Skyid sdug lam 'khyer gyi blo sbyong/Full text

From Bodhicitta
< Texts‎ | Skyid sdug lam 'khyer gyi blo sbyongTexts/Skyid sdug lam 'khyer gyi blo sbyong/Full text

སྐྱིད་སྡུག་ལམ་འཁྱེར་གྱི་བློ་སྦྱོང་།
Mind Training Taking Joys and Pains onto the Path
FULL TEXT


Description

This is a fascinating short text on mind training that employs the well-known Vajrayana meditation of taking death, intermediate state, and rebirth onto the path as the three buddha bodies. The text provides an instruction on how to apply this three-buddha-bodies meditation for the specifically mind training objective of taking everyday experience as one's spiritual path. Interestingly, the root text of this instruction, which Shönu Gyalchok (Compendium of Well-Uttered Insights, p. 245) identifies as the four-line stanza attributed to Kashmiri master Śākyaśrī (1127-1225), does not allude to any association with this Vajrayana method. It is probable that the present work, which is essentially an exposition of Śākyaśrī's four lines, was composed by the Tibetan translator Trophu Jampa Pal, who is listed in the text as the inheritor of the lineage of this instruction from the Kashmiri master. Since no work of Trophu's survives today to my knowledge, this attribution must remain only a hypothesis. (Thupten Jinpa, Mind Training: The Great Collection, 604n335)

Referenceskyid sdug lam 'khyer gyi blo sbyong [སྐྱིད་སྡུག་ལམ་འཁྱེར་གྱི་བློ་སྦྱོང་།]. [Mind Training Taking Joys and Pains onto the Path].
People



[edit]
Source Theg pa chen po blo sbyong brgya rtsa (Tibetan Classics)
Date 2025-10-15
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། །སྐྱིད་སྡུག་ལམ་འཁྱེར་གྱི་བློ་སྦྱོང་བཞུགས་སོ།།

༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱིད་སྡུག་ལམ་ཁྱེར་གྱི་མན་ངག་འདི་བྱང་ཆུབ་ཏུ་སེམས་ བསྐྱེད་ལ། སྐྱིད་པར་བྱུང་ན་སྐྱིད་མཁན་དེ་ལུས་དང་སེམས་གང་ཡིན་ངོས་ཡེར་གྱིས་བཟུང་། ལུས་བེམ་ པོ་རོ་དང་འདྲ་སྟེ། སྐྱིད་མཁན་དུ་མ་གྲུབ། སེམས་སྟོང་པ་ནམ་མཁའ་དང་འདྲ་སྟེ། ཁོ་ཉིད་ཁོ་རང་ གིས་སྟོང་པས་སྐྱིད་པོར་མ་གྲུབ། དེས་ན་སྐྱིད་པ་པོར་འཛིན་པ་དེ་ཉིད་ཁོ་རང་གིས་སྟོང་པས། སྟོང་པ་ ལ་སྟོང་པར་ཤེས་པར་བྱས་ལ་སྟོང་པའི་ངང་ལ་སིང་ངེ་ཡེར་རེ་ལྷོད་དེ་ཤིག་གེ་སྡོད་ཚད་མཉམ་པར་ བཞག དེ་ནི་མ་བཅོས་དྲི་མེད་ཆོས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་ངང་ལ་སྐྱིད་པར་སྣང་བ་དེ་ཉིད་ ཀྱི་ངོ་བོར་ཡེར་གྱིས་བསྒོམ། སེམས་ཡེངས་རུང་མ་ཡེངས་རུང་ཡི་དམ་ལྷ་དང་འབྲལ་མེད་དུ་རྒྱས་ གདབ། དེ་ནི་དག་པའི་གདུལ་བྱ་འདུལ་བྱེད་ལོངས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་ང་རྒྱལ་དང་མ་ བྲལ་བས་སྐྱིད་པར་སྣང་བ་དེ་ཉིད་སེམས་ཅན་གྱི་དོན་དུ་བསྔོ་སྟེ། སྐྱིད་ན་དགེ་བ་ཚོགས་སུ་བསྔོ། །ཕན་ བདེས་ནམ་མཁའ་གང་བར་ཤོག །ཅེས་ལན་གསུམ་བརྗོད། དེ་ནི་མ་དག་པའི་གདུལ་བྱ་འདུལ་བྱེད་ སྤྲུལ་སྐུ་ཐོབ་པའི་ཐབས་ཡིན་ནོ།། སྡུག་མཁན་དེས་ལུས་དང་སེམས་གང་ཡིན་ངོས་ཡེར་གྱིས་བཟུང༌། ལུས་བེམ་པོ་རོ་དང་འདྲ་ སྡུག་མཁན་དུ་མ་གྲུབ། སེམས་སྟོང་པ་ནམ་མཁའ་དང་འདྲ་སྟེ། ཁོ་ཉིད་ཁོ་རང་གིས་སྟོང་པས་ སྡུག་པ་པོར་མ་གྲུབ་པས། དེས་ན་སྡུག་པར་འཛིན་པ་དེ་ཉིད་ཁོ་རང་གིས་སྟོང་པ་ལ་སྟོང་པར་བྱས་ལ་ སྟོང་པའི་ངང་ལས་སིང་ངེ་ཡེར་རེ་ལྷོད་དེ་ཤིག་གེ་སྡོད་ཚད་དུ་མཉམ་པར་བཞག མ་བཅོས་དྲི་མེད་ ཆོས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་ངང་ལ་སྡུག་པར་འཛིན་པ་དེ་ཉིད་རང་གི་ཡི་དམ་གང་ཡིན་ པ་དེའི་ངོ་བོར་ཡེར་གྱིས་བསྒོམ། སེམས་ཡེངས་རུང་མ་ཡེངས་རུང་ཡི་དམ་ལྷ་དང་འབྲལ་མེད་དུ་ རྒྱས་གདབ། དེ་ནི་དག་པའི་གདུལ་བྱ་འདུལ་བྱེད་ལོངས་སྐུ་ཐོབ་པའི་ཐབས་ཡིན་ནོ། །དེའི་ང་ རྒྱལ་དང་མ་བྲལ་བས་སྡུག་པར་སྣང་བ་དེ་ཉིད་སེམས་ཅན་གྱི་དོན་དུ་བསྔོ་སྟེ། སྡུག་ན་ཀུན་གྱི་ སྡུག་བསྔལ་བླངས། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་ཤོག །ཅེས་ལན་གསུམ་བརྗོད། དེ་ནི་མ་དག་ པའི་གདུལ་བྱ་འདུལ་བྱེད་སྤྲུལ་སྐུ་ཐོབ་པའི་ཐབས་ཡིན་ནོ། །སྐྱིད་སྡུག་ལམ་ཁྱེར་གྱི་མན་ངག་གོ། འདིའི་བརྒྱུད་པ་ནི། པཎ་ཆེན་ཤཱ ཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ། མཁན་ཆེན་ལྷོ་བྲག་པ། མཁན་ཆེན་ བདེ་བ་བྱམས་ཆེན་པ། རིན་ཆེན་གྲགས་པ་བཤེས་གཉེན། ཆོས་རྗེ་བསོད་ནམས་རིན་ཆེན། གཞོན་ནུ་

རྒྱལ་མཆོག་གོ།