Kāmāvavādakasūtra/Full text

From Bodhicitta
Texts/Kāmāvavādakasūtra/Full text


Description
The Kāmāvavādakasūtra ('Dod pa gdams pa'i mdo, "Sūtra of Instruction on Desires") is a Buddhist sūtra preserved in the Go Gondhla Kangyur (RKTSK 914), translated by the Indian preceptor Kamalagupta together with Rinchen Zangpo and Shakya Lodrö. The sūtra is set at Śrāvastī, in Anāthapiṇḍada's park in Prince Jeta's grove, and consists largely of the Buddha's direct exhortation to a monk to abandon attachment to sensual pleasure. It opens with the urgent injunction to "turn the mind away from sensual pleasures," describing the path of desire as fearful, thorny, and dark, and compares sensual pleasures to a disease, a tumor, an arrow, and a baited hook, as well as to traps for deer, nets for birds, snares for monkeys, and a mass of flame for moths. The deer-trap simile in particular has a parallel in the Pāli Ariyapariyesanā Sutta (MN 26), suggesting the text draws on a shared body of early Buddhist imagery and literary stock also attested in the Pāli canonical tradition. The text goes on to detail the karmic consequences of pursuing desire across successive rebirths (as beef-eaters, snakes, frogs, thieves, and others), catalogues an extensive litany of the body's illnesses and miseries, and closes with the same urgent reminder that "the time for seeking sensual pleasures has passed; the time for seeking the Dharma has come." The Buddha's teaching culminates in an exposition of the Four Noble Truths, after which the monk addressed attains the fruit of stream-entry.

This text corresponds to the Kāmāpavādakasūtra ("Sūtra that Warns against Sensual Pleasures") cited by Śāntideva in the Śikṣāsamuccaya immediately following his citation of the Saptamaithunasaṃyuktasūtra (see Bendall, Śikṣāsamuccaya, Bibliotheca Buddhica 1, St. Petersburg, 1897–1902; Goodman, The Training Anthology of Śāntideva, Oxford University Press, 2016, pp. 80–81, n. 18). Neither Bendall nor Goodman identified a Tibetan canonical equivalent for the passage. Comparison of the Sanskrit-derived English translation against the Tibetan of RKTSK 914 confirms the identification: the opening exhortation, the deer/bird/fish-hook/monkey/moth imagery, the catalogue of karmic rebirths, the litany of bodily miseries, and the closing "time to search for the Dharma" formula all correspond closely between the two. The apavādaka ("warns against") and avavādaka ("instruction on") variance between Bendall/Goodman's Sanskrit title and the Tibetan colophon's title reflects transmission variance rather than two distinct texts.

References:

  • Bendall, Cecil, ed. Śikṣāsamuccaya. Bibliotheca Buddhica 1. St. Petersburg, 1897–1902.
  • Goodman, Charles. The Training Anthology of Śāntideva: A Translation of the Śikṣā-samuccaya. Oxford University Press, 2016. See pp. 80–81, n. 18.
Referencekāmāvavādakasūtra [कामाववादकसूत्र]. 'dod pa gdams pa'i mdo [འདོད་པ་གདམས་པའི་མདོ།]. [The Sūtra of Advice on Desire]. Kangyur, RKTSK 914 http://www.rkts.org/cat.php?id=914&typ=1.
PeopleKamalagupta, Śākya Lodro, Lochen Rinchen Zangpo






[edit]
Source RKTS
Date 18 September 2026
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
Kāmāvavādakasūtra

Gondhla Kangyur Vol. 27 'khyod bsal 219a

། གཡེངས་པར་གྱུར་པས་དེ་འདོད་ཆགས་ཀྱི་ལམ་ལ་ཞུགས་པར་གྱུར་ད་ཅིག། འདོད་ཆགས་ཀྱི་ཐུག་རྔུས་ཟུག་ཅིང་འདོད་ཆགས་ཀྱིས་ཡོངས་སུ་གདུངས་པས་ཡོངས་སུ་གདུངས་པར་གྱུར་ཏོ༎ དེ་གདུང་ས པར་གྱུར་པས་མདོག་ངན་པར་གྱུར་ད་ཅིང་། ཆུབ་ཅིང་ཉམས་ཆུང་ལ་སྐྱ་ཞིང་སྐྱ་བོ་བསེང་པ་སེང་པོར་གྱུར་པ་ལ། ལུས་སྐམས་པར་གྱུར་ཏེ། འགྲོ་ནའང་བདེ་བས་འགྲོ་བར་མྱི་འགྱུར་བ་དང་། འདུག་པ་གནས་པ་དང་། འདུག་པ་དང་། ཉལ་བ་དང་། དགོན་པར་འགྲོ་བ་དང་། ཤིང་དྲུང་དུ་འགྲོ་བ་དང་། ཁང་ཏོང་དུ་འགྲོ་བ་དང་། དགེ་སློང་གི་ནང་ན་འགྲོ་བ་ནའང་བདེ་བར་འགྲོ་བར་བྱི་འགྱུར་རོ༎ ལུ་ནོད་པ་དང་། ཀློག་པ་དང་། ཡོངས སུ་འདྲི་བ་དང་། དམ་པའི་ཆོས་ཉེནད་པ་དང་། འཛིནད་པ་དང་། རྣམ་པར་བསྟནད་ལ་འབེབས་པ་དང་། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་དང་། དགོན་པ་དང་། ནགས འདབ་དང་བས་མཐའི་གནས་མལ་དང་། སྤྲ་ཆུང་བ་དང་། སྨ་སྐད་ཆུང་བ་དང་། སྐྱེ་བོ་གནས་པ་དང་བྲལ་བ་དང་། གནས་ཁང་རྣ་རྣམས་ལ་རྗེས་སུ་དགའ་བར་མྱེད་པར་འགྱུར་རོ༎ དེ་ནས་ལྷད་ཅིག་གནས པའི་དགེ་སློང་རྣམས་ཀྱིས་དགེང་ཟུང་དེས་དྲིས་པ། དང་ལྡན་པ་ཁྱོད་སྔོན་གྱི་འགས་པའི་མདོན་དང་། སྔོན་གྱི་ཁྱོད་ཀྱི་དགའ་བ་དང་། དབུ་པ་དང་འདས་པ་དང་། མགུ་ཞིང་འདི་བདེ་བ་དང་། མངོད་པར་དག། ༄ བར་གཟུགས་དང་། མངོན་པོ་ཤིནང་དུ་དུལ་ལ་བཞིན་གྱི་མདསངས་ཤི་ནད་ཏུ་གསལ་བ་དང་། སོགས་པའི་མདོག་ཡོངས་སུ་དགུ་པ་ཡིན་ན། ཚེ་དང་ལྡན་པ་ཁྱོད་ཀྱིས་དེ་ནི་དེ་ལྟར་གྲུབ་པ་དང་། ཉན་པ་ཆུང་ཞིང་། མདོག་ངན རྩྭའི་སྒྲུབ་པཟེང་བཟེད་པོ་བྱུ་ཅིང་ཆུས་སྐྱེམས་པར་གྱུད་ན། ཚད་ཀྱི་ལུམས་ས་སེས་ཀྱི་སྡུས་རྒྱས་ཀྱིས། ་རྗེས་པར་གྱུས་མེ་དེ་ར་ན་གསུས་དུསྨྲ་ཀྱང་། དེགས་པར་བྱེ་དང་དེ། མ གྲནས་ཟེ་རྣམས་ཀྱི་དྲིས་པ་དང་༎ དེས་སྩས་པ། མེ་དང་བླར་བ་དག་བདག་ནི་འདོད་ཐགས་དམི་པའི་ཡོངས་སུ་འི་ང་ཅིང་ཡི་ཀྱིས་པ་དང་སྟེ། ཟབ་པ་ཡོངས་སུ་སྤོང་ཞིང་རྣམས་པ་ལ་གནས་པར་འགྱིད་བཔ་རྣམ་པར་ཐོས བྱེད་དོ༎ དེ་རས་དགེ་སློང་དེ་རྣམས་ཀྱིས་དན་སློང་དེ་ལ་ཆོས་ཀྱི་གནས་རྣམས་བྱེད་དེ། ཚེ་དང་ལྡན་པ་ཁྱོད་མངོས་པནཱ་དག་འ་དང་། སྤྲོ་བ་དང་ལྡར་པར་གྱིས་ཞིག། སངས་རྒྱབ་འབྱུང་བ་དང་ཕྱིར་སྐྱེ་བ་ཉེད་དང་། མ

