན་དུ་ཞེན་པའི་ལོག་ཤེས་ཡོད། དེ་མ་ཡིན་པར་ཞེན་པའི་ཚད་མ་ཡོད། མྱང་འདས་ཐོབ་བྱར་ཞེན་པའི་ཚད་མ་ཡོད། དེ་ཐོབ་བྱ་མ་ཡིན་པར་ཞེན་པའི་ལོག་ཤེས་ཡོད་པའི་ཕྱིར་མི་ཤེས་ན་རིགས་པ་སྨྲ་བ་ཞིག་ལ་དྲིས་དང་ངེས་པ་སྐྱེའོ།།}}</br> | ||
| Line 241: | Line 234: | ||
{{TibP|ཡང་ནང་འགལ་སྨྲས་པ། {{TibArgInline|བདག་གཉིས་རིམ་ཅན་དུ་འབྱུང་ན་སྔ་མ་ཡོད་ལ་ཕྱི་མ་མེད་པའི་སོ་སྐྱེ་ཡོད་པར་ཐལ་}}ཟེར། དེའི་རྗེས་དེ་མ་ཐག་ཏུ་{{TibArgInline|བདག་འཛིན་གཉིས་ཀྱི་དེ་བྱུང་གི་འབྲེལ་བ་ལ་སྐྱོན་བརྗོད་པ་མ་ཡིན་ཀྱང་སྔར་ལྟར་རིགས་པའི་རྣམ་འགྱུར་བྱས་}}གསུང་། འོ་ན་སེམས་དང་བདག་འཛིན་གཉིས་རྣམས་དེ་དང་དེའི་རྐྱེན་བཞི་ལས་སྐྱེ་ཕྱིར་སེམས་མེད་པའི་སེམས་ཅན་དང་། བདག་འཛིན་མེད་པའི་སོ་སྐྱེ་ཁྱོད་ཀྱིས་ཁས་ལོངས་ཤིག ཀྱེ་མ་རིགས་པའི་རྣམ་འགྱུར་སྨེ་བོ་འདི་མ་བྱས་ན་ལེགས་མོད། འདི་འདྲ་ཞིག་དང་རྩོད་པ་བྱས་ན་ང་ཡང་ངོ་གནོང་ངོ་། །}}</br> | {{TibP|ཡང་ནང་འགལ་སྨྲས་པ། {{TibArgInline|བདག་གཉིས་རིམ་ཅན་དུ་འབྱུང་ན་སྔ་མ་ཡོད་ལ་ཕྱི་མ་མེད་པའི་སོ་སྐྱེ་ཡོད་པར་ཐལ་}}ཟེར། དེའི་རྗེས་དེ་མ་ཐག་ཏུ་{{TibArgInline|བདག་འཛིན་གཉིས་ཀྱི་དེ་བྱུང་གི་འབྲེལ་བ་ལ་སྐྱོན་བརྗོད་པ་མ་ཡིན་ཀྱང་སྔར་ལྟར་རིགས་པའི་རྣམ་འགྱུར་བྱས་}}གསུང་། འོ་ན་སེམས་དང་བདག་འཛིན་གཉིས་རྣམས་དེ་དང་དེའི་རྐྱེན་བཞི་ལས་སྐྱེ་ཕྱིར་སེམས་མེད་པའི་སེམས་ཅན་དང་། བདག་འཛིན་མེད་པའི་སོ་སྐྱེ་ཁྱོད་ཀྱིས་ཁས་ལོངས་ཤིག ཀྱེ་མ་རིགས་པའི་རྣམ་འགྱུར་སྨེ་བོ་འདི་མ་བྱས་ན་ལེགས་མོད། འདི་འདྲ་ཞིག་དང་རྩོད་པ་བྱས་ན་ང་ཡང་ངོ་གནོང་ངོ་། །}}</br> | ||
{{ | {{TibP|སྨྲས་པ།}}</br> | ||
<br> | |||
{{TibVerse|རིགས་ལམ་མ་སྦྱངས་མི་ཕམ་དགོན་པ་བ།། | |||
རིགས་ལམ་མ་སྦྱངས་མི་ཕམ་དགོན་པ་བ།། | |||
རིགས་པའི་མེ་གྲོགས་རླུང་གིས་མ་ཟིན་པས།། | རིགས་པའི་མེ་གྲོགས་རླུང་གིས་མ་ཟིན་པས།། | ||
རིགས་པ་བཀོད་དེ་རང་གིས་སུན་ཕྱུང་བ།། | རིགས་པ་བཀོད་དེ་རང་གིས་སུན་ཕྱུང་བ།། | ||
རིགས་པ་སྨྲ་བའི་ཚོགས་ཀྱིས་ག་ཞར་མཛོད།།</br> | རིགས་པ་སྨྲ་བའི་ཚོགས་ཀྱིས་ག་ཞར་མཛོད།།}}</br> | ||
རྒྱལ་བའི་མདུན་སར་རྒྱལ་སྲས་ཉན་ཐོས་བཅས།། | {{TibVerse|རྒྱལ་བའི་མདུན་སར་རྒྱལ་སྲས་ཉན་ཐོས་བཅས།། | ||
བརྒལ་ལན་རིགས་པའི་འཕྲུལ་གྱིས་དུ་མར་རྩེན།། | བརྒལ་ལན་རིགས་པའི་འཕྲུལ་གྱིས་དུ་མར་རྩེན།། | ||
དེ་བཞིན་རྒྱ་བོད་མཁས་གྲུབ་བྱེ་བ་ཡང་།། | དེ་བཞིན་རྒྱ་བོད་མཁས་གྲུབ་བྱེ་བ་ཡང་།། | ||
རིགས་པའི་གསང་ཚིག་སླ་བའི་སྤོབས་པ་འཛིན།།</br> | རིགས་པའི་གསང་ཚིག་སླ་བའི་སྤོབས་པ་འཛིན།།}}</br> | ||
ཚུལ་གནས་ཐོས་བསམ་སྒོམ་པའི་ལམ་གྱི་སྲོལ།། | {{TibVerse|ཚུལ་གནས་ཐོས་བསམ་སྒོམ་པའི་ལམ་གྱི་སྲོལ།། | ||
དུས་གསུམ་སྲས་བཅས་རྒྱལ་བའི་བགྲོད་གཅིག་ལམ།། | དུས་གསུམ་སྲས་བཅས་རྒྱལ་བའི་བགྲོད་གཅིག་ལམ།། | ||
ཚད་ལ་མ་ནོར་འཇམ་མགོན་ལུགས་བཟང་ཞེས།། | ཚད་ལ་མ་ནོར་འཇམ་མགོན་ལུགས་བཟང་ཞེས།། | ||
| Line 266: | Line 258: | ||
{{TibP|ཡང་༼མི་ཕམ་གྱིས་༽{{TibArgInline|བདག་འཛིན་སྤོང་བར་ཁས་བླངས་པས་ཕྲ་མོ་སྤོང་བར་ཁས་བླངས་}}ཟེར། འོ་ན་བདེན་པ་མཐོང་བར་ཁས་བླངས་པས་བདེན་པ་ཕྲ་མོ་མཐོང་བར་འདོད་ན། {{TibQuoteInline|སྟོང་ཉིད་མཐོང་བས་ཅི་ཞིག་བྱ།། }}ཞེས་རྩོད་པ་དོན་མེད་དུ་ཐལ་ལོ། །གང་ཟག་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ལོག་ཤེས་སུ་འདོད་པར་ཐལ། ལུགས་འདིའི་འཇིག་ལྟ་སྤོང་བར་འདོད་པའི་ཕྱིར། བར་འདིར་ཚིགས་བཅད་བྲིས་པ་ལ་ནང་འགལ་བརྗོད་པ།}}</br> | {{TibP|ཡང་༼མི་ཕམ་གྱིས་༽{{TibArgInline|བདག་འཛིན་སྤོང་བར་ཁས་བླངས་པས་ཕྲ་མོ་སྤོང་བར་ཁས་བླངས་}}ཟེར། འོ་ན་བདེན་པ་མཐོང་བར་ཁས་བླངས་པས་བདེན་པ་ཕྲ་མོ་མཐོང་བར་འདོད་ན། {{TibQuoteInline|སྟོང་ཉིད་མཐོང་བས་ཅི་ཞིག་བྱ།། }}ཞེས་རྩོད་པ་དོན་མེད་དུ་ཐལ་ལོ། །གང་ཟག་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ལོག་ཤེས་སུ་འདོད་པར་ཐལ། ལུགས་འདིའི་འཇིག་ལྟ་སྤོང་བར་འདོད་པའི་ཕྱིར། བར་འདིར་ཚིགས་བཅད་བྲིས་པ་ལ་ནང་འགལ་བརྗོད་པ།}}</br> | ||
{{TibVerse| | {{TibVerse|རིགས་པ་སོང་ཞེས་རློམ་པའི་རྐྱལ་སྟོང་བུས།། | ||
རིགས་པ་སོང་ཞེས་རློམ་པའི་རྐྱལ་སྟོང་བུས།། | |||
ཁ་ཕོ་མེད་ཟེར་ནུས་པ་ཆེ་སྐད་ལོ།། | ཁ་ཕོ་མེད་ཟེར་ནུས་པ་ཆེ་སྐད་ལོ།། | ||
ནང་འགལ་གྱ་གྱུའི་རི་མོ་མང་བཀྲ་བ།། | ནང་འགལ་གྱ་གྱུའི་རི་མོ་མང་བཀྲ་བ།། | ||
ཕྲ་ཞིབ་རིགས་པའི་མན་ངག་མེད་པས་ནོངས།།</br> | ཕྲ་ཞིབ་རིགས་པའི་མན་ངག་མེད་པས་ནོངས།།}}</br> | ||
རིགས་པ་རྣོ་ཞིང་སྤོབས་པ་བརྟན་གསུང་བ།། | {{TibVerse|རིགས་པ་རྣོ་ཞིང་སྤོབས་པ་བརྟན་གསུང་བ།། | ||
ཆོས་བརྒྱད་རོ་སྙོམས་གདམས་པ་མེད་པས་ནོངས།། | ཆོས་བརྒྱད་རོ་སྙོམས་གདམས་པ་མེད་པས་ནོངས།། | ||
ཅ་ཅོར་སྣང་བ་ཇི་བཞིན་རྗེས་བཟླས་པས།། | ཅ་ཅོར་སྣང་བ་ཇི་བཞིན་རྗེས་བཟླས་པས།། | ||
ཅ་ཅོ་མི་སྨྲ་གསུང་བ་ཁྱོད་རེ་ལོང་།།</br> | ཅ་ཅོ་མི་སྨྲ་གསུང་བ་ཁྱོད་རེ་ལོང་།།}}</br> | ||
རྩོད་པའི་འཁྲུག་ལོང་བརྒྱ་ཡི་སྒོ་ཕྱེ་ནས།། | {{TibVerse|རྩོད་པའི་འཁྲུག་ལོང་བརྒྱ་ཡི་སྒོ་ཕྱེ་ནས།། | ||
ད་དུང་ཡ་རབས་ཡིན་སྙམ་ཁྱོད་རེ་གླེན།། | ད་དུང་ཡ་རབས་ཡིན་སྙམ་ཁྱོད་རེ་གླེན།། | ||
མ་དྲངས་དྲོལ་བ་བདག་དང་འགྲོ་བ་ཡིས།། | མ་དྲངས་དྲོལ་བ་བདག་དང་འགྲོ་བ་ཡིས།། | ||
སྒོ་གསུམ་བསྲུང་མེད་སྒོམ་ཆེན་ཁྱོད་རེ་མཁས།།</br> | སྒོ་གསུམ་བསྲུང་མེད་སྒོམ་ཆེན་ཁྱོད་རེ་མཁས།།}}</br> | ||
རང་ལ་འབད་པར་དོན་སྨྲ་ལ་འཁྲུལ་བས།། | {{TibVerse|རང་ལ་འབད་པར་དོན་སྨྲ་ལ་འཁྲུལ་བས།། | ||
ཁོར་གསུམ་འཕང་ས་ནོར་རོ་ཧེ་ནུས་ཞིས།། | ཁོར་གསུམ་འཕང་ས་ནོར་རོ་ཧེ་ནུས་ཞིས།། | ||
ཚིག་གསུམ་ཙམ་ལ་ནང་འགལ་འདི་མཐོང་བས།། | ཚིག་གསུམ་ཙམ་ལ་ནང་འགལ་འདི་མཐོང་བས།། | ||
| Line 319: | Line 309: | ||
{{ | {{TibP| སྨྲས་པ།}}</br> | ||
འཇམ་མགོན་གསུང་གི་འོད་སྟོང་འགྱེད་པ་ལས།། | {{TibVerse|འཇམ་མགོན་གསུང་གི་འོད་སྟོང་འགྱེད་པ་ལས།། | ||
སྣ་ཚོགས་གྲུབ་མཐའི་དགག་སྒྲུབ་སྤུ་རིས་ཕྱེ།། | སྣ་ཚོགས་གྲུབ་མཐའི་དགག་སྒྲུབ་སྤུ་རིས་ཕྱེ།། | ||
ལག་རྡུམ་བྲག་ལ་འཇུ་བའི་བློ་གྲོས་ཀྱིས།། | ལག་རྡུམ་བྲག་ལ་འཇུ་བའི་བློ་གྲོས་ཀྱིས།། | ||
བཀའ་པོད་གཞུང་བརྒྱའི་གནད་དོན་ཇི་ལྟར་གཞལ།།</br> | བཀའ་པོད་གཞུང་བརྒྱའི་གནད་དོན་ཇི་ལྟར་གཞལ།།}}</br> | ||
འོན་ཀྱང་རང་སྣང་འཁྲུལ་བའི་སྲིན་བུ་དང་།། | {{TibVerse|འོན་ཀྱང་རང་སྣང་འཁྲུལ་བའི་སྲིན་བུ་དང་།། | ||
ཁྲོན་པའི་རུས་སྦལ་མོ་ཡི་ངང་ཚུལ་བཞིན།། | ཁྲོན་པའི་རུས་སྦལ་མོ་ཡི་ངང་ཚུལ་བཞིན།། | ||
དབུ་ཚད་རིགས་པའི་སྨན་མཆོག་བདུད་རྩི་ཡིས།། | དབུ་ཚད་རིགས་པའི་སྨན་མཆོག་བདུད་རྩི་ཡིས།། | ||
| Line 369: | Line 359: | ||
