The
Anantamukhasādhakadhāraṇī (also called
The Incantation for Achieving the Boundless Gate) is an important Buddhist dhāraṇī text from the
Mahāyāna tradition. It belongs to the early dhāraṇī literature that eventually developed into full tantric practices.
The text likely dates to around the 3rd-4th century CE, originating during the later development of Mahāyāna Buddhism in India. Like many dhāraṇī texts, its specific author is unknown, as these works were typically attributed to the Buddha himself or were considered to have emerged from collective spiritual practice rather than individual authorship.
The text contains mantras and incantations believed to possess spiritual power. It focuses on the concept of "unimpeded" or "infinite entrances" (anantamukha) to dharma realization. The dhāraṇī is recited to remove obstacles to spiritual practice and to gain insight into the nature of reality.
The Anantamukhasādhakadhāraṇī was influential in several ways:
- It was translated into Chinese multiple times, including versions by Zhiyan in the 5th century and later by Xuanzang.
- It contributed to the development of esoteric Buddhist practices in East Asia
- It served as an important text in the transition from earlier Mahāyāna Buddhism to later tantric forms.
- Elements of its practices were incorporated into various Buddhist rituals across Asia. (Generated by Claude.ai Apr 4, 2025)
འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཞེས་བྱ་བ་འདི་ནི། སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་དུས་ལ་ཉེ་བའི་ཚེ། ཡུལ་ཡངས་པ་ཅན་གྱི་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་ཁང་བཟངས་ན་དགེ་སློང་བརྒྱད་སྟོང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ་གསུངས་ཤིང་། ཐེག་པ་ཆེན་པོའི་གཟུངས་ཀྱི་རྣམ་གཞག་སྟོན་པའི་ཆོས་ཁུངས་རྩ་ཆེན་ཞིག་ཡིན་ལ། ཕྱིས་ཀྱི་གསང་སྔགས་ཀྱི་སྒྲུབ་ཐབས་ཕལ་ཆེར་ཡང་འདི་ལ་བརྟེན་ནས་བྱུང་བ་ཡིན། འདི་ཡི་མ་དཔེ་ནི་སྤྱི་ལོ་བརྒྱ་ཕྲག་ ༠༣ པ་དང་ ༠༤ པའི་དབར་རམ། འཕགས་ཡུལ་དུ་ཐེག་ཆེན་ཕྱི་དར་གྱི་དུས་སུ་བྱུང་བར་ཚོད་དཔག་བྱེད་ལ། གཟུངས་ཀྱི་མ་དཔེ་སྤྱི་ཡོངས་ལྟར་དཔེ་འདི་ལ་ཡང་རྩོམ་པ་པོའི་མཚན་ཁ་གསལ་མེད་ཀྱང། ཕལ་ཆེར་གྱིས་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པར་འདོད་ལ། གང་ཟག་བྱེ་བྲག་པས་བྱས་པ་མ་ཡིན་པར་དགེ་སྦྱོང་ཐུམ་མོང་གི་ཉམས་ལེན་ལས་བྱུང་བ་ཡིན་པར་གཞན་དག་འདོད་དོ།། གཟུངས་ཀྱི་རྣམ་གྲངས་འདི་དག་ཡིད་ལ་བཟུང་ཞིང་ངག་ཏུ་བཟླས་ན་ས་ལམ་གྱི་བར་ཆད་ཐམས་ཅད་ཞི་ཞིང་། ཆོས་ཉིད་ཀྱི་གནས་ལུགས་རྟོགས་པའི་སྒོ་དུ་མ་སྒྲུབ་ནུས་པར་གསུངས་ཡོད།
༈ སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཀྱི་རྣམ་གྲངས་འདི་ཡི་དར་ཁྱབ་དང་ནུས་ཤུགས་མཚོན་ཙམ་བཀོད་ན།
• རྒྱ་ནག་གི་སྐད་དུ་ཐེངས་འགར་བསྒྱུར་བ་དཔེར་ན། སྤྱི་ལོ་བརྒྱ་ཕྲག་ ༠༥ པའི་ནང་ལོ་ཙཱ་བ་ཞཱིཡན་གྱིས་བསྒྱུར་བ་དང་། ཁོང་གི་ཕྱིས་སུ་སཱུན་ཟང་གིས་བསྒྱུར་བ་དང་།
• ཤར་ཨེ་ཤིའར་དར་བའི་གསང་སྔགས་ཀྱི་སྒྲུབ་ཐབས་ཕལ་ཆེར་འདི་ཡི་མཐུན་རྐྱེན་ལས་གྲུབ་པ་དང་།
• སྔར་དར་ཐེག་ཆེན་མདོ་ལུགས་དང་། ཕྱིས་དར་ཐེག་ཆེན་སྔགས་ལུགས་གཉིས་ཀྱི་མཚམས་སྦྱོར་དུ་གྱུར་བ་དང་།
• ཨེ་ཤིའི་ནང་བསྟན་སྤྱི་ལ་གཟུངས་ཀྱི་རྣམ་གྲངས་འདི་དག་གི་ཆ་ཤས་མ་འཐུས་པ་མེད་པ་ལྟ་བུའོ།།