219b

བནདང་པ་དང་། འཕགས་པའི་ཡུས་དུ་སྐྱེས་པ་དང་། དབང་པོ་རྣམས་མ་རྣམས་བྱེད་པ་ནི་རཱུ་བང་བཀའ་ཡིས་ལག་བརྡའ་མྱི་བྱེད་པ་དང་། ལུག་ས་སྤྲུགས་པ་མ་ཡིན་པ་དང་། ལེདས་པར་བཤད་པ་དང། ཉེས་པར་བཤང་བའི་ཆོས་རྣམས་ཀྱི་དོན་ཤེས་པ་མྱི་འོས་ཏེ། འདི་ལྟ་བུའི་ནི་རྙེད་པར་བཀའ་བའི་དས་པ་བསྒྲགས་ནས། འཇིགས་པའི་ཕྱིར་ཞུགས་པ་མྱི་རིགས་སོ༎ ཁྱོད་ནི་བརྒྱལ་པོའི་འཇིགས་པས་སྤྲུག་པ་དང་། བུ་ལེ་ནད་གྱི་ཉེ་ང་པ་དང་། འཇིགས་པས་ཉེནད་པ་དང་། མྱི་མཚོ་བས་འཇིགས་སྨག་ནས། རབ་ཏུ་བྱུང་བ་མ་ཡིན་ཏེ། འོ་ནད་ཀྱང་བདག་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན། པ་དང་། སྡུག་བསྔལ་བ་དང་། ཡིད་ཀྱི་བདེ་བ་དང་། འཁྲུག་པ་རྣམས་ཏེ། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་འབའ་ཤིག་པོ་ཡོངས་སུ་འགག་པར་འགྱུར་ཞིང་དགའ་བར་བྱའོ༎ ཞེས་དེ་སྙམ་དུ་སེམས་ཤིག། མ་འོངས་པ འཇིགས་པ་མཐོང་ནས། འདོད་པ་དང་། བུ་དང་བུ་མོ་སྤངས་ཏེ། མགོ་བྲེགས་ཤིང་ཆོས་གོས་གྱོན་ཏེ། གཞན་གྱི་བསོད་སྙོམས་ཀྱིས་མཚོ་ཞིང་དགྲའ་བཅོམ་པའི་རིན་པོ་ཆེ་ཉེ་བར་གྱུར་ད་ནས། ཡོངས་སུ་སྤོང་བར་བྱ་བ་མྱི རིགས་ལ། སྟོནད་པ་མངོན་པར་ཤེས་པའི་སྟོབས་བརྙེས་ལ། མྱི་འཇིགས་པ་ལས་གཏོགས་པ་ཐུགས་སུ་ཆུད་ཅིང་སྟོབས་བཅུའི་སྟོབས་དང་ལྡན་པ། མྱི་འཇིགས་པ་བཞིས་བསྙེངས་པ་མྱི་མངའ་བའི་སྟོནད པ་འདི་ལྟ་བུ་རབ་ཏུ་སྙེད་ནས། ཡོངས་སུ་དོར་བའི་མྱི་རིགས་སོ། ཆོས་དང་མཁས་ཤིང་ངེས་པའི་དགེ་འདུན་མཚུངས་པར་སྤྱོད་པ་དང་བཅས་པའི་སྤང་བ་མྱི་རིགས་ལ། གང་ཏུ་སྤྲིན་བུ་དང་། འབྲུ་སྲིན་དང་སྤྲུལ་དང ནེའུ་ལི་དང་། བྱི་ལ་དང་། གླང་པོ་ཆེ་དང་། བ་ལང་དང་། སེང་གེ་དང་། སྟག་དང་། བྱ་རྣམས་དང་། མཐུན་མོང་དུ་གྱུར་པ། དམན་ཞིང་ཞན་པའི་འདོད་པའི་ལོངས་སྤྱོད་རྣམས་ལ་ཡང་དག་པར་བསྲུང་བར་མྱི་རིགས་སོ༎ བཅོམ་ལྡན་འདས་ཀྱིས་ཀྱང་འདོད་པ་རྣམས་ནི་མནོག་ཆུང་ལ་ཉེས་དམྱིགས་མང་བ་དང་། འཚེ་བ་མེད་པ་དང་། འཁྲུག་པ་མེང་བ་དང་དེ། འདོད་པ་རྣམས་ནི་ནུས་གོང་དང་མཚུངས་པ་དང་། འདོད་པ་རྣམས་ནི་བརྙན་པོར་བྱས་པའི རྐྱེ་ནད་དང་མཚུངས་པ་དང་། འདོད་པ་རྣམས་ནི་རྩའི་སྒྲོན་མ་ལྟ་བུ་དང་། འདོད་པ་རྣམས་ནི་སོལ་བའི་ཕུང་པོ་ལྟ་བུ་དང་། འདོད་པ་རྣམས་ནི་མདུང་རྩེ་ལྟ་བུ་དང་། འདོད་པ་རྣམས་ནི་དུས་མཚམས་ཀྱི་སྣང་བ་ལྟ་བུ་དང་། འདོད