{{TibP|མདོར་ན་བདག་འཛིན་གྱི་མ་རིག་པས་གཞི་བྱས་ཏེ་ཉོན་མོངས་དང་ལས་སྣ་ཚོགས་པའི་དབང་གིས་མ་དག་པའི་སྣོད་བཅུད་ཀྱི་སྲིད་པའི་འཕྲུལ་འཁོར་འབྱུང་བ་ནི། བཅོམ་ལྡན་འདས་ཀྱིས།}}</br> | {{TibP|མདོར་ན་བདག་འཛིན་གྱི་མ་རིག་པས་གཞི་བྱས་ཏེ་ཉོན་མོངས་དང་ལས་སྣ་ཚོགས་པའི་དབང་གིས་མ་དག་པའི་སྣོད་བཅུད་ཀྱི་སྲིད་པའི་འཕྲུལ་འཁོར་འབྱུང་བ་ནི། བཅོམ་ལྡན་འདས་ཀྱིས།}}</br> | ||
{{TibQuote|སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ།། | {{TibQuote|སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ།། | ||
དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས།།</br> | དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས།།</br> | ||
རྐྱེན་རྣམས་འཚོགས་ནས་སྡུག་བསྔལ་འཕྲུལ་འཁོར་རབ་ཏུ་འབྱུང་།།}}</br> | རྐྱེན་རྣམས་འཚོགས་ནས་སྡུག་བསྔལ་འཕྲུལ་འཁོར་རབ་ཏུ་འབྱུང་།།}}</br> | ||
| Line 395: | Line 385: | ||
དེ་བསྟེན་སེམས་ཅན་༢ལོར་བར་འདམ་དུ་འཆིང་།།}}</br> | དེ་བསྟེན་སེམས་ཅན་༢ལོར་བར་འདམ་དུ་འཆིང་།།}}</br> | ||
{{TibP|རྒྱལ་བོས་གསོལ་བ།}} | {{TibP|རྒྱལ་བོས་གསོལ་བ།}}</br> | ||
{{TibQuote|དགྲ་ཆེན་དེ་དང་ཇི་ལྟར་འཐབ་པར་བགྱི།།}}</br> | {{TibQuote|དགྲ་ཆེན་དེ་དང་ཇི་ལྟར་འཐབ་པར་བགྱི།།}}</br> | ||
{{TibP|བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།}} | {{TibP|བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།}}</br> | ||
{{TibQuote|རྣམ་རྟོག་དགྲ་ལ་རྒོལ་བའི་ཤོམ་ར་ཡང་།།</br> | {{TibQuote|རྣམ་རྟོག་དགྲ་ལ་རྒོལ་བའི་ཤོམ་ར་ཡང་།།</br> | ||
| Line 407: | Line 397: | ||
བདག་མེད་སྟོང་བའི་མདའ་ཡིས་བདག་འཛིན་བསད།།}}</br> | བདག་མེད་སྟོང་བའི་མདའ་ཡིས་བདག་འཛིན་བསད།།}}</br> | ||
{{TibP|ཅེས་གསུང་སྟེ། ཡང་བཅོམ་ལྡན་འདས་ཀྱིས།}} | {{TibP|ཅེས་གསུང་སྟེ། ཡང་བཅོམ་ལྡན་འདས་ཀྱིས།}}</br> | ||
{{TibQuote|བློ་དང་ལྡན་ན་ཚིག་གཅིག་གིས།།</br> | {{TibQuote|བློ་དང་ལྡན་ན་ཚིག་གཅིག་གིས།།</br> | ||
ཆིག་བརྒྱ་དག་ནི་ཤེས་པར་འགྱུར།།}} | ཆིག་བརྒྱ་དག་ནི་ཤེས་པར་འགྱུར།།}}</br> | ||
{{TibP|ཞེས་སོགས་གསུངས་པ་ལྟར། སྔར་དྲངས་པའི་ལུང་གིས་མདོ་རྒྱུད་རྒྱ་མཚོའི་གནད་དོན་ཟིན་པར་འགྱུར་མོད། མིན་ནའང་ཅི་དགྱེས་མཛོད།}}</br> | {{TibP|ཞེས་སོགས་གསུངས་པ་ལྟར། སྔར་དྲངས་པའི་ལུང་གིས་མདོ་རྒྱུད་རྒྱ་མཚོའི་གནད་དོན་ཟིན་པར་འགྱུར་མོད། མིན་ནའང་ཅི་དགྱེས་མཛོད།}}</br> | ||
{{ | {{TibP|སྨྲས་པ།}}</br> | ||
འཇམ་དབྱངས་མཁྱེན་པའི་འོད་ཟེར་འབུམ་ཕྲག་གིས།།</br> | |||
{{TibVerse|འཇམ་དབྱངས་མཁྱེན་པའི་འོད་ཟེར་འབུམ་ཕྲག་གིས།།</br> | |||
ཡོངས་སུ་འཁྱུད་པའི་བློ་གྲོས་ཉིན་བྱེད་ཀྱིས།།</br> | ཡོངས་སུ་འཁྱུད་པའི་བློ་གྲོས་ཉིན་བྱེད་ཀྱིས།།</br> | ||
རེག་པས་དཀའ་གནད་འདབ་སྟོང་པདྨོའི་རྒྱ།།</br> | རེག་པས་དཀའ་གནད་འདབ་སྟོང་པདྨོའི་རྒྱ།།</br> | ||
| Line 445: | Line 436: | ||
{{TibP|ཁོ་བོ་ཅག་ནམ་མཁར་སྤྱན་དྲངས་ཞེས་འ་བསྡུས་ནས་ལ་དོན་གྱི་ར་སྦྱར་ཏེ་འདོན་ལ། སུམ་ཅུ་པར་མཚམས་སྦྱོར་བསྡུ་བ་དང་། བླ་མའི་མན་ངག་སྦྱཪ་གསུང་བའི་དོན་ཡིན་མོད། བརྡོལ་གཏམ་སྨྲ་བ་དག་སའི་ཡང་འཇུག་ཀྱང་མི་དགོས་ཟེར་བ་རང་གིས་ཡི་གེའི་ནོར་སོ་མང་དུ་བཤད་པ་དང་འགལ་ལ་ད་དྲག་བསྡུས་པ་དང་ཇི་ལྟར་འདྲ། རྫོགས་སོ་ཞེས་པའི་སླར་བསྡུ་ཡང་མེད་པར་འགྱུར་ཞིང་། ཉི་ཤུ་སུམ་ཅུ་སོགས་གྲངས་ཀྱི་སྐབས་ཡི་གེ་ཕྲི་སྣོན་མང་དུ་བྱུང་བས་ཅི་དགར་བྱ་བ་ལ་རིངས་པར་མི་རིགས་ཤིང་མདོ་ཙམ་གཞན་དུ་བཤད་ཟིན་ཏོ།།}}</br> | {{TibP|ཁོ་བོ་ཅག་ནམ་མཁར་སྤྱན་དྲངས་ཞེས་འ་བསྡུས་ནས་ལ་དོན་གྱི་ར་སྦྱར་ཏེ་འདོན་ལ། སུམ་ཅུ་པར་མཚམས་སྦྱོར་བསྡུ་བ་དང་། བླ་མའི་མན་ངག་སྦྱཪ་གསུང་བའི་དོན་ཡིན་མོད། བརྡོལ་གཏམ་སྨྲ་བ་དག་སའི་ཡང་འཇུག་ཀྱང་མི་དགོས་ཟེར་བ་རང་གིས་ཡི་གེའི་ནོར་སོ་མང་དུ་བཤད་པ་དང་འགལ་ལ་ད་དྲག་བསྡུས་པ་དང་ཇི་ལྟར་འདྲ། རྫོགས་སོ་ཞེས་པའི་སླར་བསྡུ་ཡང་མེད་པར་འགྱུར་ཞིང་། ཉི་ཤུ་སུམ་ཅུ་སོགས་གྲངས་ཀྱི་སྐབས་ཡི་གེ་ཕྲི་སྣོན་མང་དུ་བྱུང་བས་ཅི་དགར་བྱ་བ་ལ་རིངས་པར་མི་རིགས་ཤིང་མདོ་ཙམ་གཞན་དུ་བཤད་ཟིན་ཏོ།།}}</br> | ||
{{TibSabche|སྡེ་ཚན་གྱི་མཇུག་བསྡུ་བ།}} | {{TibSabche|སྡེ་ཚན་གྱི་མཇུག་བསྡུ་བ།}}</br> | ||
{{TibVerse|ཀུན་གསལ་མེ་ལོང་དག་པའི་དཀྱིལ་འཁོར་མཛེས།། </br> | {{TibVerse|ཀུན་གསལ་མེ་ལོང་དག་པའི་དཀྱིལ་འཁོར་མཛེས།། </br> | ||
| Line 464: | Line 455: | ||
{{TibP|ཞེས་བྱ་བ་ནི་ཁས་བླངས་འགལ་བའི་ཚུལ་ཆེ་ལོང་ཙམ་བཤད་པའི་སྐབས་སོ།། །།}}</br> | {{TibP|ཞེས་བྱ་བ་ནི་ཁས་བླངས་འགལ་བའི་ཚུལ་ཆེ་ལོང་ཙམ་བཤད་པའི་སྐབས་སོ།། །།}}</br> | ||
{{TibSabche|གཉིས་པ་མ་རྟོག་འཁྲུལ་བའི་ཉེས་པ་བརྗོད་པ་ལ་གསུམ་ལས། དང་པོ་ནི།}} | {{TibSabche|གཉིས་པ་མ་རྟོག་འཁྲུལ་བའི་ཉེས་པ་བརྗོད་པ་ལ་གསུམ་ལས། དང་པོ་ནི།}}</br> | ||
{{TibP|བྱེ་སྨྲས་འཇིག་ལྟའི་རྒྱུ་དང་རྒྱུ་ཅན་གཉིས་ཀ་ཡིན་པའི་ཕྲ་རྒྱས་བཞི་བཅུ་འདོད་ཅེས་ཁོ་བོས་བྲིས་པ། ཁོང་ལ་ཐུགས་རྒྱུས་མེད་པས་བབ་ཅོལ་འདི་ལྟར་སྨྲས་ཏེ། ༼མི་ཕམ་གྱིས་༽{{TibArgInline|འཇིག་ལྟའི་རྒྱུ་དང་རྒྱུ་ཅན་གྱི་ཕྲ་རྒྱས་ལོས་ཡོད། ༼མཛོད་༽རྩབར།}} {{TibQuoteInline|རང་གི་ས་པའི་ཉོན་མོངས་ཀུན།། }}ཞེས་དང་། {{TibQuoteInline|རྨོངས་ལས་ཐེ་ཚོམ་}}ཞེས་སོགས་དྲངས། བཞི་བཅུའི་གྲངས་སྨོས་པ་འབྲི་ཡང་མ་ཕོད་མོད། ཐུགས་འཚུབ་ལངས་ག་ལ་དགོས། གྲངས་འདྲེན་ངན་བསྙོག་མི་བྱེད་དེ། ངའི་ཆོས་ཀྱི་ཟླ་བོ་མཆོག་གི་དྲིན་ཇི་ལྟར་བརྗེད། {{TibArgInline|འོན་ཀྱང་ལུགས་དེར་འཇིག་ལྟ་མ་དྲངས་པའི་སྲེད་པ་མེད་}}ཅེས་ཁྱེད་ཀྱིས་བྲིས་པས་དེ་འགོག་ཕྱིར་གཉིས་ཡིན་གྱི་གྲངས་སྨོས་ཤིང་། ཁྱེད་ཀྱིས་དྲངས་པའི་ལུང་སྔ་མ་དེས་འཇིག་ལྟས་དྲངས་པའི་སྲེད་པ་ཇི་ལྟར་སྟོན། ལུང་དེ་དང་འབྲེལ་བར་ཆིག་རྐྱང་ཐུབ་པ་སྔ་མས་གཞན་ཞེས་དང་། དངོས་གཞི་ལྡན་པར་ལོག་ལྟ་མངོན་དུ་རྒྱུད་ཚུལ་སོགས་དཔྱད་འོས་མང་བ་སུ་ཞིག་འབྲི། ལུང་ཕྱི་མས་བརྒྱུད་ནས་སྐྱེས་ཚུལ་སྟོན་ནའང་། རྒྱུ་བཞི་འབྲས་བུ་གཉིས་མུ་གསུམ་གསུང་བའི་སྐབས་དོན་དང་ག་ལ་འབྲེལ་ཤར་ནུབ་བཞིན་ནོ། །འཇིག་ལྟའི་སྔ་རོལ་དུ་བྱུང་བའི་འཇིག་ལྟ་འདིའི་སྐབས་ཀྱི་འབྲས་བུ་མིན་ལ། འཇིག་ལྟའི་འཇིག་ལྟ་དང་གཅིག་ཡིན་མོད་ཞེས་ཀྱང་རྒོལ་ལོ། །}}</br> | {{TibP|བྱེ་སྨྲས་འཇིག་ལྟའི་རྒྱུ་དང་རྒྱུ་ཅན་གཉིས་ཀ་ཡིན་པའི་ཕྲ་རྒྱས་བཞི་བཅུ་འདོད་ཅེས་ཁོ་བོས་བྲིས་པ། ཁོང་ལ་ཐུགས་རྒྱུས་མེད་པས་བབ་ཅོལ་འདི་ལྟར་སྨྲས་ཏེ། ༼མི་ཕམ་གྱིས་༽{{TibArgInline|འཇིག་ལྟའི་རྒྱུ་དང་རྒྱུ་ཅན་གྱི་ཕྲ་རྒྱས་ལོས་ཡོད། ༼མཛོད་༽རྩབར།}} {{TibQuoteInline|རང་གི་ས་པའི་ཉོན་མོངས་ཀུན།། }}ཞེས་དང་། {{TibQuoteInline|རྨོངས་ལས་ཐེ་ཚོམ་}}ཞེས་སོགས་དྲངས། བཞི་བཅུའི་གྲངས་སྨོས་པ་འབྲི་ཡང་མ་ཕོད་མོད། ཐུགས་འཚུབ་ལངས་ག་ལ་དགོས། གྲངས་འདྲེན་ངན་བསྙོག་མི་བྱེད་དེ། ངའི་ཆོས་ཀྱི་ཟླ་བོ་མཆོག་གི་དྲིན་ཇི་ལྟར་བརྗེད། {{TibArgInline|འོན་ཀྱང་ལུགས་དེར་འཇིག་ལྟ་མ་དྲངས་པའི་སྲེད་པ་མེད་}}ཅེས་ཁྱེད་ཀྱིས་བྲིས་པས་དེ་འགོག་ཕྱིར་གཉིས་ཡིན་གྱི་གྲངས་སྨོས་ཤིང་། ཁྱེད་ཀྱིས་དྲངས་པའི་ལུང་སྔ་མ་དེས་འཇིག་ལྟས་དྲངས་པའི་སྲེད་པ་ཇི་ལྟར་སྟོན། ལུང་དེ་དང་འབྲེལ་བར་ཆིག་རྐྱང་ཐུབ་པ་སྔ་མས་གཞན་ཞེས་དང་། དངོས་གཞི་ལྡན་པར་ལོག་ལྟ་མངོན་དུ་རྒྱུད་ཚུལ་སོགས་དཔྱད་འོས་མང་བ་སུ་ཞིག་འབྲི། ལུང་ཕྱི་མས་བརྒྱུད་ནས་སྐྱེས་ཚུལ་སྟོན་ནའང་། རྒྱུ་བཞི་འབྲས་བུ་གཉིས་མུ་གསུམ་གསུང་བའི་སྐབས་དོན་དང་ག་ལ་འབྲེལ་ཤར་ནུབ་བཞིན་ནོ། །འཇིག་ལྟའི་སྔ་རོལ་དུ་བྱུང་བའི་འཇིག་ལྟ་འདིའི་སྐབས་ཀྱི་འབྲས་བུ་མིན་ལ། འཇིག་ལྟའི་འཇིག་ལྟ་དང་གཅིག་ཡིན་མོད་ཞེས་ཀྱང་རྒོལ་ལོ། །}}</br> | ||
