Byang chub sems dpa' kun tu bzang po'i blo sbyong/Full text

From Bodhicitta
Texts/Byang chub sems dpa' kun tu bzang po'i blo sbyong/Full text

བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་བློ་སྦྱོང་།
Bodhisattva Samantabhadra's Mind Training
FULL TEXT


Description

Shönu Gyalchok (Compendium of Well-Uttered Insights, p. 216) lists this work alongside Eight Sessions Mind Training as representing supplemental instructions to the practice of giving and taking by means of training the mind in the conventional awakening mind. Although he identifies the cultivation of the three thoughts—the expansive thought, the resolute thought, and the diamondlike thought—to be the core instruction of this work, he does not provide any information on the authorship of this text or on the origin of the instructions presented in it. Judging by its literary style, especially the frequent use of the expression "it was taught" (gsungs, which I have translated here as "the master said"), we can safely conclude that this text belongs to the genre of sindri (spelled zin bris), lecture notes taken at an oral teaching. (Thupten Jinpa, Mind Training: The Great Collection, 605n339)

ReferenceByang chub sems dpa' kun tu bzang po'i blo sbyong [བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་བློ་སྦྱོང་།]. [Bodhisattva Samantabhadra's Mind Training].
People



[edit]
Source Theg pa chen po blo sbyong brgya rtsa (Tibetan Classics)
Date 2025-10-15
Read this text with translation by adding the Dharmamitra Chrome extension to your browser:
Legend
Headers
Root
Commentary
Quotes
༄༅། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་བློ་སྦྱོང་བཞུགས་སོ།།