220a

པ་རྣམས་ནི་ཆུའི་མུ་བྲུག་རྟ་བུ་དང་། འདོད་པ་རྣམས་ནི་སྦྲུལ་པཤོས་བུ་དང་། འདོད་པ་ནི་སོལ་ཁམས་སྐུ་བུ་དང་། འདོད་པ་རྣམས་ནི་མྱི་ཁམས་དུའོ་ཞེས་གསུངས་སྟེ། བཅོམ་ལྡན་འདས་ཀྱིས་མཛུ་ན ཉེས་དམྱིགས་དེ་ལྟ་བུ་ཡང་ཞིང་དེ་ནི་འདི་ལྟར་རྣམ་པར་ཆད་པར་གྱུར་པ་ཉིད་ལ་ཡང་འདུན་པ་སྐྱེ་བ་ཉིད་དོ༎ དེ་ནས་དགེ་སློང་རྣམས་ཀྱིས་དགེ་སློང་དེ་ཁྲིད་ནས། བཅོམ་ལྡན་འདས་གངན་བུ་དེ་ལོགས་སུ་སོང་སྟེ། བཅོམ ལྡན་འདས་ཀྱི་གངས་ལ་ཕྱག་བྱས་ནས། ཕྱོགས་གཅིག་ཏུ་འདུག་སོ། འདུག་ནས་ལྡན་འདས་ལ་འདི་སྐད་ཅེས་གསོས་ཏོ༎ བཅོམ་ལྡན་འདས་དགེ་སློང་འདིའི་མངོན་པར་སྦྱིད་ནམ་པ་བཞིན་དུ་མངས་པ བ་ཁྱོད་པ་ནས། བཅོམ་ལྡན་འདས་འདི་ལ་ཇི་མངོན་པར་དགའཞིང་ཚངས་པར་ཁྱད་པ་ཁྱོད་པ་དེ་ལྟར་ཆོས་བསྟན་ཏུ་གསོལ་དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེའི་སེམས་ཐུགས་ཀྱིས་མཁྱེན་དུ ནས། ཇི་དགེ་སློང་འདི་གཟུགས་ལ་ཆགས་སམ། སྒྲ་དང་༎ དྲི་དང་། རོ་དང་། རེག་བྱ་རྣམས་ལ་འདི་ལྟར་ནི་ལྡོག་པ་མོས་དེ། འདི་གང་ལ་ལ་ནི་རབ་ཏུ་ཆགས་ཞེས་ཡང་དག་པར་མཁྱེན་པར་མཛད་དོ། བཞིན་དུནི་ཝནྱ་དགེ་སློང་ཁྱོད་མངོན་པར་དགའ་བཞིན་དུ་ཅིང་ས་པར་སྣང་བཔྱོད་དོ༎ ཞེས་ཟེར་བ་བདེན་ནམ། རྣམ་པབཅོམ་ལྡན་འདས་ལ་ལགས་སོ༎ དེ་ནས་བཅོམ་ལྡན་འདས་དབེས སློང་དེ་ལ་གཏམ་འདི་ཉོནད་པར་མཛད་དེ། དགེ་སློང་འདོད་པའི་བདེ་བ་རྣམས་ལས་སེམས་བཟློག་ཤིག། དེ་ཅིའི་ཕྱིར་ཞེ་ན། ལམ་འདི་ནི་འཇིགས་པ་དང་བཅས་པའོ༎ རབ་ཏུ་འཇིགས་པ་དང་བཅས་པའོ༎ ཚེར་མ་དང་བཅས་པའོ༎ ཐིབས་པོ་དང་བཅས་པའོ༎ ལས་གོལ་བའོ༎ ལས་ངན་པའོ༎ ས་མ་ཁ་བྲག་གོ༎ སྐྱེས་བུ་དམ་པ་མ་ཡིན་པས་བསུནད་པ་ཡིན་ནོ༎ ཁྱོད་འདི་འདོད་པ་རྣམས་ནི་མནོག་ཆུང་བ་ཉེ། བཅོམ་ལྡན་འདས་ཀྱིས་ཀྱང་སྡུག་བསྔལ་མཔ པོ་གནོད་པ་མང་བ། འཁྲུས་པ་མང་བ་སྟེ། འདི་ས་ནི་ཉེས་དམྱིགས་མང་པོ༎ དགེ་སློང་དག་འདོད་པ་རྣམས་ནི་ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། སྡིག་པའི་ཁུ་བའི་འཆིང་བ་དང་། ཤ་དང་བཅས་པའི་ཚི་ས་པ བུ་ཡིན་ལ། འདོད་པ་དག་ནི་འདྲི་བ་དང་། མྱི་རྟག་པ་བསོག་གསོབ། བརྫུན་པ་སླུ་བའི་ཆོས་ཅན་ཏེ། འདོད་པ་རྣམས་ནི་སྒྱུ་མ་ལྟ་བུ་ཡིན་ཞིང་། འདི་དག་ནི་བྱིས་པ་འདྲིད་པའོ༎ ཞེས་གསུངས་སོ་སྙམ་དུ་མྱི་སེམས་སམ།