{{ | {{TibP|སྨྲས་པ།}}</br> | ||
དབུས་མེད་དབུ་མར་སྨྲ་བ་དབུ་འཁོར་ནས།། | |||
{{TibVerse|དབུས་མེད་དབུ་མར་སྨྲ་བ་དབུ་འཁོར་ནས།། | |||
ཆོས་མངོན་མཛོད་ཀྱི་ཐང་ཆེན་ཉུལ་བས་དལ།། | ཆོས་མངོན་མཛོད་ཀྱི་ཐང་ཆེན་ཉུལ་བས་དལ།། | ||
ཀཱ་ཡེ་ཉོན་དང་མི་ཕམ་དགེ་བའི་བཤེས།། | ཀཱ་ཡེ་ཉོན་དང་མི་ཕམ་དགེ་བའི་བཤེས།། | ||
ད་ནི་ཆོས་མངོན་སྨྲ་བའི་བཤེས་གཉེན་བསྟེན།།</br> | ད་ནི་ཆོས་མངོན་སྨྲ་བའི་བཤེས་གཉེན་བསྟེན།།}}</br> | ||
དེ་ཡི་དགྱེས་འཛུམ་ཞལ་གྱི་བདུད་རྩི་ཡིས།། | {{TibVerse|དེ་ཡི་དགྱེས་འཛུམ་ཞལ་གྱི་བདུད་རྩི་ཡིས།། | ||
ཁྱོད་ཐུགས་གདུངས་པའི་མེ་ཆེན་གཞིལ་བར་འགྱུར།། | ཁྱོད་ཐུགས་གདུངས་པའི་མེ་ཆེན་གཞིལ་བར་འགྱུར།། | ||
འོན་ཀྱང་ལོང་བའི་མུན་མདའ་འཕངས་པའི་ཚུལ།། | འོན་ཀྱང་ལོང་བའི་མུན་མདའ་འཕངས་པའི་ཚུལ།། | ||
དྲན་པས་ཕྱིར་ཞིང་ཡིད་མུག་གྱུར་ན་འང་།།</br> | དྲན་པས་ཕྱིར་ཞིང་ཡིད་མུག་གྱུར་ན་འང་།།}}</br> | ||
དེ་ཚེ་དགག་སྒྲུབ་ལས་ལ་ཐུགས་སྐྱོ་ནས།། | {{TibVerse|དེ་ཚེ་དགག་སྒྲུབ་ལས་ལ་ཐུགས་སྐྱོ་ནས།། | ||
ཏིང་འཛིན་བསྒོམ་པའི་བློ་ཞིག་འོང་ཡང་མཆི།། | ཏིང་འཛིན་བསྒོམ་པའི་བློ་ཞིག་འོང་ཡང་མཆི།། | ||
ལུས་མེད་མདའ་ཡིས་རྨས་པའི་ཉེས་དམིགས་ཀྱང་།། | ལུས་མེད་མདའ་ཡིས་རྨས་པའི་ཉེས་དམིགས་ཀྱང་།། | ||
མཐོང་བར་ངེས་ཏེ་དེ་ནས་རྟག་ཏུ་སྒྲིམས།།}}</br> | མཐོང་བར་ངེས་ཏེ་དེ་ནས་རྟག་ཏུ་སྒྲིམས།།}}</br> | ||
{{TibP|ཞེས་བྱ་བ་ནི་གསོང་པོར་སྨྲས་པའོ།།}} | {{TibP|ཞེས་བྱ་བ་ནི་གསོང་པོར་སྨྲས་པའོ།།}}</br> | ||
{{TibP|གཉིས་པ་ནི། ༼མི་ཕམ་གྱིས་༽རབ་སྣང་དུ་{{TibArgInline|སངས་རྒྱས་ཚེ་སེམས་མེད་པར་ཐལ། སེམས་གནས་གྱུར་པའི་ཕྱིར། ས་བོན་མྱུ་གུར་གནས་གྱུར་ཚེ་ས་བོན་མེད་པ་བཞིན་}}ཞེས་སྨྲས་སོ། །འོ་ན་འདི་ལྟར།}}</br> | {{TibP|གཉིས་པ་ནི། ༼མི་ཕམ་གྱིས་༽རབ་སྣང་དུ་{{TibArgInline|སངས་རྒྱས་ཚེ་སེམས་མེད་པར་ཐལ། སེམས་གནས་གྱུར་པའི་ཕྱིར། ས་བོན་མྱུ་གུར་གནས་གྱུར་ཚེ་ས་བོན་མེད་པ་བཞིན་}}ཞེས་སྨྲས་སོ། །འོ་ན་འདི་ལྟར།}}</br> | ||
| Line 500: | Line 493: | ||
{{TibP|ཞེས་གསུངས་པའི་ཕྱིར། ཡ་ཚ་ལ་ལ། སངས་རྒྱས་ས་ན་ནམ་མཁའི་འདུ་ཤེས་མེད་པར་ཐལ། རྒྱན་ལས། ནམ་མཁའི་འདུ་ཤེས་གཞན་གྱུར་ན།། ཞེས་སོགས་གསུངས་པའི་ཕྱིར། མ་ཚ་ལ་ལ། སངས་རྒྱས་ས་ན་མིག་ཤེས་སོགས་མེད་པར་ཐལ། དབང་ཤེས་ལྔ་གནས་གྱུར་པའི་ཕྱིར། ཙན་དྲ་གོ་མིས། དབང་པོ་ལྔ་ཡི་རྣམ་ཤེས་གང་།། ཞེས་སོགས་གསུངས་པའི་ཕྱིར། ཕ་ཚ་ལ་ལ། སངས་རྒྱས་ས་ན་གཟུགས་མེད་པར་ཐལ། གཟུགས་ཕུང་སོགས་གནས་གྱུར་པའི་ཕྱིར། རྟགས་གྲུབ་སྟེ། གཞུང་དུ་མར། གཟུགས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། ཞེས་སོགས་གསུངས་པའི་ཕྱིར། ཨ་བ་ལེ་བ། མདོར་ན་གནས་གྱུར་གྱི་དོན་མ་གོ་བ་སྟེ། གནས་སྐབས་ཅན་དེ་རྣམས་གནས་སྐབས་ཁྱད་པར་བར་སོན་པའི་དོན་ཡིན་ལ། གནས་སྐབས་ཅན་སྤྱི་དེ་མེད་མི་དགོས། གནས་སྐབས་ཀྱང་དེ་བཞིན་འཇོག་ཅིང་། དེ་གཉིས་ཀྱི་སྔ་ཕྱིའི་སྐད་ཅིག་སོ་སོ་བ་རྣམས་སྤྱི་དེ་དག་དང་སྐྱེ་འགག་མི་མཉམ་པ་སོགས་དཔྱད་བྱ་མང་མོད་ཡི་གེས་འཇིགས་སོ།།}}</br> | {{TibP|ཞེས་གསུངས་པའི་ཕྱིར། ཡ་ཚ་ལ་ལ། སངས་རྒྱས་ས་ན་ནམ་མཁའི་འདུ་ཤེས་མེད་པར་ཐལ། རྒྱན་ལས། ནམ་མཁའི་འདུ་ཤེས་གཞན་གྱུར་ན།། ཞེས་སོགས་གསུངས་པའི་ཕྱིར། མ་ཚ་ལ་ལ། སངས་རྒྱས་ས་ན་མིག་ཤེས་སོགས་མེད་པར་ཐལ། དབང་ཤེས་ལྔ་གནས་གྱུར་པའི་ཕྱིར། ཙན་དྲ་གོ་མིས། དབང་པོ་ལྔ་ཡི་རྣམ་ཤེས་གང་།། ཞེས་སོགས་གསུངས་པའི་ཕྱིར། ཕ་ཚ་ལ་ལ། སངས་རྒྱས་ས་ན་གཟུགས་མེད་པར་ཐལ། གཟུགས་ཕུང་སོགས་གནས་གྱུར་པའི་ཕྱིར། རྟགས་གྲུབ་སྟེ། གཞུང་དུ་མར། གཟུགས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། ཞེས་སོགས་གསུངས་པའི་ཕྱིར། ཨ་བ་ལེ་བ། མདོར་ན་གནས་གྱུར་གྱི་དོན་མ་གོ་བ་སྟེ། གནས་སྐབས་ཅན་དེ་རྣམས་གནས་སྐབས་ཁྱད་པར་བར་སོན་པའི་དོན་ཡིན་ལ། གནས་སྐབས་ཅན་སྤྱི་དེ་མེད་མི་དགོས། གནས་སྐབས་ཀྱང་དེ་བཞིན་འཇོག་ཅིང་། དེ་གཉིས་ཀྱི་སྔ་ཕྱིའི་སྐད་ཅིག་སོ་སོ་བ་རྣམས་སྤྱི་དེ་དག་དང་སྐྱེ་འགག་མི་མཉམ་པ་སོགས་དཔྱད་བྱ་མང་མོད་ཡི་གེས་འཇིགས་སོ།།}}</br> | ||
{{ | {{TibP|སྨྲས་པ།}}</br> | ||
དགག་སྒྲུབ་ལས་སུ་གནང་བ་དཀྲོལ་ན་ཡང་།། | |||
{{TibVerse|དགག་སྒྲུབ་ལས་སུ་གནང་བ་དཀྲོལ་ན་ཡང་།། | |||
མི་འདོད་ཕྱིར་ཞིང་སྤྲོ་བ་འཕེལ་ཞེས་མོལ།། | མི་འདོད་ཕྱིར་ཞིང་སྤྲོ་བ་འཕེལ་ཞེས་མོལ།། | ||
འོ་ན་རྨོངས་འཁྲུལ་མི་སྡུག་རང་མཚང་འདིར།། | འོ་ན་རྨོངས་འཁྲུལ་མི་སྡུག་རང་མཚང་འདིར།། | ||
| Line 528: | Line 522: | ||
{{TibP|ཞེས་ཀྱང་འཚེར་རོ།།}} | {{TibP|ཞེས་ཀྱང་འཚེར་རོ།།}} | ||
{{TibSabche|གསུམ་པ་ནི།}} | {{TibSabche|གསུམ་པ་ནི།}}</br> | ||
{{TibP|ཁོ་བོས་བརྗོད་མེད་ཀྱི་བདག་བཀག་པ་དང་། མདོ་ལས་ཤེས་བྱ་ལྔ་གསུང་བ་མི་འགལ་ཚུལ་ཞེས་བྲིས་པ། ཁོང་ལ་རྒྱུས་མ་བྱུང་བས་༼མི་ཕམ་གྱིས་༽ {{TibArgInline|ལང་གཤེགས་ལས་བྱུང་བའི་ཆོས་ལྔ་དང་། མདོ་རྒྱན་ལས་གསུང་བའི་ཡོངས་ཤེས་ལྔ་ཡིན་ནམ། ཤེས་བྱ་གྲངས་ལྔ་བ་མང་བས་བརྟག་གཞིར་སོང་}}ཞེས་བྲིས་འདུག ཀྱེ་མ་མི་ཤེས་སྨྲས་ན་ཆོག་སྟེ། འུ་ཅག་སོ་སྐྱེ་ཡིན་པ་སུ་ལ་གསང་། མི་ཤེས་པ་མཐའ་མེད་ཅིང་ཤེས་པ་རྡུལ་ཙམ་ལས་མེད་མོད། ཚུལ་འདི་ལ་དཔག་ན། མཁས་པའི་ཟོབ་ཀྱང་ཆེ་བར་སྣང་། ལེགས་པར་དཔྱད་མ་ནུས་པའི་སྐྱོན་དུ་མཐོང་སྟེ། མི་འགལ་ཚུལ་སྨོས་པས་ཤེས་དགོས་ཏེ། བློ་ལྡན་ལ་འགལ་ལམ་སྙམ་པའི་དོགས་པ་སྐྱེ་རིགས་པའི་གནད་ཡོད་པའི་ཕྱིར། དེས་ན་འདི་ལྟར། ཁོ་བོའི་ཡབ་རྗེ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་གྲགས་པའི་སྡེའི་གྲུབ་མཐའ་ཆེན་མོར་མཛོད་འགྲེལ་གྱི་གནས་དགུ་པ་དྲངས་པར། {{TibQuoteInline|གལ་ཏེ་འདི་ཕུང་པོ་རྣམས་ལས་གཞན་དུ་བརྗོད་པར་བྱ་བ་མིན་ན། ཤེས་བྱ་ནི་རྣམ་པ་ལྔ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། འདུ་མ་བྱས་དང་། བརྗོད་པར་བྱ་བ་མིན་པའོ། །}}ཞེས་ཤེས་བྱ་ལྔ་འདོད་པ་དང་འགལ་བ་བརྗོད་པས་སོ། །ཞེས་བྱུང་ཞིང་གཞན་དུའང་{{TibQuoteInline|ཤེས་བྱ་ལྔའི་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པར་གྱུར་ཏོ་}}ཞེས་གསུང་སྟེ། བརྗོད་མེད་ཀྱི་ཤེས་བྱ་ནི་སྦྲོས་བྲལ་སྟོང་པ་ཉིད་ཡིན་ལ། ཁྱེད་ཅག་སྔོན་མ་རྣམས་དང་བཅས་པས་ལུང་འདི་དག་མ་མཐོང་བར་ངེས་ཏེ། མཐོང་ན་བརྗོད་མེད་སྨོས་པས་དགའ་ཞིང་། ཤེས་བྱ་སྨོས་པས་ཡིད་མི་བདེ་བར་སེམས་སོ།།}}</br> | {{TibP|ཁོ་བོས་བརྗོད་མེད་ཀྱི་བདག་བཀག་པ་དང་། མདོ་ལས་ཤེས་བྱ་ལྔ་གསུང་བ་མི་འགལ་ཚུལ་ཞེས་བྲིས་པ། ཁོང་ལ་རྒྱུས་མ་བྱུང་བས་༼མི་ཕམ་གྱིས་༽ {{TibArgInline|ལང་གཤེགས་ལས་བྱུང་བའི་ཆོས་ལྔ་དང་། མདོ་རྒྱན་ལས་གསུང་བའི་ཡོངས་ཤེས་ལྔ་ཡིན་ནམ། ཤེས་བྱ་གྲངས་ལྔ་བ་མང་བས་བརྟག་གཞིར་སོང་}}ཞེས་བྲིས་འདུག ཀྱེ་མ་མི་ཤེས་སྨྲས་ན་ཆོག་སྟེ། འུ་ཅག་སོ་སྐྱེ་ཡིན་པ་སུ་ལ་གསང་། མི་ཤེས་པ་མཐའ་མེད་ཅིང་ཤེས་པ་རྡུལ་ཙམ་ལས་མེད་མོད། ཚུལ་འདི་ལ་དཔག་ན། མཁས་པའི་ཟོབ་ཀྱང་ཆེ་བར་སྣང་། ལེགས་པར་དཔྱད་མ་ནུས་པའི་སྐྱོན་དུ་མཐོང་སྟེ། མི་འགལ་ཚུལ་སྨོས་པས་ཤེས་དགོས་ཏེ། བློ་ལྡན་ལ་འགལ་ལམ་སྙམ་པའི་དོགས་པ་སྐྱེ་རིགས་པའི་གནད་ཡོད་པའི་ཕྱིར། དེས་ན་འདི་ལྟར། ཁོ་བོའི་ཡབ་རྗེ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་གྲགས་པའི་སྡེའི་གྲུབ་མཐའ་ཆེན་མོར་མཛོད་འགྲེལ་གྱི་གནས་དགུ་པ་དྲངས་པར། {{TibQuoteInline|གལ་ཏེ་འདི་ཕུང་པོ་རྣམས་ལས་གཞན་དུ་བརྗོད་པར་བྱ་བ་མིན་ན། ཤེས་བྱ་ནི་རྣམ་པ་ལྔ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། འདུ་མ་བྱས་དང་། བརྗོད་པར་བྱ་བ་མིན་པའོ། །}}ཞེས་ཤེས་བྱ་ལྔ་འདོད་པ་དང་འགལ་བ་བརྗོད་པས་སོ། །ཞེས་བྱུང་ཞིང་གཞན་དུའང་{{TibQuoteInline|ཤེས་བྱ་ལྔའི་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པར་གྱུར་ཏོ་}}ཞེས་གསུང་སྟེ། བརྗོད་མེད་ཀྱི་ཤེས་བྱ་ནི་སྦྲོས་བྲལ་སྟོང་པ་ཉིད་ཡིན་ལ། ཁྱེད་ཅག་སྔོན་མ་རྣམས་དང་བཅས་པས་ལུང་འདི་དག་མ་མཐོང་བར་ངེས་ཏེ། མཐོང་ན་བརྗོད་མེད་སྨོས་པས་དགའ་ཞིང་། ཤེས་བྱ་སྨོས་པས་ཡིད་མི་བདེ་བར་སེམས་སོ།།}}</br> | ||
| Line 540: | Line 535: | ||
{{TibP|ཅེས་སོགས་གསུང་བ་དག་འབྲེལ་མེད་དུ་མི་དགོངས་པར་གསོལ་བ་འདེབས་སོ། །}}</br> | {{TibP|ཅེས་སོགས་གསུང་བ་དག་འབྲེལ་མེད་དུ་མི་དགོངས་པར་གསོལ་བ་འདེབས་སོ། །}}</br> | ||
{{ | {{TibP|སྨྲས་པ།}}</br> | ||
ཤེས་བྱ་རིགས་པའི་གནས་ནི་མཁའ་ལྟར་ཡངས།། | |||
{{TibVerse|ཤེས་བྱ་རིགས་པའི་གནས་ནི་མཁའ་ལྟར་ཡངས།། | |||
ཚུར་རོལ་བྱིས་པའི་བློ་མིག་རྨོངས་པས་ལོང་།། | ཚུར་རོལ་བྱིས་པའི་བློ་མིག་རྨོངས་པས་ལོང་།། | ||
དབང་མེད་བྱུང་རྒྱལ་སྨྲ་བའི་བཀའ་ཁྲིམས་དེ།། | དབང་མེད་བྱུང་རྒྱལ་སྨྲ་བའི་བཀའ་ཁྲིམས་དེ།། | ||
| Line 575: | Line 571: | ||
ཅེས་བྱ་བ་ནི་བག་མེད་འཆོལ་བའི་གཏམ་གྱི་རིམ་པའོ།།}}</br> | ཅེས་བྱ་བ་ནི་བག་མེད་འཆོལ་བའི་གཏམ་གྱི་རིམ་པའོ།།}}</br> | ||
{{TibSabche|གསུམ་པ་ལོག་རྟོག་བསལ་བ་ནི། }} | {{TibSabche|གསུམ་པ་ལོག་རྟོག་བསལ་བ་ནི།}}</br> | ||
{{TibP|༼མི་ཕམ་གྱིས་༽{{TibArgInline|དངོས་སྨྲས་སྟོང་ཉིད་མ་ཡིན་དགག་ཏུ་འདོད་}}ཅེས་བྱེ་སྨྲ་དང་ཁྱད་མེད་པར་འཁྲུལ། {{TibArgInline|བདེན་གྲུབ་ཀྱིས་སྟོང་པར་བྱས་ན་སྟོང་ཉིད་མ་ཡིན་དགག་ཏུ་སོང་}}ཟེར། བདེན་མེད་མེད་དགག་དེ། སྟོང་ཉིད་དུ་མི་རིགས་ཞེས་འགོག་པ་དང་རང་གིས་ཀྱང་སྐབས་འགར་སྟོང་ཉིད་དུ་བཤད་པ་འཁྲུལ་ལོ། །{{TibArgInline|དངོས་སྨྲ་བ་}}ཞེས་སྦྱར་བས་ངོ་བོ་ཉིད་མེད་པར་སྨྲ་བས་སྟོང་ཉིད་མེད་དགག་ཏུ་འདོད་པར་ཡང་ཁས་བླང་ངོ་།།}}</br> | {{TibP|༼མི་ཕམ་གྱིས་༽{{TibArgInline|དངོས་སྨྲས་སྟོང་ཉིད་མ་ཡིན་དགག་ཏུ་འདོད་}}ཅེས་བྱེ་སྨྲ་དང་ཁྱད་མེད་པར་འཁྲུལ། {{TibArgInline|བདེན་གྲུབ་ཀྱིས་སྟོང་པར་བྱས་ན་སྟོང་ཉིད་མ་ཡིན་དགག་ཏུ་སོང་}}ཟེར། བདེན་མེད་མེད་དགག་དེ། སྟོང་ཉིད་དུ་མི་རིགས་ཞེས་འགོག་པ་དང་རང་གིས་ཀྱང་སྐབས་འགར་སྟོང་ཉིད་དུ་བཤད་པ་འཁྲུལ་ལོ། །{{TibArgInline|དངོས་སྨྲ་བ་}}ཞེས་སྦྱར་བས་ངོ་བོ་ཉིད་མེད་པར་སྨྲ་བས་སྟོང་ཉིད་མེད་དགག་ཏུ་འདོད་པར་ཡང་ཁས་བླང་ངོ་།།}}</br> | ||
| Line 594: | Line 591: | ||
{{TibP|ཡང་༼མི་ཕམ་གྱིས་༽{{TibArgInline|ཟླས་དྲངས་}}ཞེས་པའི་དོན་མ་དགོངས་པར་སྣང་སྟེ། སྤྱིར་ཟླས་དབྱེ་ཞེས་པ་དང་། ཟླས་བསྡུས་ཞེས་འགལ་ཟླ་དང་འབྲེལ་ཟླར་གོ་ཚུལ་མང་མོད། སྲེད་པ་འདི་ཞེས་སྨོས་པས་ཐལ་འགྱུར་བའི་ལུགས་ཀྱི་སྦེད་པ་པོ། འདི་ཞེས་པས་སྲེད་པ་དེ་ཟེར་བ་ཞིག་ཟླས་དྲངས་པ་ཕ་རོལ་བས་འདོད་པའི་སྲེད་པ་སྟེ། དེ་ཕ་རོལ་བས་འདོད་པ་ལྟར་གྱི་ཉོན་མོངས་ཅན་ཡིན། ཕ་རོལ་བས་འདོད་པ་ལྟར་གྱི་ཉོན་མོངས་ཅན་ཡིན་མིན་གཉིས་གཞི་ཐ་དད་ཀྱང་གོ་སྟོབས་ཆེ་བས་མ་ཤེས་པར་སྣང་ལ། ༼མི་ཕམ་གྱིས་༽{{TibArgInline|ཉན་ཐོས་སྡེ་བས་འདོད་པ་ལྟར་གྱི་ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པའི་གཞི་མཐུན་འདོད་དམ་}}ཟེར། སྔ་མ་ལ་ཁྱད་པར་སྦྱར་ཡང་། ཕྱི་མ་ལ་མ་སྦྱར་བས་རིགས་པའི་འགྲོས་མི་འདྲ་བ་ཡོད་དེ། ཉན་ཐོས་སྡེ་བས་འདོད་པ་ལྟར་གྱི་ཉོན་མོངས་ཅན་ཡིན་ཀྱང་། ལུགས་འདིར་བློ་དོན་མཐུན་ཡིན་པ་ཡོད་པའི་ཕྱིར། གཟུགས་རང་བཞིན་གྱིས་མེད་པར་འཛིན་པའི་བློ་དེ། སྔ་མ་ཡིན་ལ། ཕྱི་མ་ཡང་ཡིན་པའི་ཕྱིར། འོན་ཀྱང་དབེན་པར་གབ་པ་ལ་ཅི་ཆ་ཡོད།}}</br> | {{TibP|ཡང་༼མི་ཕམ་གྱིས་༽{{TibArgInline|ཟླས་དྲངས་}}ཞེས་པའི་དོན་མ་དགོངས་པར་སྣང་སྟེ། སྤྱིར་ཟླས་དབྱེ་ཞེས་པ་དང་། ཟླས་བསྡུས་ཞེས་འགལ་ཟླ་དང་འབྲེལ་ཟླར་གོ་ཚུལ་མང་མོད། སྲེད་པ་འདི་ཞེས་སྨོས་པས་ཐལ་འགྱུར་བའི་ལུགས་ཀྱི་སྦེད་པ་པོ། འདི་ཞེས་པས་སྲེད་པ་དེ་ཟེར་བ་ཞིག་ཟླས་དྲངས་པ་ཕ་རོལ་བས་འདོད་པའི་སྲེད་པ་སྟེ། དེ་ཕ་རོལ་བས་འདོད་པ་ལྟར་གྱི་ཉོན་མོངས་ཅན་ཡིན། ཕ་རོལ་བས་འདོད་པ་ལྟར་གྱི་ཉོན་མོངས་ཅན་ཡིན་མིན་གཉིས་གཞི་ཐ་དད་ཀྱང་གོ་སྟོབས་ཆེ་བས་མ་ཤེས་པར་སྣང་ལ། ༼མི་ཕམ་གྱིས་༽{{TibArgInline|ཉན་ཐོས་སྡེ་བས་འདོད་པ་ལྟར་གྱི་ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པའི་གཞི་མཐུན་འདོད་དམ་}}ཟེར། སྔ་མ་ལ་ཁྱད་པར་སྦྱར་ཡང་། ཕྱི་མ་ལ་མ་སྦྱར་བས་རིགས་པའི་འགྲོས་མི་འདྲ་བ་ཡོད་དེ། ཉན་ཐོས་སྡེ་བས་འདོད་པ་ལྟར་གྱི་ཉོན་མོངས་ཅན་ཡིན་ཀྱང་། ལུགས་འདིར་བློ་དོན་མཐུན་ཡིན་པ་ཡོད་པའི་ཕྱིར། གཟུགས་རང་བཞིན་གྱིས་མེད་པར་འཛིན་པའི་བློ་དེ། སྔ་མ་ཡིན་ལ། ཕྱི་མ་ཡང་ཡིན་པའི་ཕྱིར། འོན་ཀྱང་དབེན་པར་གབ་པ་ལ་ཅི་ཆ་ཡོད།}}</br> | ||
{{ | {{TibP|སྨྲས་པ།}}</br> | ||
ཀུན་རྟོག་ངན་པའི་ཤ་འོད་བརྡོལ་བ་ལས།། | |||
{{TibVerse|ཀུན་རྟོག་ངན་པའི་ཤ་འོད་བརྡོལ་བ་ལས།། | |||
མི་གཙང་རྩ་བར་བཀྲམས་པའི་མྱ་ངམ་ཐང་།། | མི་གཙང་རྩ་བར་བཀྲམས་པའི་མྱ་ངམ་ཐང་།། | ||
ཤེས་ལྡན་ཡི་གར་མི་འོང་སྐྱོ་བའི་ཡིད།། | ཤེས་ལྡན་ཡི་གར་མི་འོང་སྐྱོ་བའི་ཡིད།། | ||
| Line 624: | Line 622: | ||
