Sum pa lo tsA ba'i snyan brgyud kyi blo sbyong/Full text

From Bodhicitta
Texts/Sum pa lo tsA ba'i snyan brgyud kyi blo sbyong/Full text

སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི་བློ་སྦྱོང་།
Sumpa Lotsawa's Ear-Whispered Mind Training
FULL TEXT


Description
Shönu Gyalchok (Compendium of Well-Uttered Insights, p. 245) identifies the root text of this work to be the following four-line stanza, which he attributes to Sumpa Lotsāwa (c. twelfth century):
If you can tolerate anything, whatever you do brings happiness;
If your mind rests where it's placed, you can journey anywhere;
If your mind is fused with Dharma, it's okay even if you die;
If you have recognized the mind as unborn, there is no death.
Something similar to these four lines is actually cited in [this] text. So far I have failed to locate any significant information on the life of Sumpa Lotsāwa. In the information on the transmission of the lineage at the end of this short work, it states that Sumpa Lotsāwa himself transmitted the instruction of this practice to the famous Tibetan master Sakya Paṇḍita. Furthermore, there is a brief reference to Sumpa Lotsāwa as Dharma Yönten in The Blue Annals (vol. 1, pp. 469-70: English translation: pp. 388–89), where he is listed as having translated several important texts composed by the Indian master Jayasena (Toh 1516 and 1521) from whom the Sakya patriarch Drakpa Gyaltsen received teachings as well. This would place Sumpa Lotsāwa between late twelfth and early thirteenth century, which fits well with the time of Sakya Paṇḍita. As for the identity of the author of this mind training text based on Sumpa Lotsāwa's instructions, the question must remain open. (Thupten Jinpa, Mind Training: The Great Collection, 604–5n338)
Referencesum pa lo tsA ba'i snyan brgyud kyi blo sbyong [སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི་བློ་སྦྱོང་།]. [Sumpa Lotsawa's Ear-Whispered Mind Training].
People



[edit]
Source Theg pa chen po blo sbyong brgya rtsa (Tibetan Classics)
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། །སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི་བློ་སྦྱོང་བཞུགས་སོ།།