220b

བང་ཡང་མཐོང་བའི་ཆོས་ཅན་གྱི་འདོད་པ་རྣམས་དང་། གང་ཡང་ཉེ་བར་གནས་པའི་འདོད་པ་རྣམས་དང་། གང་མཐོང་བའི་ཆོས་ཅན་གྱི་འདོད་པ་དང་། གང་ཉེ་བར་གནས་པའི་འདོད་པ་སྦྱིན་ཏེ། འདི་དག་གཉིག་ཡང་བདུད་ཀྱི་མུ ཡིན་ཞིང་། འདི་ནི་བདུད་ཀྱི་ཁྱོད་ཡུས་ལོ༎ འདི་དག་ཉིད་ལས་མ་རིག་པ་དང་། གནོད་སེམས་ལ་སྩོགས་པའི་སྡིག་པ་མྱི་དགེ་བའི་ཆོས་རྣམས་འབྱུང་བར་གྱུར་ད་ཏོ༎ འདི་ན་འཕགས་པ་ཉན་ཐོས་རྣམས་ནི་བར་དུ་གཅོད་པའོ་ཞེབ རྗེས་སུ་བློན་ཟོ༎ དཔེར་ན་རི་དགས་ཤོང་བའི་ཀོག་ཅེ་དང་། བྱ་ཤོར་བའི་དྲེའུ་དང་། སྤྲེའུ་ཤོར་བའི་སྙི་དང་། ཕྱེ་བ་ལེབ་བཤོར་བའི་མེའི་ཕུང་པོའོ༎ དེ་བཞིན་དུ་འདོད་པའི་ཆགས་པ་ལ་ཞེནད་པའི་མྱི་སྲུ་ནད་པ་དང་། རྨོངས་པ དང་། བྱིན་ཅི་ལོག་ནི་རྗེས་སུ་ཞུགས་པ་དང་། འཕགས་པའི་ལམ་ལས་ཉམས་ཤིང་སྤངས་པས་ཀབ་ཅིང་། སྒྲིབ་པ་རྣམས་ཀྱིས་ཁེབས་པའི་སེམས་ཅན་རྣམས་དང་། ཉོན་མོངས་པའི་དྲི་མ་རྣམས་ཀྱིས་སེམས་ཀྱི་རྒྱུད་རྙོག བར་བྱས་པ་རྣམས་དང་མ་རིག་པས་ལྡོངས་པར་བྱས་པ་རྣམས་དང་། སྲེད་པས་ཡོངས་སུ་དཀྲིས་པ་རྣམས་དང་། ལྟ་བ་ལོག་པར་ཞུགས་པས་མྱིག། འཕྲོགས་པ་རྣམས་དང་། མྱི་ཤེས་པའི་མྱིག་དང་ལྡན་པ་རྣམས་དང་། ཟིང་ཏུ་གྱུར་ད་པ་རྣམས་དང་། གཏི་ཤུག་གི་ཕུན་དུམ་དུ་ཞུགས་ཀྱི་རྣམས་དང་། མ་རིག་པའི་ཕུང་པོས་ཀུན་ལེབས་པའི་ལྷ་དང་། ཕྱི་རྣམས་ཀྱི་སྡུག་བསྔལ་ཀྱི་ཕུང་པོའི་སྔོན་གྱི་མཐར་གྱི་འདོད་པ་ནས། འདི་ཉིད ཐམས་ཅ་དེ་ནམས་དགས་པ་དང་། ནུམས་པ་དང་། བདུད་པ་ཁོར་བ་དང་། བརྒྱས་པ་དང་། སྨན་པ་ཆགས་པ་གྲུས་འང་རྗེན་པ་མས་བཞིན་པ་དང་། རགས་པ་རྣམ་ལམ་ཆེས་ཀྱིས་མནན་པ་དང་། གྱོད་པས་སུས་དང་བྲས་ནས། མཇབ་པ་དང་། བིག་ནག་དང་། བསྐུམ་འཇོམས་དང་། ཆུ་འབོད་དང་༎ རྒྱ་འཐོད་ཆེན་པ་དང་། མབ་དང་། རང་ཆུམ་པ་དང་། མན་བྱེད་པར་འགྲོ་བར་འགྱུར་རོ༎ མེ་བཅུ