{{TibP|རྣམ་པ་བརྒྱ་དོན་གསུམ་གྲངས་ཙམ་སྨོས་མོད། འདོད་ཆགས་དང་བྲལ་བ་དང་། ངོ་བོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོན་རྣམ་སོ་དྲུག་གི་གྲངས་སུ་བགྲང་བ་མིན་ན་ལེགས་སོ། །དོན་རྣམ་དང་། ཤེས་རྣམ། སྦྱོར་རྣམ། དེའི་མི་མཐུན་ཕྱོགས་ཏེ་རེ་རེ་ལ་བརྒྱ་དང་དོན་གསུམ་རེ་ཡོད། དང་པོ་ལ་དོན་དམ་དང་། ཀུན་རྫོབ་ཇི་ལྟར་ཡོད་ཚུལ། གཉིས་པ་དང་། གསུམ་པར་རྟོགས་རིགས་དྲུག། སེམས་རྟེན་ས་བཅུ་གཅིག། མཚན་ཉིད་གོ་གཅིག་ལ། སྦྱོར་བ་ཉི་ཤུ་སོགས་ལས་ཇི་ལྟར་ཡོད་པའི་ཁྱད་པར་དང་། བཞི་བ་བརྒྱ་དང་དོན་གསུམ་ལ་ཉོན་སྒྲིབ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་སྒྲིབ་འབྱེད་ཚུལ། བྱང་སེམས་ལ་སྦྱོར་རྣམ་དེ་དག་དང་། མཚན་ཉིད་གོ་གཅིག་ལས་ལྡན་པར་ངེས་མ་ངེས་ཀྱི་ཁྱད་པར་དང་། རྒྱུན་མཐའི་བར་ཆད་མེད་ལམ་ལ་སྦྱོར་རྣམ་དང་། མཚན་ཉིད་དེ་དག་ལས་ཇི་ཙམ་ཡོད་དང་། ཡོད་པར་ངེས་པའི་ཞིབ་ཆ་སྨྲས་ན་རིགས་ལམ་ལ་སྦྱངས་པ་དོན་དང་ལྡན་ལ། གཞན་དུ་འཕགས་སེང་དང་མཉམ་པའི་སྐད་ནི་འུད་སྒྲོགས་པ་ལ་དགའ་བ་ཙམ་མོ། །མཚམས་པ་ཚང་ཁོང་ལ་གྲངས་ཙམ་ཡོད་པའང་ངོ་མཚར་ཆེ། ༼མི་ཕམ་གྱིས་༽{{TibArgInline|ཡོད་མེད་སོགས་ཀྱི་མཐའ་ལ་དགག་བྱའི་ཁྱད་པར་མི་སྦྱོར་}}ཟེར་བ་དང་། {{TibArgInline|ཡོད་པ་མི་འགོག་}}ཟེར་བ་སོགས་ནང་འགལ་ནི། དཔལ་ལྡན་ཟླ་བས། {{TibQuoteInline|བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་འབབ་པ་}}ཞེས་དང་། {{TibQuoteInline|རེ་རེ་ལས་ནི་སྐྱེ་བ་འགྲུབ་པ་ཡོད་མིན་པ།། }}ཞེས་གསུང་བ་དག་ལ་གཏོལ་ཅི་ཡང་མ་བྱུང་བར་སྣང་ལ། གཉིས་ཀ་མིན་པ་མིན་ན། གཉིས་ཀ་ཡིན་དགོས་ཞེས་རང་ལ་ཉེས་པ་མཚུངས་པ་དང་། བསྡུ་བར་ངོ་བོ་ཉིད་མེད་པ་དང་རྩོད་ཚུལ་གྱི་གནད་དང་། དབུས་མཐར།}}</br> | {{TibP|རྣམ་པ་བརྒྱ་དོན་གསུམ་གྲངས་ཙམ་སྨོས་མོད། འདོད་ཆགས་དང་བྲལ་བ་དང་། ངོ་བོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོན་རྣམ་སོ་དྲུག་གི་གྲངས་སུ་བགྲང་བ་མིན་ན་ལེགས་སོ། །དོན་རྣམ་དང་། ཤེས་རྣམ། སྦྱོར་རྣམ། དེའི་མི་མཐུན་ཕྱོགས་ཏེ་རེ་རེ་ལ་བརྒྱ་དང་དོན་གསུམ་རེ་ཡོད། དང་པོ་ལ་དོན་དམ་དང་། ཀུན་རྫོབ་ཇི་ལྟར་ཡོད་ཚུལ། གཉིས་པ་དང་། གསུམ་པར་རྟོགས་རིགས་དྲུག། སེམས་རྟེན་ས་བཅུ་གཅིག། མཚན་ཉིད་གོ་གཅིག་ལ། སྦྱོར་བ་ཉི་ཤུ་སོགས་ལས་ཇི་ལྟར་ཡོད་པའི་ཁྱད་པར་དང་། བཞི་བ་བརྒྱ་དང་དོན་གསུམ་ལ་ཉོན་སྒྲིབ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་སྒྲིབ་འབྱེད་ཚུལ། བྱང་སེམས་ལ་སྦྱོར་རྣམ་དེ་དག་དང་། མཚན་ཉིད་གོ་གཅིག་ལས་ལྡན་པར་ངེས་མ་ངེས་ཀྱི་ཁྱད་པར་དང་། རྒྱུན་མཐའི་བར་ཆད་མེད་ལམ་ལ་སྦྱོར་རྣམ་དང་། མཚན་ཉིད་དེ་དག་ལས་ཇི་ཙམ་ཡོད་དང་། ཡོད་པར་ངེས་པའི་ཞིབ་ཆ་སྨྲས་ན་རིགས་ལམ་ལ་སྦྱངས་པ་དོན་དང་ལྡན་ལ། གཞན་དུ་འཕགས་སེང་དང་མཉམ་པའི་སྐད་ནི་འུད་སྒྲོགས་པ་ལ་དགའ་བ་ཙམ་མོ། །མཚམས་པ་ཚང་ཁོང་ལ་གྲངས་ཙམ་ཡོད་པའང་ངོ་མཚར་ཆེ། ༼མི་ཕམ་གྱིས་༽{{TibArgInline|ཡོད་མེད་སོགས་ཀྱི་མཐའ་ལ་དགག་བྱའི་ཁྱད་པར་མི་སྦྱོར་}}ཟེར་བ་དང་། {{TibArgInline|ཡོད་པ་མི་འགོག་}}ཟེར་བ་སོགས་ནང་འགལ་ནི། དཔལ་ལྡན་ཟླ་བས། {{TibQuoteInline|བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་འབབ་པ་}}ཞེས་དང་། {{TibQuoteInline|རེ་རེ་ལས་ནི་སྐྱེ་བ་འགྲུབ་པ་ཡོད་མིན་པ།། }}ཞེས་གསུང་བ་དག་ལ་གཏོལ་ཅི་ཡང་མ་བྱུང་བར་སྣང་ལ། གཉིས་ཀ་མིན་པ་མིན་ན། གཉིས་ཀ་ཡིན་དགོས་ཞེས་རང་ལ་ཉེས་པ་མཚུངས་པ་དང་། བསྡུ་བར་ངོ་བོ་ཉིད་མེད་པ་དང་རྩོད་ཚུལ་གྱི་གནད་དང་། དབུས་མཐར།}}</br> | ||
{{TibQuote|ཡོད་པས་མེད་པས་ཡོད་པས་ན།། | {{TibQuote|ཡོད་པས་མེད་པས་ཡོད་པས་ན།།</br> | ||
དེ་ནི་དབུ་མའི་ལམ་ཡིན་ནོ།།}}</br> | དེ་ནི་དབུ་མའི་ལམ་ཡིན་ནོ།།}}</br> | ||
{{TibP|ཞེས་སོགས་གསུང་བའི་ཕྱོགས་སྔ་ཕྱིའི་ཁྱད་པར་ཅི་ཡང་མ་ཕྱེད་པས་འཇམ་མགོན་ས་པན་གྱིས། {{TibQuoteInline|ངན་སྐྱུག་ཁྲོམ་པ་སུ་ཞིག་སློང་།། }}ཞེས་གསུང་བ་ཁོ་ན་ལྟར་ཟད་དོ།།}}</br> | {{TibP|ཞེས་སོགས་གསུང་བའི་ཕྱོགས་སྔ་ཕྱིའི་ཁྱད་པར་ཅི་ཡང་མ་ཕྱེད་པས་འཇམ་མགོན་ས་པན་གྱིས། {{TibQuoteInline|ངན་སྐྱུག་ཁྲོམ་པ་སུ་ཞིག་སློང་།། }}ཞེས་གསུང་བ་ཁོ་ན་ལྟར་ཟད་དོ།།}}</br> | ||
{{ | {{TibP|སྨྲས་པ།}}</br> | ||
རྫོགས་ཆེན་ལྟ་བ་བོར་བས་འཁྲུལ་ཞིག་པས།། | |||
{{TibVerse|རྫོགས་ཆེན་ལྟ་བ་བོར་བས་འཁྲུལ་ཞིག་པས།། | |||
འཁྲུལ་བ་མ་ཞིག་དབྱར་དུས་ཆུ་བཞིན་བརྡོལ།། | འཁྲུལ་བ་མ་ཞིག་དབྱར་དུས་ཆུ་བཞིན་བརྡོལ།། | ||
འཇམ་མགོན་གསང་མཛོད་གནས་ལ་སྤྱན་གདངས་ཀྱང་།། | འཇམ་མགོན་གསང་མཛོད་གནས་ལ་སྤྱན་གདངས་ཀྱང་།། | ||
| Line 644: | Line 643: | ||
{{TibP|འཇམ་མགོན་བླ་མས་ཀྱང་འཁྲུལ་བ་ཡེ་ཤེས་སུ་འཆར་བ་སོགས་དམ་པ་སྔ་མའི་གསུང་བགྲོས་བསྐྱར་བ་དང་། གདུལ་བྱའི་བསམ་ངོར་བསྟུན་པའི་གསུང་ངག་ཅི་རིགས་ཡོད་ནའང་། བཅོམ་ལྡན་འདས་ཀྱིས།}}</br> | {{TibP|འཇམ་མགོན་བླ་མས་ཀྱང་འཁྲུལ་བ་ཡེ་ཤེས་སུ་འཆར་བ་སོགས་དམ་པ་སྔ་མའི་གསུང་བགྲོས་བསྐྱར་བ་དང་། གདུལ་བྱའི་བསམ་ངོར་བསྟུན་པའི་གསུང་ངག་ཅི་རིགས་ཡོད་ནའང་། བཅོམ་ལྡན་འདས་ཀྱིས།}}</br> | ||
{{TibQuote|ཕ་དང་མ་ནི་བསད་བྱས་ཤིང་།། | {{TibQuote|ཕ་དང་མ་ནི་བསད་བྱས་ཤིང་།།</br> | ||
མི་བཟད་པ་ཡི་སྟག་བསད་པ།།}}</br> | མི་བཟད་པ་ཡི་སྟག་བསད་པ།།}}</br> | ||
| Line 668: | Line 667: | ||
{{TibP|ལྔ་པ་ནི། ལུགས་གཉིས་པ་ཁྱོད་ཀྱིས་ཁས་བླངས་པར་ཐལ། ཟུར་སྔ་མ་ཁས་བླངས། ཕྱི་མའང་ཁས་བླངས་པའི་ཕྱིར། ཕྱི་མ་སླ། སྔ་མ་གྲུབ་སྟེ། ༼མི་ཕམ་གྱིས་༽{{TibArgInline|རང་རིག་དང་ཀུན་གཞི་ཡོད་པ་ཀུན་རྫོབ་ཏུ་ཡོད་པས་ཡིན་}}ཞེས་བྲིས་པའི་ཕྱིར། ལུགས་གཉིས་ཀས་ཁྱོད་ཀྱིས་སྨྲས་པའི་ཚུལ་དེ་གཉིས་ཀ་ཁས་བླངས་པས་མུ་གསུམ་པར་མ་སོང་བའི་ཕྱིར། ཁྱོད་ཀྱིས་སྨྲས་པའི་རྟོག་བཟོ་དེ་ལྟར་ན་ཁོ་བོས་མུ་བཞི་པ་དང་ལྔ་པ་ཞིག་ཀྱང་བཟོས་ཆོག་མོད། དེ་འདྲ་བྲིས་ཀྱང་དོན་མེད་པའི་ཕྱིར། ཁོ་བོས་གང་གི་མིང་ཡིན་པ་སྨྲོས་དང་ཞེས་པར་སྔ་ཕྱིར་མ་བརྟགས་པར་གོ་ལོག་བྱས་ཏེ། བརྗོད་བྲལ་བརྗོད་བཅས་སུ་བྱས་པ་ངོ་མཚར་ཆེ། ལྟ་མགུར་དུ།}}</br> | {{TibP|ལྔ་པ་ནི། ལུགས་གཉིས་པ་ཁྱོད་ཀྱིས་ཁས་བླངས་པར་ཐལ། ཟུར་སྔ་མ་ཁས་བླངས། ཕྱི་མའང་ཁས་བླངས་པའི་ཕྱིར། ཕྱི་མ་སླ། སྔ་མ་གྲུབ་སྟེ། ༼མི་ཕམ་གྱིས་༽{{TibArgInline|རང་རིག་དང་ཀུན་གཞི་ཡོད་པ་ཀུན་རྫོབ་ཏུ་ཡོད་པས་ཡིན་}}ཞེས་བྲིས་པའི་ཕྱིར། ལུགས་གཉིས་ཀས་ཁྱོད་ཀྱིས་སྨྲས་པའི་ཚུལ་དེ་གཉིས་ཀ་ཁས་བླངས་པས་མུ་གསུམ་པར་མ་སོང་བའི་ཕྱིར། ཁྱོད་ཀྱིས་སྨྲས་པའི་རྟོག་བཟོ་དེ་ལྟར་ན་ཁོ་བོས་མུ་བཞི་པ་དང་ལྔ་པ་ཞིག་ཀྱང་བཟོས་ཆོག་མོད། དེ་འདྲ་བྲིས་ཀྱང་དོན་མེད་པའི་ཕྱིར། ཁོ་བོས་གང་གི་མིང་ཡིན་པ་སྨྲོས་དང་ཞེས་པར་སྔ་ཕྱིར་མ་བརྟགས་པར་གོ་ལོག་བྱས་ཏེ། བརྗོད་བྲལ་བརྗོད་བཅས་སུ་བྱས་པ་ངོ་མཚར་ཆེ། ལྟ་མགུར་དུ།}}</br> | ||
{{TibQuote|འོན་ཀྱང་གཞུང་ལུགས་ལ་སྦྱངས་པ་ཆུང་རྣམས།། | {{TibQuote|འོན་ཀྱང་གཞུང་ལུགས་ལ་སྦྱངས་པ་ཆུང་རྣམས།།</br> | ||
ཐ་སྙད་སྦྱོར་ཚུལ་ཞིག་མ་མཁྱེན་ཡིན་སྲིད།།}}</br> | ཐ་སྙད་སྦྱོར་ཚུལ་ཞིག་མ་མཁྱེན་ཡིན་སྲིད།།}}</br> | ||