༄༅། །གུ་རུ་མེ་ཏྲི་ན་མོ། བླ་མའི་ཞལ་ནས། ཆོས་ཐམས་ཅད་རང་གི་སེམས་སྟེང་དུ་ཧྲིལ་གྱིས་ དྲིལ་ནས་ཉམས་སུ་ལེན་དགོས། དེ་ཡང་བཀའ་བརྒྱུད་འདི་བླ་མའི་ལམ་ཡིན་པས་དུས་གསུམ་གྱི་ མཆོད་འབུལ་” ཐམས་ཅད་ཀྱི་ངོ་བོ་བླ་མ་དེའི་རྣམ་འཕྲུལ་དུ་ཤེས་པར་བྱས་ནས་བློ་སྦྱོང་བས་བླ་མ་ལ་ ཕྱག་དང་ཕྱི་ནང་གསང་གསུམ་གྱི་མཆོད་པ་འབུལ། གསོལ་བ་བཏབ། བླ་མ་དེ་ལ་སྣ་ཐག་གཏད་ནས། མི་ རྟག་པ་ནས་གནས་ལུགས་ཀྱི་བར་ཉམས་སུ་ལེན་དགོས། དེ་ཡང་ལྟ་བ་རྣམ་པར་དག་པ་འཁོར་འདས་ ཀྱི་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་འགག་མེད་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་ མཁའ་ལྟ་བུར་གཏན་ལ་ཕབ། འགག་མེད་ཀྱི་རྩལ་སྦྱོངས། སེམས་ཅན་ལ་དམིགས་པ། ཆོས་ཙམ་ལ་ དམིགས་པ། དམིགས་པ་མེད་པ་གསུམ་བསྒོམ། མཉམ་པ་ཉིད་གསུམ་བསྒོམ། དེས་ཉེ་རིང་མེད་པ། གུས་པ། བཟང་ངན་མེད་པ་ཡོན་ཏན་གསུམ་བསྐྱེད། གཞན་ཡང་རླབས་པོ་ཆེའི་སེམས་དང་། མི་བསྒུལ་བའི་སེམས་དང༌། རྡོ་རྗེ་ལྟ་བུའི་སེམས་ དང་གསུམ་ལ་བསླབ། དེ་ལ་དང་པོ་ནི། ཐེག་པ་ཆེན་པོའི་སེམས་འབའ་ཞིག་སྟེ། གཅུང་མོས་པས་ གཅེན་པོ་ཐམས་ཅད་ཀྱི་མཛད་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། འཕྲིན་ལས་ལ་སོགས་པ་རྣམས་ གཅེན་པོ་ཐམས་ཅད་དང་མཉམ་པར་གྱུར་ཅིག ཅེས་ཐུགས་བསྐྱེད་པས་ཐམས་ཅད་དང་མཉམ་པ་ ཉིད། ཤཱཀྱ་ཐུབ་པས་ཀྱང་སེམས་ཅན་ཐམས་ཅད་བྱེད་ངན་པ། རང་བཞིན་ངན་པ། སངས་རྒྱས་ཐམས་ ཅད་ཀྱི་གདུལ་བྱར་མ་གྱུར་བ་རྣམས་ངས་འདུལ་བར་གྱུར་ཅིག་ཅེས་ཐུགས་རླབས་པོ་ཆེ་བསྐྱེད། དཀའ་ བ་དཔག་ཏུ་མེད་པ་སྤྱད། རིགས་གསུམ་མགོན་པོའི་ཐུགས་རྗེ་ཆེན་པོས་དུས་གསུམ་སངས་རྒྱས་ཐམས་ ཅད་ཀྱི་ཐུགས་རྗེའི་རང་བཞིན་དུ་གྱུར་ནས་སྟོང་གསུམ་ཁོང་གི་རྣམ་འཕྲུལ་ཇི་ལྟར་ཡིན་པའམ། འཁོར་ བའི་གནས་སུ་ཐུགས་རྗེའི་རླབས་དཔག་ཏུ་མེད་པ་ལ་སོགས་པ་གསུངས། ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཤུགས་འཆང་དུ་སྐྱེ་བ་བཞེས་པའི་དུས་སུ་མྱུར་དུ་སངས་ རྒྱས་པ་ཐེག་པ་ཆེན་པོའི་ལམ་མ་ཡིན། བྱང་ཆུབ་སེམས་དཔའ་རྟག་ཏུ་འཁོར་བར་བསྡད་ནས་སེམས་ ཅན་གྱི་སྡུག་བསྔལ་བའི་དོགས་བྱེད་དཀའ་བ་དཔག་ཏུ་མེད་པ་སྤྱད། སངས་རྒྱས་མཆོད་པས་ མཉེས་པར་བྱེད། སངས་རྒྱས་ཀྱི་ཆོས་རྣམས་རྫོགས་པར་བྱེད་པ། དུས་གསུམ་གྱི་སངས་རྒྱས་ ཐམས་ཅད་ཀྱི་གསང་བ་འཛིན། བདུད་འདུལ་བར་ཆད་བསྲུང་བ་ལ་སོགས་པ་རླབས་པོ་ཆེའི་སྤྱོད་པ་མཛད། འཕགས་པ་འཇམ་དཔལ་གྱིས་དང་པོ་ཐུགས་བསྐྱེད་པའི་དུས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ བཞིན་དུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་དམ་བཅས། སེམས་ཅན་བྱང་ཆུབ་ ལ་བཀོད་ནས་ཕྱོགས་བཅུའི་སོ་སོར་སངས་རྒྱས་མ་ཐོབ་པ་དེ་སྲིད་དུ་སངས་མི་རྒྱ་བར་དམ་བཅས། སེམས་ཅན་རེ་རེའི་རྒྱུས་ཀྱང་ཕྱི་མའི་མུ་མཐར་གནས་པར་བྱས། སེམས་ཅན་རེ་རེའི་ཕྱིརཕྱིར་ཡང་མནར་ མེད་ལ་སོགས་ཀྱི་སྡུག་བསྔལ་གྱིས་མི་སྐྱོ། བྱང་ཆུབ་སེམས་དཔའི་རྟེན་ལ་སངས་རྒྱས་ཀྱི་མཛད་པ་ མཛད་པར་དམ་བཅའ། དམ་བཅའ་དེ་མ་རྫོགས་པར་སངས་རྒྱས་ན་དེའི་ཚེ་མཚམས་མེད་པ་ལྔ་བྱེད་ ཀྱི༑ དེ་བཞིན་གཤེགས་པ་རྣམས་བསླུས་པར་གྱུར་ཅིག ཅེས་སྨོན་ལམ་བཏབ། དེ་ཐམས་ཅད་བས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རླབས་ཆེ་སྟེ། དང་པོ་ཐུགས་ བསྐྱེད་པའི་དུས་སུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཇི་ལྟར་བསྐྱེད་པ་མ་ནུས་པའི་རྗེས་ སུ་བསྐྱེད་དེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་དུས་སུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་དཀའ་བ་ཅི་སྤྱོད་པ་མ་ལུས་པར་སྤྱོད་ཅིང་། ནམ་མཁའི་མཐས་གཏུགས་པའི་སེམས་ཅན་མ་ ལུས་པ་སངས་རྒྱས་ལ་འགོད་པར་འདོད་པ་དང༌། བྱང་ཆུབ་སེམས་དཔའི་རྟེན་ལ་དུས་གསུམ་སངས་ རྒྱས་ཀྱི་འཕྲིན་ལས་རྫོགས་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་རེ་རེར་ཡང་དེའི་མཛད་པ་བསམ་ གྱིས་མི་ཁྱབ་པ་མཛད་པའི་དུས་སུ་སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་པ་དཔག་ཏུ་མེད་པར་མནར་ མེད་ལ་སོགས་པའི་སྡུག་བསྔལ་མྱོང་ཞིང་། དུས་གསུམ་སངས་རྒྱས་ཀྱི་མཛད་པ་ཞལ་གྱིས་བཞེས། དུས་གསུམ་གྱི་བྱང་ཆུབ་སེམས་དཔའི་སེམས་མ་བསྐྱེད་པ་རྣམས་བདག་གིས་བསྐྱེད། སྤྱོད་པ་མི་ནུས་ པའི་དཀའ་བ་བདག་གིས་སྤྱད། ཐུགས་རྗེ་ཆེན་པོ་ཐབས་ལ་མཁས་པ་རྣམས་ཀྱི་སྤངས་པའི་སེམས་ ཅན་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཐུགས་བསྐྱེད། སངས་རྒྱས་རེ་རེའི་མདུན་དུ་ལུས་འཇིག་ རྟེན་གྱི་ཁམས་ཀྱི་རྡུལ་དང་མཉམ་པར་སྤྲུལ་ནས་ཕྱི་ནང་གསང་བའི་མཆོད་པ་དབུལ། ལུས་རེ་རེས་ ཡང་ཞིང་ཁམས་དཔག་མེད་གཅིག་སྦྱངས། དེ་བཞིན་དུ་སེམས་ཅན་སྨིན་དཀའ་བ། སྤྱོད་པ་གདུལ་ དཀའ་བ་རྣམས་འདུལ་བའི་སྨོན་ལམ་འདེབས། སངས་རྒྱས་ཐམས་ཅད་ཀྱི་མཛད་པ་མཛད་པར་ཞལ་ གྱིས་བཞེས། སྐད་ཅིག་རེ་རེ་ལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རྫོགས་པར་མཛད། བསམ་པ་དེ་ཡོངས་སུ་མ་རྫོགས་པར་སངས་རྒྱས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསླུས་ པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། དེའི་ཐུགས་བསྐྱེད་ནི་ནམ་མཁའ་ལྟ་བུ་སྟེ་བརྗོད་ཀྱིས་མི་ ལང་ངོ༌།། སངས་རྒྱས་དང་བྱང་ཆུ བ་སེམས་དཔའ་རྣམས་པས་ཀྱང་རྒྱ་ཆེ་བར་རང་ཅག་ཀྱང་སེམས་ བསྐྱེད།༢ བྱང་ཆུབ་ཀྱི་སེམས་དེ་ལ་བརྟེན་ནས་དང་པོར་སྐྱེ།ཏཾ བར་དུ་གནས། ཐ་མར་སངས་རྒྱས་ སྐྱོ་བར་མི་བྱ། འདི་སྡུག་གི་མགོ་འཐུད། སྐྱིད་ཀྱི་ཁ་བསྣོན། འཇིགས་པའི་སྐྱེལ་མ། ནད་དང་གདོན་ གྱི་གཉེན་པོ། ཉོན་མོངས་པ་འབུར་འཇོམས་པ་ཡིན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་ རྣམས་ཀྱི་རྗེས་སུ་བསླབ་པའི་ཕྱིར། རང་ཐ་མལ་བའི་སྙིང་ཁར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ དུ་མཾ་དཀར་པོ་གཅིག་བསམ། དེ་ལས་འོད་ཟེར་ཟང་ཟིང་འཕྲོས་ཏེ་སོང་བས་ནམ་མཁའི་མཐས་ཁྱབ་ པའི་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་གྱི་ལས་དང་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང༌། ང་རྒྱལ་ཕྲག་དོག་སེར་སྣ་ལ་སོགས་པ་དྲུག་རྩ་བའི་ཉོན་མོངས་པ། ཉི་ ཤུ་ཉེ་བའི་ཉོན་མོངས་པ། དེ་རྣམས་ཀྱིས་ཀུན་ནས་བསླངས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་ དགེ་བ་བཅུ། མཚམས་མེད་ལྔ། དེ་དང་ཉེ་བ་ལྔ། རྩ་བའི་ལྟུང་བ། དཀོན་མཆོག་ལ་མ་གུས་པ། དམ་ པའི་ཆོས་སྤོང་བ། འཕགས་པ་ལ་སྐུ ར་བ་བཏབ་པ་ལ་སོགས་པའི་རྒྱུ་དེ་ལས་མཐོ་རིས་ཐར་པའི་ གེགས་བྱེད་པ། འཁོར་བ་ངན་སོང་གི་སྡུག་བསྔལ་ཉམས་སུ་བླངས་དགོས་པ་ཐམས་ཅད་རང་གི་ལུས་ ལ་སིབ་སིབ་བྱུང་ནས་སེམས་ཅན་གྱི་རྒྱུད་ལ་སྒྲིབ་པ་མེད་པར་གཙང་སིང་གིས་སོང་ནས་ད་སྡིག་པ་དེ་ དག་བཤགས་པར་བྱའོ་སྙམ་དུ་བསམ་ནས། ཡང་འོད་ཟེར་སྐྱར་མ་གཅིག་འཕྲོས་ཏེ་སོང་ནས་སེམས་ ཅན་ཐམས་ཅད་ལ་ཕོག་པས་འབྲས་བུ་འཁོར་བའི་སྡུག་བསྔལ་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་ སྐོམ། དུད་འགྲོ་གླེན་ལྐུག་ལ་སོགས་པ། ལྷ་མ་ཡིན་ལ་འཐབ་རྩོད། ལྷ་ལ་འཆི་འཕོ་བ་དང་ལྟུང་བ། མི་ལ་སྡུག་བསྔལ་བརྒྱད་དང་བཅུ་གཅིག་ལ་སོགས་པ་ལུས་ངག་ཡིད་གསུམ་ལ་གནོད་པའི་མི་བདེ་བ་ ཐམས་ཅད་ལ་འོད་ཟེར་གྱི་ཕོག་པ་ཙམ་གྱིས་སེམས་ཅན་རྣམས་ཀྱི་ལུས་སེམས་བདེ་སང་སོང་བར་ བསམ། འོད་ཟེར་རང་གི་ལུས་ལ་ཐིམ་པས་སྡུག་བསྔལ་དེ་དག་རང་གི་ལུས་ལ་སེབ་ཀྱིས་བྱུང་ནས་བ་ སྤུའི་བུ་ག་རེ་རེ་ཡང་མནར་མེད་པ་ལ་སོགས་པའི་རིགས་དྲུག་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པར་ གནས་པར་བསམ། སེམས་ཅན་སྡུག་བསྔལ་དང་བྲལ་ན་བདག་གི་འཁུར་དུ་ཡོད་པ་དོན་ཆེ་སྙམ་དུ་ བསམ། སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་གཉའོ་འམ། གཏའ་མར་ཡིད་ཆེས་པ་ཡིན་པས་བདག་ གཏེ་བར་བཅུག་ལ་སེམས་ཅན་བླུས། བདག་གིས་སྡུག་བསྔལ་ཐམས་ཅད་ཉམས་སུ་བླངས་ལ་སེམས་ ཅན་ཐམས་ཅད་བདེ་བ་ལ་འགོད་དོ་སྙམ་དུ་བསམ། ཡང་འོད་ཟེར་སྐྱར་མ་གཅིག་འཕྲོས་ནས་སོང་བས་རང་གི་བླ་མ་བརྒྱུ ད་པ་དང་བཅས་པ་ དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཡི་དམ་གྱི་ལྷ་དང་། ཉན་རང་རྣམས་ཀྱི་རྒྱུད་ལ་ཕོག་ པས། དེ་དག་གི་ཐུགས་དམ་གྱི་བར་ཆད་དང་། སྐུ་ཆགས་དང༌། ཐུགས་དགོངས་མ་རྫོགས་པ་དང་། རྣམ་པར་ཐར་པ་མཐར་མ་ཕྱིན་པ་ལ་སོགས་པ་ཐམས་ཅད་འོད་ཟེར་གྱི་སྣ་ལ་སིབ་སིབ་འདུ ས་ནས་ རང་གི་ལུས་ལ་སིབ་ཀྱིས་བྱུང་བར་བསམ། དེ་བདག་གིས་ཁུར་འཁུར་དུ་ཡོད་པ་བསོད་ནམས་ཆེ་སྙམ་ དུ་བསམ། དུས་རྟག་ཏུ་ནམ་མཁའ་ལྟ་བུའི་ངང་ལས་མ་གཡོས་པར་བྱ། རྟག་ཏུ་བླ་མ་ཡིད་ལ་བྱེད་པ་ དང་མ་བྲལ་བར་བྱ། དེ་དག་ལ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་མཆོད་པར་འབུལ། སེམས་ཅན་ ཐམས་ཅད་ཀྱི་ལན་ཆགས་དང༌། ཤ་འཁོན་ཡོད་པའི་བགེགས་རྣམས་ལ་དེ་དག་གི་གླུད་དུ་གྲངས་མང་ པོར་རོ་ཞིམ་པ་གཟུགས་བཟང་བར་སྤྲུལ་སྟེ། དེ་བཞིན་དུ་ཤ་ཁྲག་རུས་པ་དོན་སྙིང་། ཡན་ལག་དང་ ཉིང་ལག་དཔག་ཏུ་མེད་པར་སྤྲུལ་ལ་གང་འདོད་འདོད་ལ་བློས་བྱིན། རིངས་ན་བརྗེན་པར། མི་རིངས་ ན་ཚོས་ལ་ཟོ་བྱ། ཟོས་པ་ཐམས་ཅད་ཉོན་མོངས་པའི་སྲེད་པ་ཞི་ནས་བདེ་བ་རྒྱས་ཏེ། བདག་གི་གདུལ་ བྱར་གྱུར་པར་སྨོན་ལམ་བཏབ། ལ་ལ་ད་རེས་བཏང་བའི་དུས་མིན་ཟེར་ཏེ། མི་གཙང་བའི་ལུས་བསྲུང་བ་འདི་གཅེར་བུ་ཚེར་ མ་འཁུར་བ་དང་འདྲ་སྟེ་སློད་ན་བདེ་གསུངས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དཔག་ཏུ་ མེད་པ་བསགས་པས་བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་བླ་མའི་བྱིན་རླབས་ཀྱིས་ཚོགས་ གཉིས་དཔག་ཏུ་མེད་པ་འཕེལ་ནས་འཕགས་པ་ཐམས་ཅད་ཀྱི་ཐུགས་དགོངས་རྫོགས་པར་གྱུར་ཅིག་ སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་ནས་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུ ར་ཅིག་ ཅེས་བརྗོད། སྙིང་པོ་དང་དྲག་ལས་བྱེད་པའི་དུས་སུ་ཡང་རང་ཡི་དམ་ལྷར་བསྐྱེད་ལ། སྡིག་པའི་རྫུ་ འཕྲུ ལ་སྣ་ཚོགས་ཀྱིས་ལུ ས་ཐམས་ཅད་ཐལ་བརྡུ ལ་དུ ་བརླག་ནས་སེམས་ཅན་རྣམས་ཐམས་ཅད་ མཁྱེན་པའི་ཡེ་ཤེས་ལ་འགོད་པར་བསམ། ཡང་རང་ལ་ནད་གཅོང་དང་ཆོ་འཕྲུལ་བྱུང་བའི་དུས་སུ་ཉམ་ང་བ་ཐམས་ཅད་བྲལ་བ་སྐྱེ་བ་ མེད་པར་ཐག་བཅད་ནས་སྣང་བ་ཐམས་ཅད་གཟུགས་བརྙན་དུ་ཤེས་པར་བྱས་ནས་བྱམས་པའི་ཏིང་ ངེ་འཛིན་ལ་མཉམ་པར་བཞག་གསུངས། རང་གི་རྒྱུད་ལ་ཉོན་མོངས་པ་སྐྱེས་ན་དེའི་རང་བཞིན་སྐྱེ་མེད་ དུ་ཤེས་པར་བྱས་ལ། ཉན་མོངས་པ་ཡེ་ཤེས་སུ་བསྒྱུར། རྐྱེན་ངན་དང་མི་མཐུན་པའི་ཕྱོགས་ཅི་བྱུང་ཡང་ ཚོགས་གཉིས་རྫོགས་པའི་ཐབས་སུ་བློ་སྦྱོང་། དེ་ནས་ཟས་གོས་གནས་ཁང་ཐམས་ཅད་ལ་བྱང་ཆུབ་ སེམས་ཀྱི་གྲོགས་སུ་ལོངས་སྤྱོད། སེམས་ཅན་གང་གིས་བདག་མཐོང་བ་དང་། ཐོས་པ། དྲན་པ། གཏམ་ དུ་བརྗོད་པ་ཐམས་ཅད་ཀྱི་སྒྲིབ་པ་གསུམ་ཟད་ནས་སྐུ་གསུམ་ཐོབ་པའི་རྒྱུ་ལ་འབད་པར་བྱའོ། །འགལ་ རྐྱེན་ཐམས་ཅད་ཡང་དག་པའི་ལམ་དུ་བླངས་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད། དུས་གསུམ་གྱི་ སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགོངས་པ་དང༌། འཕྲིན་ལས་དང་ སྨོན་ལམ་དང་རླབས་པོ་ཆེའི་སྤྱོད་པ་བདག་གིས་རྫོགས་པར་བྱ་སྙམ་དུ་བསམ་མོ།། མི་བསྒུལ་བའི་སེམས་ནི། ཉ་པ། ཞིང་པ། ཚོང་པ་སོགས་ཀྱིས་ཚ་གྲང་གནོད་པ་བཟོད་ན་ བདག་ལྟས་འགྲོ་བ་བདེ་ཕྱིར་ཅིས་མི་བཟོད་སྙམ་པས་སེམས་ཅན་གྱི་དོན་བྱེད་པ་ལ་སྡིག་པ་ཉོན་ མོངས་པ། ཚེ་འདིའི་རྟོག་པ། ཐེག་པ་དམན་པ། དངོས་པོར་འཛིན་པ་ཐམས་ཅད་ཀྱིས་མི་བསྒུལ་མི་ བསྐྱོད་པར་ཐམས་ཅད་མཁྱེན་པ་བསྒྲུབ་པ་གཅིག་དགོས། རྡོ་རྗེ་ལྟ་བུའི་སེམས་ནི་ད་ནས་སངས་རྒྱས་མ་ཐོབ་བར་དུ་རྣམ་པར་རྟོག་པ་གང་གིས་ཀྱང་ བར་དུ་མ་ཆོད་པར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན། དེ་ཡང་ཐབས་ཤེས་རབ་དབྱེར་མེད་ཡིན་ཏེ། གཅིག་བསྒོམ་ཙ་ན་གཉིས་རང་ཆས་སུ་འོང་བས་ཟུང་འཇུག་ཏུ་བསྒོམ།. སངས་རྒྱས་ཙ་ན་ཡོན་ཏན་ཞིང་ ཁམས་རྒྱ་ཆེ་ཆུང་ད་ལྟའི་མཐུ་སྟོབས་དང་སྨོན་ལམ་གྱི་ཁྱད་པར་ལས་བྱུང་བས། ད་ལྟ་བྱམས་པས་ཁྱབ་ ཚད་མ་འོངས་པ་ན་གདུལ་བྱར་གྱུར་པས། དེ་ཡང་སྒྱུ་མའི་སྐྱེས་བུའི་སེམས་བསྐྱེད། བཀའ་བ་སྤྱད། ལམ་ལ་བསླབ་པས་ནམ་མཁའི་ངང་དུ ་སངས་རྒྱས་ནས་སྤྲུལ་པས་སེམས་ཅན་འཁོར་བ་ལས་གྲོལ་ བར་བྱས་པ་ཙམ་དུ་བསླབ། དེ་ཡང་ནམ་མཁས་ནམ་མཁའ་ཡུལ་དུ་བྱས་པ་ཙམ་མོ། །དེ་ལྟར་ནམ་ མཁའ་ལྟ་བུའི་ངང་དུ་ཐག་བཅད་ནས་སྒྱུ་མའི་རྣམ་པར་འཕྲུལ་པར་ཤེས་ནས་འགག་མེད་ཀྱི་རྩལ་བྱང་ ཆུབ་ཀྱི་སེམས་རླབས་པོ་ཆེ་སྦྱངས། ཚོགས་གཉིས་སྒྱུ་མ་ལྟ་བུར་བསོག་པ་དེ་ཟུང་འཇུག་གོ །དོན་ནང་ དུ་ཤར་བས་འཁོར་བར་མི་སྐྱོ། མྱ་ངན་ལས་འདས་པ་ལ་མི་རིང་བ་གཅིག་ཡོང་བ་ཡིན་གསུངས། དེ་ཙ་ན་རེ་དོགས་དང་བྲལ། ཆོས་སྐུ་རྟོགས་པས་མནར་མེད་དུ་ཕྱིན་ཀྱང་བདེ་བ་ཅན་དུ་ འཆར། འཁོར་འདས་གཉིས་མེད་དུ་རྟོགས་པས་བླང་དོར་གྱི་བློ་དང་བྲལ། སངས་རྒྱས་དང་སེམས་ ཅན་དབྱེར་མེད་དུ་རྟོགས་པས་བཟང་ངན་གྱི་འཛིན་པ་ཞིག ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ པས་མཐོ་དམན་དུ་འཛིན་པའི་ཕྱོགས་ཆ་དང་བྲལ། མ་ཕྱིན་པར་ཀླུ་སྒྲུབ་ཀྱི་དགོངས་པའི་སྟེང་དུ་སླེབ། དེ་ལྟ་བུའི་ཆོས་ལ་སློབ་པར་འདོད་པས་སྦྱོར་བ་ཚོགས་བསག བསམ་པས་བློ་སྦྱང་། མོས་པས་ཡུལ་ དུ་བྱ། ཞེན་པས་འཇུག འབྲེལ་བས་མི་བསླུ། ཁད་ནས་རྟོགས་པར་འགྱུར་རོ། །དེ་ནས་ཚེ་རབས་ ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མ་བརྗེད་པའི་ཕྱིར་ནག་པོའི་ཆོས་བཞི་སྤང་ཞིང་། དཀར་པོའི་ཆོས་ བཞི་སྒྲུབ་པ་ལ་བསླབ། རྟག་ཏུ་སེམས་ཅན་མི་སྤོང་བའི་ཕྱིར་བློ་སྦྱོང༌། སྤོང་བའི་རྒྱུ་བཞི་སྤངས་པ་ལ་ བསླབ། རྒྱུ་བཞི་ནི་སེམས་ཅན་མང་པོ་འདི་ཙམ་གྱི་དོན་བྱེད་མི་ནུས་སྙམ་ན། ཇི་ལྟར་མང་བ་ལྟར་བྱང་ ཆུབ་ཀྱི་སེམས་རྒྱ་ཆེར་འཕེལ་ལོ།། བྱེད་ངན་པ་སྤངས་པ་ནི། ལུས་ཀྱི་གྲོགས་སུ་མ་བཏུབ་ཀྱང་དུས་བརྟན་དུ་བྱས་ལ་བློ་བསྡུ། འཁོར་བའི་ཡུལ་མཐོང་པས་སྤངས་པ་ནི། སྡུག་བསྔལ་མང་ཞིང་མང་བ་ལྟར། དེ་རྣམས་བསྒྲལ་ཞིང་ འདོན་པར་བྱེད་དགོས་སོ། །སྟོང་པ་ཉིད་མཐོང་བས་སྤངས་པ་ནི། ཇི་ལྟར་སྟོང་པ་ཡིན་པ་དེ་བཞིན་མ་ རྟོགས་པར་དངོས་པོར་འཛིན་ན་སྡུག་བསྔལ་ཉམས་སུ་མྱོང་བས་དེ་སྙིང་རྗེ་སྙམ་ནས་སྤང་པའི་རྒྱུ་བཞི་ སྤངས་ཏེ། སེམས་ཅན་ལ་སྙིང་རྗེ་ཇེ་ཆེ་ཇེ་ཆེ་ལ་བཏང༌། དེ་ལྟར་ཐམས་ཅད་ལ་སྙོམས་པའི་བྱང་ཆུབ་ ཀྱི་སེམས་བསྐྱེད་ཙ་ན། བྱང་ཆུ བ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་ བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་ མིར་བཅས་པའི་ཕྱག་བྱས་འགྱུར།" །ཞེས་སོ།། བྱང་ཆུབ་སེམས་དཔའ་དེ་འདོད་པ་ཆུང་ཞིང་ཆོག་ཤེས་པར་བྱས་པ་ལ་བསླབ། དྲན་པ་དང་ ཤེས་བཞིན་དུ་སྲུང་བ་འཕགས་པ་ཀཏྱ་ཡ་ན་བཞིན་དུ་བསླབ། དེ་ལྟར་སྒྱུ་མ་ལྟ་བུར་སྤྱོད་པའི་གང་ཟག་ དེས་རློམ་པ་མེད་པས་གཟུགས་བརྙན་གྱི་སྐྱེ་བོ་ལྟ་བུ། ལན་ལ་མི་རེ་བ་རང་གི་ལག་པས་ཁ་ལ་ཟན་བྱིན་ པ་ལྟ་བུ། རྣམ་སྨིན་ལ་མི་རེ་བ་སྒྱུ་མའི་སྐྱེས་བུ་ལྟ་བུ། ལུས་ལོངས་སྤྱོད་དགེ་བའི་རྩ་བས་སྡུད་པ་ལྟོས་ པ་མེད་པར་བཏང་བས་སངས་རྒྱས་ལྟ་བུ་དགོས་སྐད། དེ་ཡང་བསམ་པ་དག་པས་ཐོང་ངེས་སུ་བྱ།། དངོས་སུ་བཏང་བའི་དུས་མིན།" མ་འོངས་པ་ན་རྩོལ་པ་མེད་པར་ལྷུན་གྲུབ་ཏུ་བྱང་ཆུབ་སེམས་དཔའི་ རྟེན་ལ་སངས་རྒྱས་ཀྱི་མཛད་པ་གཅིག་འོང་། སངས་རྒྱས་ནས་རང་དོན་དུ་ཆོས་སྐུ་བརྙེས་ནས་གཞན་ དོན་དུ་གཟུགས་སྐུ་གཉིས་ཀྱིས་ཞིང་ཁམས་དག་མ་དག་འདྲེས་མ་གསུམ་གྱི་དོན་འཁོར་བ་མ་སྟོང་བར་ དུ་འབྱུང་གསུངས། ཨོཾཐི གསང་སྦས་སོ།། ཇོ་བོ། དཔལ་ལྡན་དགོན་པ་ལ། རིན་ཆེན་སྣ་བུར་པ། གྱེར་སྒོམ་སངས་རྒྱས་དཔོན། ཟང་ དགོན་པ། མཁན་པོ་ཆོས་ལྡན། སློབ་དཔོན་ཤཱཀྱ་བཀྲ་ཤིས། རྒྱ་མ་པ་བཀྲ་ཤིས་རྒྱལ་མཚན།

རཏྣ་ལ། ཀཱི རྟི་ཤཱི་ལ་ལ། ཛ་ཡབྷ་དྲ་ལ། པུ ཎེར་ཏྰ་ལ། མི་ཕམ་ཆོས་ཀྱི་རྗེ་ལ་གནང་།།