221a

ཀྱི་གནས་དང་། དཕྱོགས་ཀྱི་འདུས་དང་། སྐུ་རྣམམ་དང་། མོ་མ་ངས་ཐི་ག་ཅུའི་ནགས་དང་། ཐུགས་ཀྱི་ཤི་གས་མ་རི་འིན་གསེ་དང་། ཆུ་བོ་རབས་བྱེད་དང་། སྔགས་ཀྱི་། བང་པོ་། མཆེན་དྲུག་ཕམ་པར་འགྱུར་བ་དང་། སྔགས་ཀྱི་མེ་གསུམ་ཅན་དང་། སྐམ་པ་ཅན་དང་། འབོད་པ་དང་། འགོག་པ་དང་། འགྱེལ་བ་དང་། ནུས་པ་གཙིགས་པ་དང་། ཆུ་བུར་ཅན་དང་། ཆུ་བུར་བརྡོལ་པ་དང་། སོ་ཐམས་ཐམས དང་། ཀྱི་བུད་ཟེར་བ་དང་། ཨ་ཆུ་ཟེ་བ་དང་། ཨུད་པ་ལ་ལྟར་གས་པ་དང་། པད་མ་ལྟར་ཆེན་པོ་གས་པ་དང་། ཀུ་མུ་ཧ་ལྟར་གས་པ་དང་། དྲི་བཟངས་ལྟར་གས་པ་རྣམས་སུ་མྱོང་བར་འགྱུར་རོ༎ ལག་པ་བཅད་པ་དང་། རྐང་པ་བཅད བ་དང་། སྣ་བཅད་པ་དང་། རྣ་བ་བཅད་པ་དང་། མཚོན་རེ་གཅིག་པའི་གུ་ནས་དང་། དུང་གི་མགོ་ཅན་དང་། སྨ་གཅན་གྱི་ཁ་དང་། བུར་པའི་འཕྲེང་བ་ཅན་དང་། ལག་པ་འབར་བ་ཅན་དང་། མགོ་འབར་བ་ཅན་དང་། དུས་གཅིག་པ་དང་། དཔུང་པ་གཅིག་པ་དང་། ལྕགས་ཀྱི་མགོ་ཅན་དང་། སོས་བཅད་པ། དང་། མཆི་སད་པའི་གཅན་ཟན་དང་། རྐང་པ་གཅོད་ཅིང་ལྟུང་བ་དང་། འབོབས་སུ་ཡོངས་སུ་འཁོར་བ་དང་། སོག་མའི་གནས་དང་རྣམས ཉམས་སུ་མྱོང་བར་འགྱུར་བ་དང་། མདུད་གྱིས་བསྣུན་པ་ཉམས་དེ་སུ་མྱོང་བར་འགྱུར་བ་དང་༎ རལ་གྲིས་བསྣུན་པ་ཉམས་སུ་མྱོང་བར་འགྱུ་ར་བ་དང་། མདངས་སྣུནད་པ་ཉམས་སུ་མྱོང་བར་འགྱུར་བ་དང་། དགྲ་ཧས བསྣུན་པ་ཉམས་སུ་མྱོང་བར་འགྱུར་བ་དང་། མ་ཤི་བ་ཉམས་སུ་མྱོང་བར་འགྱུར་བ་དང་། ཕ་ཤི་བ་ཉམུས་སུ་མྱོང་བར་འགྱུར་བ་དང་། སྤུན་ཟླ་ཤི་བ་ཉམས་སུ་མྱོང་བར་འགྱུར་བ་དང་། སྲིང་མོ་འཆི་བ་དང་། བུ་མོ་འཆི་བ་དང་། ཆུང མ་ཉམས་སུ་མྱོང་བར་འགྱུར་བ་དང་། ལྕི་བའི་སུག་པཟླས་ཉམས་པ་མྱོང་བར་འབྱུང་བ་དང་། ་འི་དྲུག་བསྡུས་པ་དང་། ན་པའི་སུག་པསས་དང་། ཆུ་ཁྲིམས་འམམ་པའི་སྡུག་བསྔས་དང་། ་བའི་སུག་པཐལ་ཉམས སུ་མྱོང་བར་འགྱུར་བ་དང་། སྐྱེ་བའི་འཇིགས་པ་ཉམས་སུ་མྱོང་བར་འགྱུར་བ་དང་། སྲོག་གི་འཇིགས་པའི་ཉམས་སུ་མྱོང་བར་འབྱུང་བ་དང་། ནད་ཀྱི་འཇིགས་པ་དང་། རྐུན་པོའི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུ འཛིནཔ་པ་དང་། ཆུ་བ་འི་འཇིགས་པ་དང་། བདག་ས་ཐོད་པའི་འཇིགས་པ་དང་། གཞན་ས་སོད་པའི་འཇིགས་པ་དང་། གྲགས་པ་དང་། གཱ་དང་། ཉིགས་སུ་བཟད་པ་ཉམས་སུ་མྱོང་བར་འགྱུར་བ་དང་། འཁོར་བའི་འཇིགས

221b

པ་དང་། ངན་འགྲོའི་འཇིགས་པ་དང་། རྣམ་པར་སྲུང་བའི་འཇིགས་པ་རྣམས་ཉམས་སུ་མྱོང་བར་འགྱུར་རོ༎ ས་འདོད་པ་ནམས་ཡོངས་སུ་ཚོལ་བས་སམ། སོ་སོམ་བརྟེན་པས་པ་རྙེད་པས་པ་པ་རབ་ཏུ་རྙེད་པས་པམ་ངེམ བསཅགས་པས་སམ། ཀུན་ནས་བསགས་པས་ངོམས་པ་མྱེད་དེ། འདོད་པ་རྣམས་ལ་འདོད་ཆགས་པ་དང་མ་བྲལ་བའི་སེམས་ཅན་རྣམས་ནི། ཇི་ལྟར་སྔར་འདོད་པས་ཡོངས་སུ་གདུང་བས་གདུངས་པར་གྱུར་ཅིང་། འདོད་པ་རྣམས་པོ་རྩྭ ཧེ་ནང་པ་དེ་ལྟ་དེ་ལྟར་སེམས་ཅན་གྱི་འདོད་པའི་སྲེད་པའི་རབ་ཏུ་འཕེལ་བར་འགྱུར་རོ༎ བུད་མྱེད་ཀྱི་ཡུལ་རྣམས་དང་རྗེས་སུ་སྦྱོར་བས་ནི། བློ་མྱིག་འདོར་བར་བྱེད་ཅིང་། ཤེས་རབ་ངེས་པར་འགོག་པར་བྱེད་པ། མྱ་ངན་ལས་འདས་པར མ་ཡིན་པས་འཇུག་པ་འཇུག་ངོགས་མ་ཡིན་པས་ངེས་པར་སྦྱོར་བ་ལམ་ངན་པ་ལ་ཀུན་ནས་འཇིག་པའོ༎ བུད་བྱེད་ཀྱི་ལུས་ཀྱི་རྗེས་སུ་ཞུགས་པའི་སེམས་ཅན་ནམས་ནི་བློ་དང་ལྡན་པ་རྣམས་ཀྱང་། ཟོ་གྲོས་དང་བྲས་བར་འགྱུར་བ་དངུ གའི་བརྗིདི་དང་ཀུན་པརྣམས་ཀྱང་། གསེར་བརྗི་དང་བྲལ་པར་འགྱུར་བ་དང་། ཏོབས་དང་ལྡན་པ་རྣམས་ཀྱང་སྟོངས་བྱེད་པར་འགྱུར་བ་དང་། ཤེས་སྦྱོར་བ་དང་ལྡན་པ་རྣམས་ཀྱང་ཤེས་རབ་བྱེད་པར་འགྱུར་བ་དང་། སྤང་བང་དྲང རྣམས་ཀྱང་ཐུན་པར་ཆུད་པར་འགྱུར་བ་དང་། གྲག་པ་རྣམས་ཀྱང་ཀུན་ནས་ཉོན་མོངས་པར་འགྱུར་རོ༎ བུད་བྱེད་ཀྱི་ཡུལ་རྫོ་བས་ཉེ་བར་འཁྲུགས་ཤིང་། སྦྲུལ་ལྟར་དྲུག་ཀྱི་ཟད་པ་དང་། ཆོས བྱེད་པ་མ་ཡིན་པ་དང་། གནད་པ་དང་། མཚམས་མྱེད་པ་དང་། གཞུང་ལུགས་མྱེད་པ་དང་། བྱས་པ་མྱི་ཤེས་པ་དང་། མཛ་པོ་མགུ་བ་དང་། ཕན་པ་ཡོངས་སུ་སྤོང་བ་དང་། ངན་པར་སེམས་པ་སེམས་པ་དང་། འགྲོ་བ་ངན བར་འགྲོ་བ་དང་། ངན་པར་བྱེད་པའི་སས་བྱེད་པར་འགྱུར་རོ༎ དེ་རྣམས་ས་སྦྱིན་པ་འམ། མཆོད་སྦྱིན་ནས། བྱས་པ་འམ། མ་བྱས་པ་མྱེད་དོ༎ ཇི་ལྟར་ཐམ་པས་ས་གྲོང་ཁྱེར་དུ་འགྲོ་བའི་ཆུ་ངོགས་དང་། ལམ་ཀྱི་བནི མདོ་ཇི་ན་བ་བཞིན་དུ། བུང་བྱེད་ཀྱི་ཡུས་ས་འདོད་པ་ཡོངས་སུ་ཆོས་ཞིང་སྤྱོད་པ་རྣམས་ནི་ཡུན་རིང་པོའི་སེང་གེ་ནམ་ས་ཀྱི་ཁར་ཆུད་པའི་མཐའ་ཡང་མྱི་མངོན་པ་དང་། ཀླུང་པོ་མེ་དག་ཏུ་གྱུར་ད་རས་སུག་རྣམས་ཀྱི་ཁ་བཆུད་པའི་མབལ ར། མ་མ་མ་ས་ན་སེནས་བྱེ་ཙུ་པ་མེ་ཀྱི་རོ༎ མ་ཚ་།