{{TibP|ཅེས་གསུང་བ་ཤིན་ཏུ་མད། རྩོད་ལན་འདིར་རིགས་པ་དང་གོ་བ་དམན་པའི་ངང་ཚུལ་མང་དུ་འདུག་པས་མཁས་པ་ཉིད་ནས་མཛད་པ་མིན་ནམ་གང་ལྟར། {{TibQuoteInline|རྒྱལ་པོ་ལྐོག་ཏུ་འདུག་ན་མཛེས།། }}ཞེས་གསུང་བ་ཉིད་མན་ངག་གོ།}}</br> | {{TibP|ཅེས་གསུང་བ་ཤིན་ཏུ་མད། རྩོད་ལན་འདིར་རིགས་པ་དང་གོ་བ་དམན་པའི་ངང་ཚུལ་མང་དུ་འདུག་པས་མཁས་པ་ཉིད་ནས་མཛད་པ་མིན་ནམ་གང་ལྟར། {{TibQuoteInline|རྒྱལ་པོ་ལྐོག་ཏུ་འདུག་ན་མཛེས།། }}ཞེས་གསུང་བ་ཉིད་མན་ངག་གོ།}}</br> | ||
{{ | {{TibP|སྨྲས་པ།}}</br> | ||
དབེན་པའི་ནགས་སུ་ཤོར་བའི་ཁ་ཡན་པོ།། | |||
{{TibVerse|དབེན་པའི་ནགས་སུ་ཤོར་བའི་ཁ་ཡན་པོ།། | |||
སུན་འབྱིན་འབར་བའི་ལྕགས་ཀྱུ་རྣོན་པོ་ཡིས།། | སུན་འབྱིན་འབར་བའི་ལྕགས་ཀྱུ་རྣོན་པོ་ཡིས།། | ||
ཁས་བླངས་བསལ་བའི་འཆོར་མེད་ར་བ་རུ།། | ཁས་བླངས་བསལ་བའི་འཆོར་མེད་ར་བ་རུ།། | ||
| Line 727: | Line 727: | ||
{{TibP|ཞེས་བྱ་བ་ནི་ངང་ཚུལ་གསོང་བོར་བརྗོད་པའོ།།}}</br> | {{TibP|ཞེས་བྱ་བ་ནི་ངང་ཚུལ་གསོང་བོར་བརྗོད་པའོ།།}}</br> | ||
{{TibP|བཞི་པ་ནི།}} | {{TibP|བཞི་པ་ནི།}}</br> | ||
{{TibVerse|ཐུབ་དབང་བསྟན་པའི་གངས་ཀྱི་རི་སུལ་ནས།། | {{TibVerse|ཐུབ་དབང་བསྟན་པའི་གངས་ཀྱི་རི་སུལ་ནས།། | ||
| Line 836: | Line 836: | ||
{{TibChung|{{TibVerseRedInline|ཅེས་དགག་ལན་ཤེས་ལྡན་ཡིད་ཀྱི་གདུང་སེལ་རིགས་ལམ་ག་བུར་ཆུ་རྒྱུན་ཞེས་བྱ་བ་འདི་ནི། རྩོམ་དུས་འཚུབ་ལྟས་མང་བས་གསེར་སྡོང་ཆེན་མོ་དང་། བཀའ་སྡོད་ཆོས་ཀྱི་རྒྱལ་བོའི་དྲུང་དུ་བརྟགས་པས་གནང་བའི་ཡིད་ཆེས་ཀྱི་དད་པའི་མཚན་མ་ཐོབ་སྟེ། རབ་ཚེས་ཆུ་ཡོས་ཉིན་བྱེད་དབང་པོ་ཆུ་སྲིན་གྱི་ཁྱིམ་དུ་སྤྱོད་པའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར། མདོ་སྨད་ཆོས་ཀྱི་འབྱུང་གནས་གངས་ཅན་ལུམ་བིའི་སྐྱེད་ཚལ་དཔལ་ལྡན་བཤད་སྒྲུབ་གླིང་གི་དཀའ་བཞི་པ། བློ་བཟང་རབ་གསལ་གྱིས་སྦྱར་བའི་ཡི་གེ་པ་ནི་རྣམ་དཔྱོད་ཡངས་པ་བསོད་ནམས་བཟང་བོས་བགྱིས་པ་འདི་ཡང་། །རིས་མེད་བསྟན་དང་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིག། །།}}}}</br> | {{TibChung|{{TibVerseRedInline|ཅེས་དགག་ལན་ཤེས་ལྡན་ཡིད་ཀྱི་གདུང་སེལ་རིགས་ལམ་ག་བུར་ཆུ་རྒྱུན་ཞེས་བྱ་བ་འདི་ནི། རྩོམ་དུས་འཚུབ་ལྟས་མང་བས་གསེར་སྡོང་ཆེན་མོ་དང་། བཀའ་སྡོད་ཆོས་ཀྱི་རྒྱལ་བོའི་དྲུང་དུ་བརྟགས་པས་གནང་བའི་ཡིད་ཆེས་ཀྱི་དད་པའི་མཚན་མ་ཐོབ་སྟེ། རབ་ཚེས་ཆུ་ཡོས་ཉིན་བྱེད་དབང་པོ་ཆུ་སྲིན་གྱི་ཁྱིམ་དུ་སྤྱོད་པའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར། མདོ་སྨད་ཆོས་ཀྱི་འབྱུང་གནས་གངས་ཅན་ལུམ་བིའི་སྐྱེད་ཚལ་དཔལ་ལྡན་བཤད་སྒྲུབ་གླིང་གི་དཀའ་བཞི་པ། བློ་བཟང་རབ་གསལ་གྱིས་སྦྱར་བའི་ཡི་གེ་པ་ནི་རྣམ་དཔྱོད་ཡངས་པ་བསོད་ནམས་བཟང་བོས་བགྱིས་པ་འདི་ཡང་། །རིས་མེད་བསྟན་དང་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིག། །།}}}}</br> | ||
{{TibVerse|གངས་ཅན་བོད་ཀྱི་དྭངས་མ་ཨ་རིག་གི། | {{TibVerse|གངས་ཅན་བོད་ཀྱི་དྭངས་མ་ཨ་རིག་གི། | ||
Latest revision as of 07:33, 9 March 2026
༄༅། །ཤེས་ལྡན་ཡིད་ཀྱི་གདུང་སེལ་རིགས་ལམ་ག་བུར་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།།
སྣ་ཚོགས་ཁམས་བཞིན་རྗེས་འགྲོ་བས།། རྣམ་བཀྲ་དྲི་མེད་ཡེ་ཤེས་སྐུས།།
ས་གསུམ་འགྲོ་འདི་ཤིས་པས་སྐྱོངས།།
རྫོགས་པའི་ཡིད་འཕྲོག་མཚན་དཔེའི་ལང་ཚོ་ཅན།། མགྲིན་པའི་འོ་མཚོར་རོལ་བའི་དགྱེས་འཛུམ་གྱིས།།
ལེགས་བཤད་སྟན་པའི་གླུ་དབྱངས་དེང་འདིར་སྒྲོགས།།
འདི་ནི་དབུ་མའི་ལམ་ལས་རིང་དུ་གྲོལ།། རྣོ་ངར་གཟི་འོད་འབར་བའི་མཚོན་ཆ་འདི།།
ཁྱོད་ཀྱིས་ཟུངས་ཞེས་བདག་ལ་བཀའི་དབང་བསྐུར།།
མཁྱེན་གཏེར་རང་གཟུགས་སྲིད་ཞིའི་མཆོད་སྡོང་ཆེ།། བྱིན་རླབས་འོད་སྟོང་འབར་བའི་ཉིན་མོར་བྱེད།།
མཚན་དཔེའི་རི་དྭགས་བཀྲ་བའི་འོད་དཀར་ཅན།།
སྡེ་བཞིའི་འབྱོར་བ་རྫོགས་པའི་ཀ་ལཱ་པ།། ཕན་བདེའི་རིན་ཆེན་གཏེར་གྱུར་ནོར་བུའི་གླིང་།།
དགེ་མཚན་ཆུ་བོ་འབུམ་འཁྱིལ་མ་དྲོས་མཚོ།།
ཟབ་རྒྱས་སྙན་པའི་དབྱངས་ཀྱིས་ཅིར་ཡང་རྩེན།། ཆོས་སྲིད་ལུགས་བརྒྱའི་རི་མོ་མ་ཉམས་པས།།
བགྲང་ཡས་སྐྱེ་བོ་བག་ཕེབས་བདེ་བར་སྤྱོད།།
སྲེད་པའི་ཞགས་པ་མེད་པར་ངང་གིས་འདུ།། ཡིད་སྲུབས་ལས་ཀྱི་དྲི་མ་དང་བྲལ་བས།།
དྭངས་པའི་མཚོ་བཞིན་ཀུན་གྱི་ཡི་གར་མཐུན།།
ངུར་སྨྲིག་འཆང་བའི་སྡེ་ཆེན་རྣམ་པར་འཕྲུལ།། དེ་ལྟའི་ངོ་མཚར་ཞིང་གི་ཆུ་ལྷའི་ཕྱོགས།།
ཁམས་སུ་གྲགས་པའི་ཡུལ་ལྗོངས་ཁྱོན་ཡངས་པ།།
སྲིད་ན་གྲགས་པའི་ངོ་མཚར་བཟོ་རིག་དང་།། རྨོངས་པའི་མུན་སེལ་ནང་དོན་རིག་པའི་བཟོ།།
མདོ་སྔགས་བཤད་སྒྲུབ་ལས་ཀྱིས་ཐུབ་པའི་བསྟན།།
ཡོངས་སུ་བཟུང་བས་ཆོས་ཀྱི་ལོངས་སྤྱོད་རྫོགས།། ཁྱད་པར་རྣམ་དཔྱོད་བརྩོན་པའི་མཐུ་ལྡན་ཞིང་།།
མང་ཐོས་ཉམས་སུ་ལེན་པའི་ཀུ་ས་ལི།།
ང་ཡི་མཛའ་ཆེན་མི་ཕམ་བཤེས་གཉེན་བཞུགས།། གང་གི་ཤེར་ཊིཀ་ཡང་ལན་ནམ་མཁའི་དབྱིངས།།
ཉེ་བར་སྡུད་པའི་ལུང་རིགས་ལྷ་རྫས་དར།།
གུས་བཅས་སོར་མོའི་འདབ་མ་བརྐྱང་སྟེ་འབུལ།།
མུ་ཁྱུད་མཛེས་པའི་གངས་ཅན་མ་ག་དྷ།། མཆོག་ཏུ་བསྔགས་པའི་ཆུ་གཏེར་བདེ་འབྱུང་མེ།།
བཤད་སྒྲུབ་འབྲི་ཤིང་རྩེན་པར་སུ་ཞིག་འགྲན།།
རྣམ་རོལ་སྐུ་ཡི་སྣང་བརྙན་ཉི་ཟླ་ཟུང་།།
ཆོས་ཀྱི་རྒྱ་མཚོ་མི་ཟད་ཀླུ་ཡི་དབང་།།
རྫོགས་ལྡན་ཆོས་ཀྱི་ལང་ཚོ་འབར་བ་ཡི།།
དག་པའི་ཞིང་མཆོག་སྟུག་པོ་བཀོད་པའི་གནས།།
སྙིང་ལ་གདུངས་པའི་མེ་འབར་བཅིལ་མ་ནུས།། དེ་ལྟ་ནའང་འཇམ་མགོན་རིང་ལུགས་ལ།།
གཞན་དྲིང་མི་འཇོག་སྤོབས་པ་ཆེས་དཀའ་ཡང་།།
ཟབ་ཆོས་གཞན་དུ་ཚོལ་བའི་ཟོག་པོ་མིན།།
ཞེས་བྱ་བ་ནི་རང་བཞིན་བརྗོད་པའོ།།
ལྟ་སྤྱོད་མི་མཐུན་ཁྲག་གིས་སྦགས་གྱུར་ཀྱང་།། བརྐམ་ཆགས་ཅན་དག་བཀུར་སྟིའི་གདུངས་པ་ཡིས།།
ཟོན་མེད་དབེན་པའི་དགའ་ཚལ་ཀུན་ཏུ་ཉུལ།།
དྲེགས་པའི་ས་འཛིན་དགུང་དུ་བསྙེགས་པ་རྣམས།། ཕས་རྒོལ་ཚིག་གི་མཚོན་ཆ་གདེངས་པ་འདིས།།
རྒུད་པའི་ས་འོག་མུན་པའི་ཁུང་དུ་བྲོས།།
རུ་འདྲེན་དཔའ་བོས་དཔུང་གི་གཡུལ་བཤམས་ཏེ།། ལུང་རིགས་མཚོན་ཆ་འབུམ་ཕྲག་བརྟུལ་བ་ན།།
གཏོལ་མེད་སྙོམས་ལས་བསྟེན་པའི་སྡར་མ་མང་།།
ལུང་རིགས་དཔའ་རྩལ་རྫོགས་པའི་ཕས་རྒོལ་དང་།། ལྷན་ཅིག་རལ་ག་བྱས་པའི་ཉམས་མྱོང་དང་།།
དཔའ་ལ་སྐྱོང་བའི་མན་ངག་ཞལ་ཤེས་ཡོད།།
འཇོམས་པའི་ཞོ་འཐུང་རུས་པ་ལས་གྲུབ་པའི།། ཐོགས་མེད་ལུང་རིགས་རྡོ་རྗེ་རྩེ་བརྒྱ་བ།།
དྲན་པས་ལྷ་མིན་ལོག་རྟོག་མངལ་ཀུན་འཇིག།
ཀུན་རྟོག་པིར་གྱིས་ཡིད་ཀྱི་མེ་ལོང་ངལ།། རྗེས་སུ་སུག་ལས་ངན་པས་ལུས་ཀྱང་ངལ།།
ལས་དེས་མཐའ་ཡས་འགྲོ་ལ་ཇི་ལྟར་འགྱུར།།
གང་གི་རྣལ་འབྱོར་མགུལ་བ་མཛེས་གྱུར་པ།། ཆགས་སྡང་མེ་ཆུ་འཐབ་པའི་དཀྱིལ་འཁོར་དུ།།
རྗེས་མེད་སྐལ་བ་དམན་པ་འདི་ཀོ་ཅི།།
མཚམས་ཀྱི་ཟོལ་བསྟེན་དཔེ་ཀློག་རྩོད་ཡིག་བྲིས།། ཐུན་དང་ཐུན་གསེང་ཁ་ཕོ་ཆེར་སྒྲོག་ཀྱང་།།
ཏིང་འཛིན་ནོར་གྱིས་དབུལ་ཕྱིར་སུ་ཞིག་མཚར།།
