Theg pa chen po'i lugs kyi 'khon sbyong/Full text

From Bodhicitta
Texts/Theg pa chen po'i lugs kyi 'khon sbyong/Full text

ཐེག་པ་ཆེན་པོའི་ལུགས་ཀྱི་འཁོན་སྦྱོང།
Mahāyāna Purification of Grudges
FULL TEXT


Description

Although the compilers of [the Blo sbyong brgya rtsa, Mind Training the Great Collection] do not provide any information on the authorship of this short work, the text is listed in both Shönu Gyalchok's Compendium of Well-Uttered Insights and Longdöl Lama's Useful List [of Texts]. The core instruction in this text is a meditative practice in which, on the basis of the Vajrasattva meditation, you purify grudges you might harbor toward others, as well as overcoming malevolent forces, harmful intentions, jealousy, and rivalry with others. You then train the mind so that you are able to view all sentient beings as your dear parents. (Thupten Jinpa, Mind Training: The Great Collection, 603n328)

Referencetheg pa chen po'i lugs kyi 'khon sbyong [ཐེག་པ་ཆེན་པོའི་ལུགས་ཀྱི་འཁོན་སྦྱོང།]. [Mahāyāna Purification of Grudges].
People



[edit]
Source Theg pa chen po blo sbyong brgya rtsa (Tibetan Classics)
Date 2025-10-15
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། །ཐེག་པ་ཆེན་པོའི་ལུགས་ཀྱི་འཁོན་སྦྱོང་ལགས་སོ།།

༄༅། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །མི་དང་མི་མ་ཡིན་པའི་སེམས་ཅན་གྱི་ བྱེ་བྲག་གང་ཡང་རུང་བ་དང༌། ཤ་འཁོན་དུ་གྱུར་ནས་དེ་ལ་བྱང་ཆུབ་ཀྱི་སེམས་སྦྱོང་སྙིང་མི་འདོད་ན་ བྱང་ཆུབ་ཀྱི་སེམས་སུ་མི་འགྱུར་བས་འཁོན་སྦྱངས་པའི་མན་ངག་ནི། རང་སྟན་བདེ་བ་ལ་སྤྱོད་ལམ་ གང་བདེར་འདུག་སྟེ། བྱམས་སྙིང་རྗེ་དྲག་པོས་བསྐུལ་ལ། རང་གི་སྙིང་ཁོང་སྟོང་དུ་ཤ་འཁོན་ཅན་དེ་ ཡོད་པར་བསམས་ལ། དེའི་པང་ན་རང་གི་ཡི་དམ་གྱི་ལུས་རང་ཁོ་ན་འདྲ་བ་གཅིག་དང་། སྙིང་དང༌། ཁ་དང་། དཔྲལ་བ། ལག་པ་འཁྱུད་པར་བསམས་ལ། རང་གི་སྤྱི་བོར་ཨ་ལས་ཟླ་བའི་དཀྱིལ་འཁོར་ གྱི་སྟེང་དུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀར་ འཛིན་པ། གཡོན་པ་དྲིལ་བུ་དཀུར་བསྟེན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་ ཀྲུང་གིས་བཞུགས་པའི་ཞབས་ཀྱི་མཐེ་བོང་བདག་གི་ཚངས་བུག་ན་རེག་པར་བསམ། དེའི་ཐུགས་ཀར་ ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་གཅིག་བསམས་ལ། ཡི་གེ་ བརྒྱ་པ་བཟླས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་སེམས་དཔའ། དེའི་ཐུགས་བྱང་ཆུབ་ཀྱི་སེམས་བྱམས་སྙིང་རྗེའི་ངོ་བོ་སྟེ། རྣམ་པ་བདུད་རྩིའི་རྣམ་པ་འོ་མ་ལྟ་བུ་རྡོ་རྗེ་ དང་ཧཱུྃ་ལས་བབས་ནས་ཞབས་ཀྱི་མཐོ་བོང་ནས་འཛག །བདག་གི་ཚངས་བུག་ནས་ཞུགས་ནས་སྙིང་ ཁའི་གཟུགས་ལ་ཐིམ་པས། ཚེ་ཐོག་མ་མེད་པ་ནས་ཀྱི་ཤ་འཁོན་དང་། གདོན་དང་གནོད་སེམས་དང་། འགྲན་སེམས་ཕྲག་དོག་ཐམས་ཅད་དག་ནས་ཕ་མ་སྤུན་ཟླ་ལྟ་བུར་སྐྱེས་པར་བསམ། འཇོག་ཙ་ན་རྡོ་ རྗེ་སེམས་དཔའ་སྤྱི་བོ་ན་མར་ཐིམ་པས། རང་གཞན་ཐམས་ཅད་ནམ་མཁའ་ལྟ་བུ་མཉམ་པ་ཉིད་དུ་

བསྒོམ་མོ། །ཐེག་པ་ཆེན་པོའི་བློ་སྦྱོང་གི་མན་ངག་དམ་པའོ།། །།