222a

བ་རྣམས་ཀྱི་ཁར་ཆུད་པ་ཁྱིམཐའ་ཡང་མྱི་མངོན་ནོ༎ ཕག་ཏུ་གྱུ་དད་པ་དཔག་གི་ཤ་བ་ཕརྣམས་ཀྱི་ཁར་ཆུང་པའི་མཐའ་ཡང་ཕྱི་མངོན་ནོ༎ རི་དགས་རྣམས་སུ་གྱུ་རད་པ་ན་རྔོད་པ་ནཔས་ཀྱི་ཁར་ཆུང་པའི་མཐར ཡང་མྱི་མངོན་ནོ༎ ཡུན་རིང་པོར་ཉ་རྣམས་སུ་གྱུརད་པ་ན་མཆིལད་པ་རྣམས་ཀྱི་ཁར་ཆུད་པའི་མཐའ་ཡང་མྱི་མངོན་ནོ༎ བྱ་རྣམས་སུ་གྱུར་པ་ན་བྱ་རྣམས་ཀྱི་ཁར་ཆུད་པའི་མཐའ་ཡང་མྱི་མངོན་ནོ༎ སྲིན་བུ་རྣམས་སུ་གྱུར། པ་ན་སྲིན་བུའི་ཁར་ཆུད་པའི་མཐའ་ཡང་མྱི་མངོན་ནོ༎ བྱི་བ་རྣམས་སུ་གྱུར་པ་ན་བྱི་བ་རྣམས་ཀྱི་ཁར་ཆུད་པའི་མཐའ་ཡང་མྱི་མངོན་ནོ༎ ལྕེ་བྲུཾ་ལ་རྣམས་སསུ་གྱུར་པ་ནི་སྦྲུལ་རྣམས་ཀྱི་ཁར་ཆུད་པའི་མཐའ་ཡང་མྱི་མངོན་ནོ༎ ། འདོད་པ་ཡོངས་སུ་ཚོལ་ཞིང་སྤྱོད་པ་ན། ཡུན་རིང་པོར་སེམས་ཅན་རྣམས་ཆོམ་རྐུན་ཡིན་ནོ་ཞེས་བཟུང་ནས་མགོ་བཅད་པའི་སྡུག་བསྔལ་མྱི་ཟད་པ། དྲག་པ་ཆེ་བ་ཡིད་དུ་མྱི་འོང་བ་སོ་སོར་ཉམས་སུ་མྱོང་བའི་མཐའ་ཡང་མྱི་མངོན ངོ་༎ གཞན་ཆུང་མ་ས་ཕྱོ་བའི་རྐུན་པོ་དང་གྲོང་འཇོམས་པ་དང་། ལྗོངས་འཇོམས་པ་དང་། གྲོང་ཁྱེར་འཇོམས་པ་དང་། ཐམས་ཅད་འགྲོརྟག་པ་དང་། མདུད་པ་འབྲེལ་པ་དང་། མཚམས་གཅོད་པ ཡིན་ནོ་ཞེས་ཏེ་བཟུང་ནས་མགོལ་བཅད་ཅིང་། སྡུག་བསྔལ་གྱི་ཟད་པ། དྲག་། ཿ། ཡིད་དུ་ཀྱི་འོང་བ་སོ་སོར་ཉམས་སུ་མྱོང་བའི་མཐའ་ཡང་གྱི་མངོན་ནོ༎ འདོད་པ་ཡོངས་སུ་ཆོས་ཐ་ས་སྤྱོད་པའི་སེམས ཅན་རྣམས་ནི་ཡུན་རིང་པོར་རྐུན་མ་ཡིན་ཞེས་བཟུང་ནས། གཞན་གྱི་ཆུང་མྱ་ལྭ་འཕྱོ་བ་དང་། གྲོང་འཇོམས་པ་དང་། ལྗོངས་འཇོམས་པ་དང་། གྲོང་ཁྱེར་འཇོམས་པ་དང་། ཐམས་ཅད་འཇོམས་པ་དང་། མདུད་པ་འགྲེལ་པ་དང་། མཚམས་གཅོད་པ་ཡིན་ནོ་ཞེས་བཟུང་ནུས་མགོ་བཅད་དེ་ཁྲག་གཟུགས་ཤིང་བབ་པ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་བས་ཀྱང་མང་ངོ་༎ ། འདོད་པ་ཡོངས་སུ་ཆོས་པ་ལ་དཔྱོད་པའི་སེམས་ཅན་རྣམས་ནི་ཡུན་རིང་པོར་མ་ཐུའི་ནུ་མ་འཐུངས པ་དེ་ཡང་རྒྱ་མཚོ་ཆེན་པོ་བཞིའི་ཆུང་བབ་ཀྱང་ཤི་ནད་ཏུ་མང་ངོ་༎ འདོད་པ་ཆོས་ཞིང་སྤྱོད་པ་རྣམས་ནི་ཡུན་རིང་པོར་བཞི་པ་རྣམས་དང་བྲལ་བ་དང་། ཀྱི་སྡུག་པ་རྣམས་དང་། ཕྲད་པས་གང་སྨྲེ་སྔགས་འདོནད་ཅིང་དུ་ས་པའི མཆིམ་ཟགས་ཤིང་བབ་པ་དེ་ཡང་རྒྱ་མཚོ་ཆེན་པོ་ཟ་ཞིའི་ཆུ་བས་ཀྱང་ཤི་ནང་ཏུ་མང་ངོ་༎ འདོག་པ་ཚོལ་ཞིང་སྤྱོད་པ་རྣམས་ནི་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བ་ནི་དུར་ཁྲོད་ཀྱི་ས་གཞི་ཉམས་སུ་མྱོང་ངོ་༎ དགེ་སློང་མཆོག