ཕུག་ཏུ་འཚོ་བའི་དགེ་སྦྱོང་སྤོང་བ་པའི།། མཁྱེན་དཔྱོད་ས་འཛིན་ལྟེ་བ་ལས་འཁྲུང་བའི།།
ཚིག་གི་ལོ་འདབ་རྒྱས་པའི་ལྗོན་པ་མཐོང་།།
ཉམས་ཚོད་འགམ་པའི་ཀུ་རེ་ཚིག་སྨྲས་པ།། བཟོད་མེད་ཐུགས་ཀྱི་ཚེར་མ་བཞིན་གྱུར་ཏེ།།
ཟས་སྐོམ་བསྙུང་ཞིང་གཉིད་ཀྱང་ཡལ་བ་སྙམ།།
དགག་པའི་ལམ་གྱི་ངལ་དུབ་མཐར་ཡང་ལྷུང་།། ཚིག་རྣམས་ཇི་བཞིན་ཕྱིར་ཡང་ཟློས་བྱས་པས།།
བདེ་འཇམ་ཐུགས་ནི་ཏིང་འཛིན་གཉིད་དུ་སོང་།།
ཅང་མེད་ཤེས་བྱེད་དྲངས་པ་མཁའ་ཀླུར་སླེབ།། དེ་བཞིན་འདིར་ཡང་ཚིག་ལ་རྟོན་པའི་ཕྱིར།།
མདོ་རྒྱུད་ལུང་གིས་ཚིག་གི་ཚོགས་ཀྱང་བསྐྱེད།།
མ་དུལ་རྟོག་གེ་གླང་ཆེན་བག་མེད་ངས།། ཟབ་སྣང་རྒྱ་མཚོ་དཀྲུག་པའི་འདམ་རྫབ་ཀྱིས།། ས་སྟེང་བཀང་ཡང་ཤེས་ལྡན་སུ་ཞིག་ཁྲོ།།
ཞེས་བྱ་བ་ནི་སྤྱི་དོན་ནོ།།
མང་ཐོས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས།། དག་སྣང་ཕྱོགས་མེད་བག་ཡོད་ཞི་དུལ་གྱིས།།
རང་གཞན་ཀུན་གྱིས་བསྟོད་ཅིང་མཐོང་སྨོན་བྱེད།།
ཕྱོགས་རྣམས་ཀུན་ནས་ཕས་རྒོལ་དགྲ་ལྡང་བ།། དེ་ནི་ངན་ལྟས་ལས་གཞན་ཇི་ག་ཞིག།
བཟོད་པའི་ཞིང་ནི་དཀོན་པའི་རྒྱུ་མཚན་གཟིགས།།
བག་ཡོད་ཤེས་བཞིན་ལེའུ་ཅིས་མ་གཟིགས།། སྣ་ཚོགས་གྲུབ་མཐའི་ལྟ་སྤྱོད་སྐྱོན་མཁས་པས།།
རིས་མེད་རྟོགས་ལྡན་ནམ་མཁའི་སྐར་ཚོགས་མཛེས།།
ལྟར་སྣང་དམ་བཅའི་ན་བུན་བཏུད་པས་འཇིག། དོན་ཆེན་ལྷུན་པོ་འདྲེན་བྱེད་ཡུལ་ལས་འགོང་།།
ཚད་དུ་མ་ཕབ་བབ་ཅོལ་ཆུ་ཤིང་སྟོང་།།
རང་སེམས་ལས་སུ་རུང་བའི་སྐལ་བ་ཕྲ།། ཆོས་ཀྱི་དོན་པོ་སེམས་ཀྱི་གསང་མ་ཤེས།།
དོན་མེད་དལ་བས་དལ་འབྱོར་ནོར་བུ་བརླག།
རིགས་པའི་མེ་གྲོགས་རླུང་གིས་མ་ཟིན་པས།། རིགས་པ་བཀོད་དེ་རང་གིས་སུན་ཕྱུང་བ།།
རིགས་པ་སྨྲ་བའི་ཚོགས་ཀྱིས་ག་ཞར་མཛོད།།
བརྒལ་ལན་རིགས་པའི་འཕྲུལ་གྱིས་དུ་མར་རྩེན།། དེ་བཞིན་རྒྱ་བོད་མཁས་གྲུབ་བྱེ་བ་ཡང་།།
རིགས་པའི་གསང་ཚིག་སླ་བའི་སྤོབས་པ་འཛིན།།
དུས་གསུམ་སྲས་བཅས་རྒྱལ་བའི་བགྲོད་གཅིག་ལམ།། ཚད་ལ་མ་ནོར་འཇམ་མགོན་ལུགས་བཟང་ཞེས།། བསྔགས་པའི་སྒྲ་བརྒྱ་སྐལ་བཟང་རྣ་བར་འཇེབ།།
ཅེས་བྱ་བ་ནི་རྟེན་འབྱུང་གི་དེ་ཉིད་བསྟན་པའོ།།
ཁ་ཕོ་མེད་ཟེར་ནུས་པ་ཆེ་སྐད་ལོ།། ནང་འགལ་གྱ་གྱུའི་རི་མོ་མང་བཀྲ་བ།།
ཕྲ་ཞིབ་རིགས་པའི་མན་ངག་མེད་པས་ནོངས།།
ཆོས་བརྒྱད་རོ་སྙོམས་གདམས་པ་མེད་པས་ནོངས།། ཅ་ཅོར་སྣང་བ་ཇི་བཞིན་རྗེས་བཟླས་པས།།
ཅ་ཅོ་མི་སྨྲ་གསུང་བ་ཁྱོད་རེ་ལོང་།།
ད་དུང་ཡ་རབས་ཡིན་སྙམ་ཁྱོད་རེ་གླེན།། མ་དྲངས་དྲོལ་བ་བདག་དང་འགྲོ་བ་ཡིས།།
སྒོ་གསུམ་བསྲུང་མེད་སྒོམ་ཆེན་ཁྱོད་རེ་མཁས།།
ཁོར་གསུམ་འཕང་ས་ནོར་རོ་ཧེ་ནུས་ཞིས།། ཚིག་གསུམ་ཙམ་ལ་ནང་འགལ་འདི་མཐོང་བས།།
ཇི་ཙམ་ཚིག་ལ་སུམ་འགྱུར་ནང་འགལ་ལོ།།
སྣ་ཚོགས་གྲུབ་མཐའི་དགག་སྒྲུབ་སྤུ་རིས་ཕྱེ།། ལག་རྡུམ་བྲག་ལ་འཇུ་བའི་བློ་གྲོས་ཀྱིས།།
བཀའ་པོད་གཞུང་བརྒྱའི་གནད་དོན་ཇི་ལྟར་གཞལ།།
ཁྲོན་པའི་རུས་སྦལ་མོ་ཡི་ངང་ཚུལ་བཞིན།། དབུ་ཚད་རིགས་པའི་སྨན་མཆོག་བདུད་རྩི་ཡིས།།
བློ་མིག་དག་པས་ངོ་མཚར་ཅི་ཡང་མཐོང་།།
དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས།།
དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་།།
འདི་ནི་རྒྱུ་བཞིན་དངོས་པོ་མེད་བཞིན་དུ།།
ཐོག་མ་མེད་ནས་བདག་ལ་གནས་ནས་ནི།།
མཚན་མའི་ཚང་ཚིང་གནས་སུ་སྦས་ནས་བཞག།
ད་དུང་འཆིང་ཞིང་འཁོར་བར་འཁྱམ་དུ་འདུག།
དགྲ་འདིས་ཞི་བདེ་ཐར་བའི་སྲོག་ཀྱང་གཅོད།།
དད་པས་སྦྱིན་དང་ཚུལ་ཁྲིམས་མཁར་བརྩིགས་ཏེ།།
དགེ་བས་དཔུང་བྱས་བཟོད་པའི་གོ་གྱོན་ལ།།
བརྩོན་འགྲུས་ལྕག་ཐོགས་བསམ་གཏན་གཞུ་བརྡུང་སྟེ།།
ཆིག་བརྒྱ་དག་ནི་ཤེས་པར་འགྱུར།།
ཡོངས་སུ་འཁྱུད་པའི་བློ་གྲོས་ཉིན་བྱེད་ཀྱིས།།
རེག་པས་དཀའ་གནད་འདབ་སྟོང་པདྨོའི་རྒྱ།།
བློ་ཆེན་ཡིད་ལ་འཛིང་བའི་རྒྱ་མདུད་གསང་།།
བདེ་བླག་ཉིད་དུ་གསལ་བར་མཚོན་པའི་དཔལ།།
རང་ཚོད་བསྙལ་ཞིང་རང་མཐོང་ཆེ་བ་དག།
ལེགས་བཤད་ཡིད་བཞིན་དབང་གི་རྒྱལ་པོ་ཡང་།།
རྣམ་དག་ལུང་གི་དར་གྱིས་བྱི་དོར་བསྒྲུབ།།
འབེལ་གཏམ་བང་རིམ་མཛེས་པའི་རྩེ་མོ་རུ།།
འོད་སྟོང་འབར་བ་པདྨོའི་ཚལ་ལ་རོལ།།
ལང་ལོང་གཡོ་བའི་སྤྲིན་སྔོན་འཕྲེང་བ་དཀྲིག།
ལྷ་ལས་རྒན་པས་ལྷ་དབང་ཞབས་སྐྱེས་མཆོད།།
ཕྱོགས་སུ་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེང་།།
རང་བྱུང་ལྷ་ཡི་རྔ་ཆེན་དགུང་དུ་ལྡིར།།
ཆོས་དུང་སྙན་པའི་པི་ཝང་རྒྱུད་མངས་བརྡུང་།།
ཆོས་མངོན་མཛོད་ཀྱི་ཐང་ཆེན་ཉུལ་བས་དལ།། ཀཱ་ཡེ་ཉོན་དང་མི་ཕམ་དགེ་བའི་བཤེས།།
ད་ནི་ཆོས་མངོན་སྨྲ་བའི་བཤེས་གཉེན་བསྟེན།།
ཁྱོད་ཐུགས་གདུངས་པའི་མེ་ཆེན་གཞིལ་བར་འགྱུར།། འོན་ཀྱང་ལོང་བའི་མུན་མདའ་འཕངས་པའི་ཚུལ།།
དྲན་པས་ཕྱིར་ཞིང་ཡིད་མུག་གྱུར་ན་འང་།།
ཏིང་འཛིན་བསྒོམ་པའི་བློ་ཞིག་འོང་ཡང་མཆི།། ལུས་མེད་མདའ་ཡིས་རྨས་པའི་ཉེས་དམིགས་ཀྱང་།།
མཐོང་བར་ངེས་ཏེ་དེ་ནས་རྟག་ཏུ་སྒྲིམས།།
ལས་ཀྱིས་བསྙེགས་པའི་ཀླག་ཅོར་མཁན་འདི་སུ།། རབ་འཇིགས་རྔམས་པའི་སྦར་མོས་བཅིང་བ་ལས།།
རྣོ་ངར་མཆེ་བའི་ཕྲག་པར་འདྲེན་ལ་ལྟོས།།
དོན་ཀུན་འཇུག་དང་ཐམས་ཅད་ཀྱི།།
ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་།།
མི་འདོད་ཕྱིར་ཞིང་སྤྲོ་བ་འཕེལ་ཞེས་མོལ།། འོ་ན་རྨོངས་འཁྲུལ་མི་སྡུག་རང་མཚང་འདིར།།
སྒྲིམས་ནས་ལྟོས་དང་རང་ཡང་ཡིད་འབྱུང་འགྱུར།།
གཉིས་ཀས་བཏང་བའི་མི་ཕམ་ཇི་ལྟར་ཕམ།། ལྟོས་ཤིག་འཛམ་གླིང་ཡངས་པའི་མཁས་པ་རྣམས།།
ཁྱབ་བ་ལོག་པའི་ཉེས་མཚུངས་རི་མོ་བཀྲ།
ཁྱོད་ཐུགས་འགྱེད་ཆེ་བརྟན་བརྗིད་ལྷུན་པོ་བཞིན།། ཚིག་གི་བསེར་བུ་ཕྲ་མོས་གཡོ་མ་ཡིན།།
ཤིང་བལ་རེག་པའི་ཁང་བཟང་ཇི་བཞིན་ནོ།།
དལ་འབྱོར་གྲུ་གཟིངས་ཀུན་ནས་ཟག། ལས་ངན་སྡུག་བསྔལ་ཁང་བུ་རུ།།
ཇི་ལྟར་འཇུག་སྙམ་བློ་མ་བདེ།།
མི་བཟད་སྡིག་པའི་ལས་ཀྱི་ཕྱག་མ་སྟེ།། ཇི་སྲིད་དུར་སར་མེ་ཡིས་མ་རེག་བར།།
དེ་སྲིད་དོན་མེད་ངལ་ལོ་ཨ་ཙ་མ།།
དངོས་དེ་གང་ཡང་ཡོད་མ་ཡིན།། དེ་ལྟར་གནས་པའི་མཁས་པ་ལ།།
བསོད་ནམས་མི་འགྱུར་གང་ཡང་མེད།།
ཚུར་རོལ་བྱིས་པའི་བློ་མིག་རྨོངས་པས་ལོང་།། དབང་མེད་བྱུང་རྒྱལ་སྨྲ་བའི་བཀའ་ཁྲིམས་དེ།།
རང་མཐོང་ཆེ་བའི་དྲེགས་ལྡན་སེམས་ཀྱིས་བསྒྲག།
རབ་འབྱམས་གཞུང་ལུགས་རྒྱ་མཚོ་བསྲུབས་པ་ལས།། ལེགས་འོངས་ས་འཛིན་ཡངས་པའི་དཀྱིལ་འཁོར་ན།།
མི་སྙན་དགུ་སྙན་དགའ་བ་བསྐྱེད་པའི་རྫས།།
མི་མཐུན་གཅོང་ནད་ཞི་བའི་སྨན་གྱི་རིགས།། མི་ཕམ་བླ་མར་མི་དམན་འབུལ་བ་ཡོད།།
སྤྲུལ་བའི་སྐུ་མཆོག་གཉིས་ལ་ཕྱེད་ཀ་རེ།།
བསམ་གཏན་བཏང་ནས་དགག་སྒྲུབ་ལ་ཞུགས་པའི།། ལས་ཀྱི་རྣམ་སྨིན་མཁྱེན་པའི་རྟེན་དུ་འབུལ།།
གཤིས་བཟང་ཐོས་འཛིན་ལྷག་བསམ་དག་པ་ཡིས།།
བླ་མའི་ཐུགས་ཀྱི་བསྙུང་གཞི་ཐོན་པའི་ཕྱིར།། ལེགས་པར་བྱས་པ་ལ་ཡང་གློ་བ་དགའ།།
ད་དུང་འགལ་འཁྲུལ་ཚབས་ཆེན་ནད་ཡོད་ན།།
རྩུབ་དཔྱད་འགའ་ཞིག་བཙན་ཡང་ཁོང་སྐྲན་འདོན།། མ་རིག་རྨོངས་པས་སྨྲས་པ་མཐོལ་ལོ་བཤགས།།
མ་རྟོག་འཁྲུལ་བས་འཁྱམ་པ་གནོང་ཞིང་འགྱོད།།
མ་གཟས་རེག་པའི་ཉེས་པ་བྱུང་ན་བཟོད།།
ཅེས་བྱ་བ་ནི་བག་མེད་འཆོལ་བའི་གཏམ་གྱི་རིམ་པའོ།།
མི་གཙང་རྩ་བར་བཀྲམས་པའི་མྱ་ངམ་ཐང་།། ཤེས་ལྡན་ཡི་གར་མི་འོང་སྐྱོ་བའི་ཡིད།།
