Property:TmlnDescriptionTib
From Bodhicitta
This is a property of type Text.
B
ནང་པ་སངས་རྒྱས་པའི་མདོ་དང་སྐྱེས་རབས་ལྟར་ན། སྟོན་པ་ཤཱཀྱ་ཐུབ་པས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་མདུན་དུ་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཡོད། +
རྒྱལ་ཚབ་བྱམས་པ་མགོན་པོས་ "སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །" ཞེས་པའི་བྱང་ཆུབ་སེམས་ཀྱི་མཚན་ཉིད་བསྟན་པའི་གཞུང་མངོན་པར་རྟོགས་པའི་རྒྱན་དང་། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་མཛད་ནས་ཀུན་རྫོབ་སེམས་བསྐྱེད་དང་། ཐེག་པ་ཆེན་པོ་རྒྱུད་བླ་མ་མཛད་ནས་དོན་དམ་སེམས་བསྐྱེད་དར་སྤེལ་བྱུང་། +
རི་ཅརཌ་ ཤེར་བརན་གྱིས་བྱང་ཆུབ་ལམ་གྱི་སྒྲོན་མ་དབྱིན་སྐད་དུ་བསྒྱུར་ཞིང་། དེའི་རྗེས་སུ་འགྱུར་གཞན་རྣམས་བྱུང་། +
པ་ར་མ་ནནྡ་ ཤར་མ་ནས་སློབ་དཔོན་པདྨའི་ངང་ཚུལ་གྱིས་མཛད་པའི་བསྒོམ་པའི་རིམ་པ་དབྱིན་སྐད་དུ་འགྱུར། +
པདྨ་ཀ་ར་སྐད་འགྱུར་སྡེ་ཚན་ནས་ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དབྱིན་འགྱུར་གྲགས་ཆེ་ཤོས་དང་གསར་ཤོས་དེ་མཛད། +
ཅལ་སི་ གུཊ་མན་གྱིས་བསླབ་པ་ཀུན་ལས་བཏུས་པའི་དབྱིན་འགྱུར་གསར་པ་དེ་མཛད། +
ཨར་ཏེ་མུས་ བི་ ཨིན་གལ་ནས་བྱང་ཆུབ་སེམས་དཔའི་སའི་གཞུང་ཡོངས་རྫོགས་ཀྱི་དབྱིན་འགྱུར་མཛད། +
ཙཱ་འདྲ་ཚོགས་པ་ནས་ལོ་མང་གི་རིང་བསྡུ་སྒྲིག་གནང་བའི་རྗེས་སུ་ བྱང་ཆུབ་སེམས་ཀྱི་ཆོས་མཛོད་དྲྭ་རྒྱ་དེ་སྒོ་འབྱེད་གནང་། +
ཙཱ་འདྲ་ཚོགས་པ་ནས་བལ་ཡུལ་དུ་རིས་མེད་ཆོས་ལུགས་ཁག་གི་མཁས་དབང་རྣམས་གདན་འདྲེན་ཞུས་ནས་བྱང་ཆུབ་སེམས་ཀྱི་ཆོས་འཁོར་བགྲོ་གླེང་འགོ་སྒྲིག་དང་། བོད་དང་ཧི་མ་ལ་རིག་པའི་ཚོགས་ཆེན་གྱི་ཚོགས་འདུའི་སྐབས་སུ་བྱང་ཆུབ་སེམས་ཀྱི་ཚོགས་ཚན་འགོ་སྒྲིག་ཞུས། +
སློབ་དཔོན་ཐོགས་མེད་ཀྱི་ས་སྡེ་ལྔ་མཛད་ཅིང་རྣལ་འབྱོར་སྤྱོད་པའི་སའི་ནང་དུ་བྱང་ཆུབ་སེམས་དཔའི་ས་ལ་བྱང་ཆུབ་སེམས་ཀྱི་རྣམ་གཞག་མཛད། +
བྱང་ཆུབ་སེམས་དང་སྙིང་རྗེ་བསྟན་པའི་གསུང་རབ་དཔང་སྐོང་ཕྱག་བརྒྱ་པ་དང་མདོ་སྡེ་ཟ་མ་ཏོག་བཀོད་པ་གཉིས་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་བོད་ལ་སླེབས་ཡོད་པར་འདོད། +
ལོ་ཙཱ་བ་དྷརྨ་ཀྵེ་མ་ཡིས་བྱང་ཆུབ་སེམས་དཔའི་ས་རྒྱ་ནག་གི་སྐད་དུ་ཐོག་མར་འགྱུར་ཞིང་། དེའི་རྗེས་སུ་ཡོན་ཏན་བཟང་པོས་དུས་རབས་ ༥ ་པའི་དཀྱིལ་ཙམ་དང་། ཐང་སེང་ནས་ ༦༤༨ ་ལ་འགྱུར་གསར་དུ་མཛད། +
སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་མ་སྙིང་པོ་མཛད་དེ། སངས་རྒྱས་ས་བོན་བྱང་ཆུབ་སེམས། །ཞེས་གསུངས། +
སློབ་དཔོན་ཟླ་བ་གྲགས་པས་སེམས་བསྐྱེད་བཅུ་ཡི་བདག་ཉིད་གཞུང་དབུ་མ་ལ་འཇུག་པ་མཛད། +
སློབ་དཔོན་ཙནྡྲ་གོ་མིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་མཛད། +
རྒྱལ་སྲས་ཞི་བ་ལྷས་ཡོངས་སུ་གྲགས་པའི་གཞུང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། བསླབ་པ་ཀུན་ལས་བཏུས་པ་མཛད། +
སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་པདྨ་འབྱུང་གནས་ལ་སོགས་པས་བྱང་ཆུབ་སེམས་སྒོམ་པ་རྡོ་ལ་གསེར་ཞུན་དང་མན་ངག་ལྟ་བའི་ཕྲེང་བ་ལ་སོགས་པ་དོན་དམ་སེམས་བསྐྱེད་གཙོ་བོར་སྟོན་པའི་གཞུང་མཛད། +
སློབ་དཔོན་ཀ་མ་ལ་ཤཱི་ལས་སྒོམ་རིམ་ཐོག་མཐའ་བར་གསུམ་མཛད། +
འཕགས་པ་གནས་བརྟན་སྡེ་པའི་གསུང་རབས་ལྟར་ན། སངས་རྒྱས་འོད་སྲུང་གི་དུས་སུ་ སྟོན་པ་ཤཱཀྱ་ཐུབ་པས་བྲམ་ཟེ་འོད་སྲུང་གི་སྐྱེ་བ་བཞེས་སྟེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་འདོད། +
ལོ་ཙཱ་བ་ཀ་བ་དཔལ་བརྩེགས་དང་ཡེ་ཤེས་སྡེ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་སྟོན་པའི་ཐེག་པ་ཆེན་པོའི་མདོ་རྒྱུད་དང་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། བསླབ་པ་ཀུན་ལས་བཏུས་པ། བྱང་ཆུབ་སེམས་དཔའི་ས། ཐེག་པ་ཆེན་པོ་མདོ་སྡེ་རྒྱན། སྒོམ་པའི་རིམ་པ་ལ་སོགས་པ་མང་དུ་འགྱུར་ནས་སྔ་འགྱུར་རྙིང་མའི་བསྟན་པ་དར་རྒྱས་མཛད། +