222b

གིས་འདོད་པའི་བདེའ་བ་ལས་མསིམ་དང་བྲལ་ཞིང་དོང་བ་དང་སྤང་བར་གྱིས་ཤིག། པུས་ཉིས་དབྱིགས་མད་པ་འདི་ནི་རུས་པ་འདུས་པ། མུ་རྒྱུས་ཀྱིས་འབྲེས་པ། ཤས་ཞས་འས་བྱས་པ། བགས་པས་དཀྲིམ ཕྱི་ཕགས་ཀྱིས་གཡོགས་བུ་ག་ཆེ་ཆུང་ཅན་བཅོམ་ཞིང་རབ་ཏུ་བཅོམ་པ། སྲིན་བུའི་ཚོ་གས་གནས་པ། སེམས་ཅན་རྣམས་ལ་འདོད་པ༎ ཉོན་མོངས་པ་ཆོས་རྣམས་ཀྱི་གནས་ཡིན་ནོ༎ ལུས་འདི་ལ་ནད་ཀྱི་རྣམ་པ་འབྱུང བ་ནི་འདི་ལྟ་སྟེ། མྱིག་ནད་དང་། རྣ་ནད་དང་། སྣ་ནད་དང་། སྱེ་ནད་དང་། ལུས་ཀྱི་ནིད་དང་། མགོ་ནད་དང་། ཁ་ནད་དང་། སོ་ནད་དང་། ལུད་པ་དང་། དབུགས་མྱི་བདེ་བ་དང་། རིམས་ནད་དང་། ཁལ་རྐེད་ན་བ་དང་། བརྒྱས་པ་དང་། སྒྱིད་ལུག་པ་དང་། གཟེར་བ་དང་། གསུད་པ་དང་། ཟད་བྱེད་པ་དང་། འབྲས་དང་། ཟུག་རྔུ་དང་། སྐེད་ནད་དང་། བརྗེད་བྱེད་དང་། ཤུ་བ་དང་། རྐང་ཤུ་དང་། ཁྲག་ཁྲིག་དང་། གཅིན་ནད་རྣམས་དང་། གཞང་འབྲས་དང་འབྲས་ཕྲན དང་། མཚན་མར་རྡོས་པ་དང་། མཁྲིས་པ་ལས་གྱུར་ད་པས་ཉེ་ནད་པ་དང་། བད་ཀན་ལས་གྱུར་པས་ཉེནད་པ་དང་། རླུང་ལས་གྱུར་པས་ཉེ་ནད་པ་དང་། འདུས་པ་དང་། དུས་ཀྱི་འགྱུར་བ་དང་། ཁ་ཟས་མ་སྙོམས་པ་ལས འབྱུང་བ་དང་། མགོ་ནད་དང་། ལས་ཀྱི་རྣམ་པར་སྦྱིནད་པ་ལས་བྱུང་བས། ཉེ་ནད་པ་དང་། ལག་པ་རྣམ་པར་འཕྱང་བ་དང་། རྣ་བ་རྣམ་པར་འཕྱང་དབ་དང་། གླད་གཟེར་བ་དང་། ཉ་རིམས་ཅིག་པ་དང་། ཉིན་གཉིས་པ ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འདུས་པའི་རིམས་དང་། ཟས་དྲག་ས་པ་དང་། ཟས་ཀྱིས་བརྒྱལ་བ་དང་། ལུས་ལ་བརྟེནད་པ་དང་། ཕྱིས་འགྲགས་པ་དང་། མ་ཞུ་བ་དང་། ཡོངས་སུ་ཞུ་བ་དང་། ལེགས། ༄༦ བར་ཞུ་བ་དང་། གདུངས་པ་དང་། ཉེ་བར་གདུངས་པ་སས་གྱུརད་པ་དང་། ལུས་ཀྱི་ཀུན་ཏུ་གདུང་བ་རྣམས་དང་། ལུས་ཀྱི་སྡུག་བསྔལ་བ་དང་། སུས་ཀྱིས་འཁོགས་པ་དང་། དགུ་པ་དང་། སྤུང་བ་དང་། སྤྱི་ཅིར་དང་། སྨ བ་དང་། གཉེར་མ་མང་བ་དང་། དབང་པོ་རྣམས་ཡོངས་སུ་སྦྱིནད་པ་དང་། ཡོངས་སུ་འཇིགས་པ་དང་། འདུ་བྱེད་རྣམས་རྙིངས་པར་གྱུར་ད་པ་དང་། ཤིག་ཤིག་པོར་གྱུར་པ་དང་། ལུས་འདི་ས་ལག་པ་གཉིས་དང་། རྐང་པ གཉིས་དང་། མགོལ་པོ་དང་། དམུ་རྫིང་དང་། སོང་ཀ་དང་། ཤ་མ་དང་། སྦལ་ཚིགས་སུ་གྱུར་པ་དང་། ཟློ་བ་དང་། སྙིང་ནང་དང་། མཆེར་པ་དང་། མཆིན་པ་དང་། མཁལ་མ་དང་། སྒྱུ་མ་དང་། གཉེར་མ་དང་། ལྒང་པ་དང་།