ལ་གོལ་བཞུད་ལས་མིག་གིས་འཚོ་མ་ཡིན།།
ཆོས་ཀྱི་ཚོང་བརྡལ་རིན་ཆེན་གླིང་མཆོག་ནས།། འོང་བའི་དེད་དཔོན་རིགས་པའི་གཏེར་མཛོད་ལ།།
འཁུ་བའི་ད་རི་དྲ་ཡི་རྨོངས་ཚབས་ལྟོས།།
རིགས་ལམ་འཕྲུལ་གྱི་གསང་ཚིག་ཆོས་ཀྱི་གྲྭར།། རང་རང་ལས་ཀྱི་བགོ་སྐལ་མི་བསྣོལ་བ།།
དེ་ནི་དོན་ཆེན་ནོར་གྱིས་དབུལ་མ་ཡིན།།
དེ་ནི་དབུ་མའི་ལམ་ཡིན་ནོ།།
འཁྲུལ་བ་མ་ཞིག་དབྱར་དུས་ཆུ་བཞིན་བརྡོལ།། འཇམ་མགོན་གསང་མཛོད་གནས་ལ་སྤྱན་གདངས་ཀྱང་།།
དམ་བཅའ་བཞི་ལྡན་རིགས་པའི་མདའ་ཡིས་འཇིགས།།
ཚུལ་བཞིན་དྲང་ངེས་ཕྱེད་པའི་བློ་གྲོས་མིག། དྲི་མེད་རིགས་ལམ་བདུད་རྩིས་འདྲོངས་པ་ཡིས།།
ངོ་མཚར་དོན་གྱི་ཁྱད་པར་ཅི་ཡང་མཐོང་།།
མི་བཟད་པ་ཡི་སྟག་བསད་པ།།
ང་ཡི་གྲོགས་པོ་སྒོམ་ཆེན་རྟོག་གེ་བའི།། ལན་འདི་དྲི་མེད་རིགས་པའི་ཐབ་ཏུ་གཞུག།
སུན་འབྱིན་རྡོ་རྗེ་ཐོ་བས་བརྡུང་ཞིང་བརྟག།
ཐ་སྙད་སྦྱོར་ཚུལ་ཞིག་མ་མཁྱེན་ཡིན་སྲིད།།
སུན་འབྱིན་འབར་བའི་ལྕགས་ཀྱུ་རྣོན་པོ་ཡིས།། ཁས་བླངས་བསལ་བའི་འཆོར་མེད་ར་བ་རུ།།
བཅུག་སྟེ་ལུང་རིགས་མཚོན་ཆས་བསྣུན་པར་ལྟོས།།
འཆི་རྨས་སྣང་བའི་འཇིགས་པ་ཡོང་ཐང་ཡོད།། འགལ་རྐྱེན་རྒོད་པའི་མཛའ་བོ་རྙེད་པ་ཡི།།
དྲི་མ་མེད་པའི་སྒོམ་གྱི་དོན་རྟགས་མཐོང་།།
ཆགས་སྡང་རྐྱེན་གྱིས་སྨིན་པ་འབྲས་བུའི་ཚོགས།། ཕྲ་ཞིབ་རིགས་པས་ཕྱེ་མར་བཏག་པ་ལས།།
འགལ་འཁྲུལ་ནོར་བ་རོ་བརྒྱའི་བ་ལིང་ཏ།།
བཞེས་ལ་ང་ཡི་སྨོན་འདྲིན་སྤོང་བ་བར།། དེང་ནས་མེ་ཏོག་མདའ་ཡིས་བསྣུན་ན་རེ།།
བསམ་གཏན་ཚེར་མས་མནར་བའི་དུ་ཁར་རྟོག།
མ་སྨད་ཏིང་འཛིན་ཡར་ངོའི་ཟླ་བ་བཞིན།། འཕེལ་ཞིང་སྤངས་རྟོགས་བཅུ་དྲུག་ཆ་རྫོགས་ཚེ།།
བདུད་རྩིའི་བགོ་སྐལ་སྦྱིན་ནོ་ལུས་མེད་བདག།
རང་གཞན་སྡིག་ལྟུང་ཕུང་པོ་ཇི་སྙེད་པ།། མི་བཟད་སྡིག་པའི་གཟུགས་སུ་སྨིན་པ་རྣམས།། དཔལ་ལྡན་རྡོ་རྗེ་མཁའ་འགྲོའི་ཞལ་དུ་བསྟབ།།
ཨོཾ་སརྦ་པཱ་པཾ་ཁཱ་ཧི་ད་ཧ་ན་ཀུ་རུ་ཧཱུཾ།
རྒྱབ་རྟེན་ལུང་གི་ཐོ་བས་བརྡེག་པ་ལས།། འཁྲུལ་འབྱམས་བུད་ཤིང་དུམ་བརྒྱར་བཀས་པའི་ཚོགས།།
རྡོ་རྗེ་མེ་དཔུང་འབར་བའི་ཐབ་ཏུ་བསྲེག།
མི་རྟོག་རང་དོན་རྩྭ་རྩེའི་ཟིལ་པ་དང་།། སྲིད་འབྱོར་ཧུབ་ཀྱིས་དྲངས་པའི་མི་ངོམས་པ།།
མི་ཕམ་ཚིག་གིས་ཕམ་པ་བཞིན་དུ་མནར།།
མཁྱེན་པའི་སྤྱན་སྟོང་གཡོ་བའི་བཤེས་གཉེན་ཁྱོད།། ཆེར་བསྙིགས་རྒུད་པའི་མུན་ཚོགས་མཐར་བྱས་ཏེ།།
སྐལ་བཟང་ལྷ་བརྒྱའི་ཆོས་ཀྱི་འདུན་ས་མཛེས།།
ཁྱོད་ཐུགས་ཤེས་བྱའི་གཟུགས་བརྙན་གསལ་བའི་མཚོ།། ཡང་ཡང་རྙོག་ཅིང་དཀྲུག་པའི་ཉེས་ཚོགས་ཀུན།།
ཞུམ་ཞུམ་ཡིད་ལ་གཅགས་པས་མཐོལ་ཞིང་བཤགས།།
འོང་བའི་སྣ་ཚོགས་གྲུབ་མཐའི་ཆུ་ཀླུང་འབུམ།། ཀུན་གཟིགས་རྒྱལ་བའི་རིན་ཆེན་གླིང་མཆོག་ཏུ།།
འདྲེས་པའི་སྤངས་རྟོགས་དབྱེར་མེད་ཆོས་སྐུ་རྨད།།
དྲི་རོ་ནུས་པའི་བྱེ་བྲག་ཐ་དད་ལྟར།། ཁམས་དང་བསམ་པས་ཐ་སྙད་དུ་མ་ཡང་།།
མི་འགལ་རིས་མེད་མཁས་རྣམས་ཅི་དགྱེས་མཛོད།།
སྲིད་པའི་ཕུན་ཚོགས་གདུག་པའི་སྦྲུལ་གྱི་ཚང་།། ཞི་བའི་སྒོ་མཆོག་ཟབ་མོ་དབུ་མའི་ལྟ།།
མ་རྒན་དྲིན་ལན་འཁོར་ཕྱིར་བྱམས་སེམས་བསྐྱེད།།
ས་ལམ་རིན་ཆེན་གསེར་གྱི་ཐེམ་སྐས་ལས།། དོན་གཉིས་ལྷུན་གྲུབ་འཕྲིན་ལས་རྒྱུན་མི་འཆད།།
ཨེ་མ་ཚང་ལ་མ་ནོར་ལུགས་བཟང་གི།
འདི་ཀོ་རིགས་པའི་རྗེས་འབྲང་དགའ་བའི་དཔྱིད།།
ཅེས་བྱ་བ་ནི་དོན་དམ་པ་ངེས་པའི་དོན་ནོ།།
ཟླ་བྲལ་ལེགས་པར་བཤད་པའི་འོད་སྟོང་ཅན།། བློ་གྲོས་པདྨོའི་གྲོགས་སུ་རྩེན་པ་ལས།།
ཤེས་ལྡན་བུང་བ་དགའ་བའི་དབྱངས་ཀྱིས་བྲེལ།།
ཕངས་མེད་ཡོན་ཏན་ནོར་གྱི་མཆོག་སྦྱིན་པ།། མཚན་ལྡན་དམ་པའི་ལེགས་བྱས་དྲན་པའི་ཡིད།།
དད་གུས་འཁྲི་ཤིང་གར་གྱི་མཆོད་སྤྲིན་སྤྲོས།།
བརྩེ་ཆེན་པད་དཀར་འདབ་སྟོང་བཞད་པའི་ལྟེ་བར་ཆགས་པའི་ཉ་རྒྱས་ཟླར།། རྒྱལ་ཀུན་མཁྱེན་བརྩེའི་ཤེལ་དཀར་ཕུང་པོ་བཅུ་དྲུག་ལང་ཚོར་འབར་བའི་སྐུས།།
ཤེས་རབ་མཚོན་ཆའི་འཕྲུལ་འཁོར་བསྐྱོད་པས་ཀུན་རྟོག་དྲ་བའི་འཆིང་བ་ཞིག།
འཇམ་མགོན་རང་ལུགས་ཆོས་ཀྱི་རྒྱལ་མཚན་མཆོག། འཇམ་དབྱངས་སྤྲུལ་བའི་མྱུ་གུ་སྐྱེད་ཚལ་དུ།།
འཇམ་དཔལ་སྙིང་པོས་བསྒྲེང་ཞེས་དབང་བསྐུར་བཞིན།།
བྱིན་རླབས་རིན་ཆེན་མཛེས་པའི་བུམ་བཟང་ནས།། སྲས་བཅས་རྒྱལ་ཀུན་ཤིས་བརྗོད་གླུ་དབྱངས་ཀྱིས།།
ལྔ་རིག་འོད་འབར་རིན་ཆེན་ཅོད་པན་བཅིང་།།
རབ་རྨོངས་བདུད་ཀྱི་དཔུང་ཚོགས་ལས་རྒྱལ་ཏེ།། ཕུན་ཚོགས་སྡེ་བཞིའི་གླིང་ལ་དབང་བསྒྱུར་བའི།།
ཆོས་ཀྱི་རྒྱལ་སྲིད་སྐྱོང་བའི་དཔལ་ཐོབ་ཤོག།
ངོ་མཚར་ཟ་འོག་རི་མོ་གསལ་བའི་ཡིད།། རབ་ཏུ་དགའ་བའི་རིན་ཆེན་དབང་གི་རྒྱལ།།
ཆོས་ཚུལ་རྒྱལ་མཚན་ཏོག་ཏུ་མཛེས་གྱུར་ཅིག།
དགའ་བའི་མཆོག་སྟེར་ཤིན་སྦྱངས་མཛའ་ན་མོ།། ཟག་མེད་བདེ་ཆེན་དཔལ་ལ་རྣམ་རོལ་ནས།།
ཞི་བ་གཡུང་དྲུང་དམ་པའི་གནས་ཐོབ་ཤོག།
འཛིན་པའི་བསམ་གཏན་གུར་ཁྱིམ་མཛེས་པའི་བདག། གཟུངས་སྔགས་རྫུ་འཕྲུལ་ནམ་མཁའ་མཛོད་ཀྱི་སྒོ།།
འབུམ་ཕྲག་གྲོལ་བས་དབུལ་བ་སེལ་གྱུར་ཅིག།
ས་སྲུང་དབང་པོ་རིགས་པའི་སྣ་ཞགས་ཀྱི།། མཚོན་ཆ་རབ་ཏུ་འབར་བའི་འཁོར་ལོ་ཡིས།།
བདུད་བཞིའི་དཔུང་ཚོགས་མྱུར་དུ་མཐར་བྱེད་ཤོག།
སྲིད་པ་ཉམ་ངའི་ཐང་ཆེན་རབ་བརྒལ་ཏེ།། འཕགས་ཆེན་དམ་པའི་ས་ལམ་གནོན་པའི་འགྲོས།།
བདེ་ལེགས་གྲོང་ཁྱེར་མཆོག་ཏུ་ཕྱིན་གྱུར་ཅིག།
བླང་དོར་མན་ངག་རིག་པའི་བློ་ཡི་གྲོགས།། ཚུལ་བཞིན་བསྟེན་པའི་བཏང་སྙོམས་རྒྱུ་མཚན་གྱིས།།
ཆོས་འབྱོར་དཔལ་ལ་དབང་བའི་མཐུ་ཐོབ་ཤོག།
བྱང་ཆུབ་ཡན་ལག་རིན་ཆེན་རྣམ་བདུན་གྱིས།། བསམ་སྦྱོར་བདེར་གཤེགས་གཞན་དོན་སྐྱོབ་པ་ཡི།།
ཕུན་ཚོགས་སྡེ་བཞིའི་བང་མཛོད་འཛིན་པར་ཤོག།
བཀྲེན་པས་ཕོངས་པ་བདག་ལ་ཅི་ཆ་ཡང་།། མི་ཕམ་བཤེས་གཉེན་ཚིག་གི་ཕོ་ཉ་ཡིས།།
བསྐུལ་བའི་འཕྲིན་ལན་ཇི་བཞིན་དེང་འདིར་བསྒྲག།
རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མི་བཟད་པར། ཟབ་རྒྱས་གདམས་པའི་དེ་ཉིད་སྟོན་མཁས་པའི།།
མི་ཕམ་འཇམ་དབྱངས་མཆེད་དུ་གྱུར་ཅིག་གུ།
དབྱེར་མེད་འཕྱུར་བའི་རྦ་རླབས་ཕྲེང་བ་ཕྲེང་བར་དཀྲིག་པའི་སྤྲིན་གྱི་ཚོགས།། སྲིད་པར་རིང་ནས་འཁྱམ་པའི་ཡིད་ཅན་ཡིད་ཀྱི་དགེ་བའི་ལོ་ཏོག་ཀུན།།
རབ་རྒྱས་འབྲས་བུ་དུས་སུ་སྨིན་པ་སྨིན་དང་གྲོལ་བའི་དཔལ་ཐོབ་ཤོག།
ཅེས་དགག་ལན་ཤེས་ལྡན་ཡིད་ཀྱི་གདུང་སེལ་རིགས་ལམ་ག་བུར་ཆུ་རྒྱུན་ཞེས་བྱ་བ་འདི་ནི། རྩོམ་དུས་འཚུབ་ལྟས་མང་བས་གསེར་སྡོང་ཆེན་མོ་དང་། བཀའ་སྡོད་ཆོས་ཀྱི་རྒྱལ་བོའི་དྲུང་དུ་བརྟགས་པས་གནང་བའི་ཡིད་ཆེས་ཀྱི་དད་པའི་མཚན་མ་ཐོབ་སྟེ། རབ་ཚེས་ཆུ་ཡོས་ཉིན་བྱེད་དབང་པོ་ཆུ་སྲིན་གྱི་ཁྱིམ་དུ་སྤྱོད་པའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར། མདོ་སྨད་ཆོས་ཀྱི་འབྱུང་གནས་གངས་ཅན་ལུམ་བིའི་སྐྱེད་ཚལ་དཔལ་ལྡན་བཤད་སྒྲུབ་གླིང་གི་དཀའ་བཞི་པ། བློ་བཟང་རབ་གསལ་གྱིས་སྦྱར་བའི་ཡི་གེ་པ་ནི་རྣམ་དཔྱོད་ཡངས་པ་བསོད་ནམས་བཟང་བོས་བགྱིས་པ་འདི་ཡང་། །རིས་མེད་བསྟན་དང་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིག། །།
དགོན་ཆེན་ཁྲིམས་ལྡན་འདུས་པའི་རྒྱ་མཚོ་ཆེར།། བདོག་པའི་དངོས་པོ་སྤྲིན་ཚོགས་འཁྲིགས་པ་ལས།།
འཛད་མེད་ཆོས་ཀྱི་ལོངས་སྤྱོད་འབྱམས་སུ་ཀླས།། །།