༄༅། །གུ་རུ་ན་མོ། གྲུབ་ཐོབ་སུམ་པ་ལོ་ཙཱ་བ་རྒྱ་གར་དུ་བྱོན། གསང་སྔགས་ཕལ་ཆེར་ ལ་ཐོས་པ་མཛད། བོད་དུ་འབྱོན་ཁར་གསེར་ལྷག་ཁྱེར་ནས་རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོ་ ལ་འབུལ་དུ་བྱོན། གནྡྷོ་ལ་ལ་བསྐོར་བ་མཛད་ཅིང་བཞུགས་པས་བུད་མེད་དམར་མོ་གཅིག་ དང༌། སྔོན་མོ་གཅིག་གཉིས་རེས་འགའ་བར་སྣང་ལ་བསྐོར་བ་མཛད། རེས་འགའ་ས་ལ་ གོམ་པ་དོར་བའི་ཚུལ་དུ་བསྐོར་བ་མཛད་ཅིང་གདའ་སྐད། དེར་བུད་མེད་སྔོན་མོ་དེས་དམར་མོ་དེ་ལ་མོ་དེ་མདངས་ཞག་ང་བློ་ཡང་མ་བདེ། འགྲོ་ སྙིང་གཅིག་ཀྱང་འདོད། འཆི་བ་མིན་ན་དྲག་སྟེ། ལར་འཆི་བ་འདི་ཀ་ལ་འཚེར་ཟེར་ནས་དྲི་བ་ རྣམ་པ་བཞི་བྱེད་ཀྱིན་གདའ་སྐད། དེར་བུད་མེད་དམར་མོ་དེས་ལོ་ཙཱ་བ་ལ་སྤྱན་གྱིས་ཟུར་མིག་ ཅེར་བ་གཅིག་གཟིགས་ནས་སྔོན་མོ་དེ་ལ་མོ་དེ་ང་གང་བྱུང་གིས་ཆོག་ན་ཅི་བྱས་ཀྱང་བདེ་སྟེ ། ཁྱོད་ཀྱི་བློ་དེ་གང་བྱུང་གིས་མཆོག་པས་ལན་པ་ཡིན། མོ་དེ་སེམས་བཞག་སར་སྡོད་ན་ཕྱིན་ཀྱང་ ཆོག་སྟེ། ཁྱོད་ཀྱི་སེམས་དེ་བཞག་སར་མ་སྡད་པས་ལན་ནོ། །མོ་དེ་བློ་ཆོས་སུ་སོང་ན་ཤི་ཡང་སླ་ བ་ལ་ཁྱོད་ཀྱི་བློ་རྒྱུན་ཆོས་སུ་མ་སོང་བས་ལན་ནོ། །མོ་དེ་རང་སེམས་སྐྱེ་མེད་དུ་རྟོགས་ན་འཆི་རྒྱུ་ ཡང་མེད་དེ། ཁྱོད་ཀྱི་སེམས་སྐྱེ་མེད་དུ་མ་རྟོགས་པས་ལན་ཟེར་ནས་ལན་རྣམ་པ་བཞི་འདེབས་ ཀྱིན་གདའ་སྐད། དེ་ནས་ལོ་ཙཱ་བའི་ཐུགས་སྐྱོ་བ་སངས། སྔར་བསླབ་པའི་ཆོས་གནད་དུ་སོང་། ཐུགས་བརྒྱུད་ཀྱི་སྟེང་དུ་ཡང་རྟོགས་པ་ཁྱད་པར་ཅན་སྐྱེས་པ་ཡིན་གསུངས་སོ།། དེ་ལ་ངོ་སྤྲོད་འདི་ལྟ་བུ་ཡིན། གང་བྱུང་གི་ཆོག་ན་བྱ་བ་རང་གིས་བསགས་པ་དང་ བསྟུན་པའི་ལོངས་སྤྱོད་གང་བྱུང་གིས་ཆོག་ཤེས། གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་མི་དོག་ རྐྱེན་བདེ་སྡུག་གི་ཁོངས་བཞུགས་སུ་མི་འགྱུར་བ་ལ་སོགས་པ་དགོས་གསུངས་སོ། །སེམས་བཞག་ སར་སྡོད་པར་བྱ་བ་བླ་མའི་བྱིན་བརླབས་དང༌། ཐབས་ཁྱད་པར་ཅན་ལ་བརྟེན་ནས་སེམས་རང་ ངོ་ཤེས། རང་ས་ཟིན། རང་དབང་ཐོབ་པ་ལ་སོགས་པ་དགོས།: སེམས་ཆོས་དང་འདྲེས་པ་ནི་ སེམས་རིག་རིག་པོ་འདི་ཡིན། ཆོས་དེའི་རང་བཞིན་རྟོགས་པ་གཅིག་དགོས། སེམས་སྐྱེ་མེད་དུ་ རྟོགས་པ་ནི། སྐྱེ་བ་རྟོགས་པ་འཆི་བ་འགག་པ་ཡིན། སེམས་སྐྱེ་འགག་གནས་གསུམ་དང་བྲལ་ བར་རྟོགས་པའི་རྟོགས་པ་མཉམ་རྗེས་མེད་པ་ནི་འཆི་རྒྱུ་མེད་པ་ལགས་སོ།། ཆོས་འདིའི་བརྒྱུད་པ་ནི། རྗེ་བཙུན་མ་རྡོ་རྗེ་ཕག་མོ། སྒྲོལ་མ་གཉིས་ཀྱིས་སུམ་པ་ལོ་ ཙཱ་བ་ལ་གསུངས། དེས་ས་པཎ། དེས་གྲུབ་ཐོབ་ཆེན་པོ་མཚོ་འཕྲང་བ། དེས་མཁས་གྲུབ་ཆོས་རྗེ། དེས་རི་ཁྲོད་རས་ཆེན། དེས་པྲཛྙཱ་བོདྷི། དེས་དོན་ཡོད་ཞགས་པ། བུད་དྷ་རཏ་ལ། དེས་ཀཱིཏཱི་ཤྲཱི་ ལ་ལ། དེས་ཆོས་རྗེ་རྒྱལ་བ་བཟང་པོ་ལ། དེས་ཆོས་རྗེ་བསོད་ནམས་རིན་ཆེན་ལ་གནང་། དེས་

དཀོན་མཆོག་འབངས་ལ་གནང་བའོ།། །།