224a

ས་དང་། བདཀུན་དང་། ཉིས་པ་དང་། ཐག་ནན་དང་། ཨུ་བ་དང་། བཤང་བ་དང་། གཅི་དང་། ་འདིས་པལ་ནོ་ཐུན་པ་འདན་། རྣབསན་ད་འཛིན་པདེ་དག་ཧཱུྃ་ག་པ འཛག་གོ༎ དྲི་ང་བ་ཉིད་འཛག་གོ༎ སྨད་པར་བྱ་བ་ཉིད་འཛག་གོ༎ མྱི་མཐུན་པ་ཉིད་འཛག་ཅིང་རྣམ་པར་འཛག་པ་དང་། རབ་ཏུ་འཛག་པ་དང་། སྨད་པའི་ལུས་འདི་ལྟ་བུ་འདི་ནི་བརྟེནད་པའི་འོས་མ་ཡིན་ཏེ་མྱི་གཅ བར་ཡོངས་སུ་ཁྱབ་པ། དྲི་ང་བས་ཡོངས་སུ་གང་བ་༎ སྨོད་པར་བྱ་བ་ཡིན་འཛག་པ་ཡིན། རབ་ཏུ་འཛག་པ་སྟེ། མཁས་པ་རྣམས་ཀྱིས་སྐྱུགས་པ་ལྟ་བུའི་འདོད་པ་ལ་བཉེནད་པ་སྤང་བར་བྱའོ༎ ངས་ཀྱང་གླིང བཞི་པ་དང་། རིན་པོ་ཆེ་སྣ་བདུན་དང་། བུ་དང་ཉེ་དུའི་ཚོགས་གདོང་མཆིའ་མ་ཅན་རྣམས་དང་། གསེར་དང་། དབྱིག་དང་། ནོར་བུ་དང་། མུ་ཏིག་ལ་སོཚོགས་པ་ཡོ་བྱད་རྣམ་པར་སྤངས་ནས་གཅིག་པུ་གཉིས་སུ་བྱེད པར་གྲོགས་མྱེད་པར་ཁྱིམ་ཡོངས་སུ་སྤངས་ཏེ། རབ་ཏུ་བྱུང་ན། དགེ་སློང་ཁྱོད་ཀྱི་འདོད་པ་དག་ཡོད་པ་གང་ཡིན། ཁྱོད་གངས་རབ་ཏུ་ཆགས། ཁྱོད་ཇི་ལྟར་ལྡན་ཞིང་འཆུམས་ལ་ཞེ་ནད་པར གྱུར། ནམ་ང་ཡོངས་སུ་མྱ་ངན་ལས་འདས་ཤིང་དམ་པའི་ཆོསཀྱང་ནུབ་པར་གྱུར་ད་ལ། ཁྱོད་ཀྱང་འདོད་པ་རྣམས་ཧེ་ནད་ནས་རྣམས་པར་ལྟུང་བར་སོང་བ་ན། ནམ་ཞིག་རྒ་བ་དང་། འཆི་བ་ལས བདམ་པ་རང་པར་གྱུར་ན། དགེ་སློང་བ་མཆོག་གིས་འདོད་པ་རྣམས་ལ་སེམས་ཟློག་ཤིག། དེ་ནི་འདོད་པ་བཅས་པའི་དུས་མ་ཡིན་གྱི། ཆོས་བཅལ་བའི་དུས་ཡིན་ནོ༎ གཏམ་འདི་ཉོནད་པར་མཛད་པ་ན། དགེ་སྦྱོང དེའི་སྒྲིབ་པ་རྣམས་དང་བྲལ་བས། དགེ་སློང་དེ་ལ་བཅོམ་ལྡན་འདས་འཕགས་པའི་བདེན་པ་རྣམ་པ་བཞི་སྟོནད་པར་མཛད་དེ། དེ་ནི་སྡུག་བསྔལ་འཕགས་པའི་བདེན་པའོ༎ འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི བདེན་པའོ༎ འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་སམ་བསྒྲུབ་པ་འཕགས་པའི་བདེན་པའོ༎ ཆོས་ཀྱི་རྣམ་གྲངས་འདི་བསྟནད་པ་ན། དགེ་སློང་དེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་གསུམ་དུ་བྱས་སོ༎ བཅོམ ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་མ་སད་ནས་བདེ་བར་གཤེགས་པས་དེ་གསུངས་ཏེ། བཏོནད་པས་གཞན་ཡང་འདི་སྐད་ཅེས་བཀའ་སཎཡད་ཏོ༎ ས་གཞིའི་གདུགས་གཅིག་གིས་ཁེབས་པ་འམ། མཐོ་ལ

224b

རིས་དག་ཏུ་སོང་ནས་ནི། ལྔ་ཡུལ་བདག་པོར་གྱུ་ར་པ་བས༎ རྒྱུན་ཞུགས་འབྲས་བུ་མཆོག་ཡིན་ནོ༎ གང་ཞིག་ལོ་བརྒྱར་དགེ་སྦྱོང་དང་༎ དགེ་སློང་སྦྱིན་པས་ཡོངས་ཁྱད་པས༎ རབ་དང་སེམས་ཀྱི་མཚན་ཉིད གཅིག་གང་༎ མངོན་དགའ་མཆོག་ཏུ་རྒྱལ་བས་གསུངས༎ ལོ་ནི་སྟོང་ཕྲག་དྲུག་བཅུ་དང་༎ ལོ་ནི་བརྒྱ་ཕྲག་དྲུག་བཅུ་དང་༎ ལོ་ནི་དྲུག་བཅུ་དག་ཏུ་ཡང་༎ རྣམ་པར་ལྟུང་བར་འགྲོ་མྱི་འགྱུར༎ ཚུལ་འཆལ མཉམ་པར་མ་བཞག་པ། ལོ་བརྒྱར་མཚོ་བ་གང་ཡིན་པས༎ ཚུལ་ཁྲིམས་ལྡན་ཞིང་མཉམ་བཞག་པ༎ ཉིན་ཞག་འགའ་ཞིག་གསོན་པར་རུང་༎ བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་གནས་ནས། དགེ་སློང་དེ རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ༎ འདོད་པ་གདམས་པའི་མདོའི་རྫོགས་སྷོ༎

རྒྱགམམ་མཁན་པོ་ཀ་མ་ལ་ཀུབ་ཏ་དང་། ལོ་ཆེ་བ་དགེ་སློང་རིན་ཅེན་བཟང་པོ་དང་། ཤག་ཀྱ་བློ་གྲོས་ཀྱིས་སྤྱདད་པ