མཁན་པོ་ལྷ་སྐྱབས། དགེ་རྒན་ལྷ་སྐྱབས་མཆོག་ནི་མདོ་སྨད་འཛམ་ཐང་ནས་སྐྱེས་པ་ཡིན་ལ། ཆུང་དུས་ནས་ཆོས་རྗེ་བླ་མ་ཡོན་ཏན་བཟང་པོ་མཆོག་གི་དྲུང་ནས་རབ་ཏུ་བྱུང་ནས་འཛམ་ཐང་ཇོ་ནང་དགོན་ཆེན་དུ་ཞུགས། དེར་ཁུ་བོ་སོགས་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་རིག་གནས་ཆུང་བ་དག་ལ་བསླབས་པ་དང་། ལོ་ངོ་དྲུག་གི་རིང་དུས་འཁོར་སྦྱོར་དྲུག་ཉམས་ལེན་བྱས་རྗེས་མཚན་ཉིད་སྐོར་ལ་སློབ་སྦྱོང་བྱས། ཕྱི་ལོ་༢༠༠༥་ ལོར་ཕུ་བོ་སོགས་དང་མཉམ་དུ་ཧི་མ་ལ་ཡི་རི་རྒྱུད་ལྡོག་པས་གནན་ནས་རྒྱ་གར་འཕགས་ཡུལ་དུ་སླེབ་ནས་༧གོང་ས་ཐམས་ཆད་མཁྱེན་པ་མཆོག་གི་གསེར་ཞལ་དངོས་སུ་མཇལ་རྒྱུའི་བསྐལ་བཟང་ཤར་བ་མ་ཟད་ཇོ་ནང་རང་ལུགས་གསལ་བའི་གཞུང་ཆེན་སྐོར་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པ་དང་། དཔལ་ལྡན་འབྲས་དཀར་སྤུངས་བ་ནས་རྒན་ཐུབ་བསྟན་ཡར་འཕེལ་སོགས་ཀྱི་དྲུང་ནས་གཞུང་ཆེན་བཀའ་བོད་ལྔ་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པ་མ་ཟད། ཇོ་ནང་དུས་འཁོར་གྲྭ་ཚང་དུ་དགེ་རྒན་ཆེན་མོའི་ལས་འགན་དང་། སྨོན་ལམ་ཚིག་མཛོད་ཁང་གི་རྩོམ་བསྡུ་ལས་མིའི་ཕྱག་ལས་གནང་ཡོད་ལ་དེ་མིན་ཨ་རི་དང་ཨུ་རུ་སུའི་ཚན་རིག་པ་མཉམ་འབྲེལ་གྱི་རྣམ་ཤེས་ཉམས་ཞིབ་ཀྱི་ལས་མི་དང་། རང་གཞུང་ཆོས་རིག་ལས་ཁུངས་ཀྱིས་འདེམས་པའི་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སློབ་མ་སོགས་སློབ་སྦྱོང་གི་སྣ་ཚོགས་ཀྱི་ལམ་བུར་ཞུགས་མུས་ཡིན། (Source Accessed Jan 9, 2026)